ལོ་སར་སྐབས་སུ། ཀྲུང་དབྱང་བརྙན་འཕྲིན་ཁང་གིས་རྒྱལ་ནང་གི་ས་གནས་སོ་སོའི་གསར་འགོད་པའི་ས་ཚིགས་རྣམས་ཕྱོགས་གཅིག་ཏུ་བསྡུས་ནས་ཐད་གཏོང་ལེ་ཚན་གྱི་བརྡ་རྟགས་གསར་འགྱུར་འཕྲིན་ལམ་དུ་དྲངས་ནས་རྒྱལ་ཡོངས་ས་གནས་སོ་སོའི་ཁྱད་ཆོས་ལྡན་པའི་མཚོན་རྟགས་རང་བཞིན་གྱི་བཟོ་བཀོད་དང་།
ཟླ1པོའི་ཚེས23ཉིན་ནི་དཔྱིད་གསར་དུས་ཆེན་གྱི་ཚེས་གཅིག་ཡིན་ལ་གཙང་གི་སོ་ནམ་ལོ་གསར་གྱི་གནམ་གང་ཡང་ཡིན་པས་གཞིས་རྩེ་གྲོང་ཁྱེར་གྱི་བྱིས་པའི་ཕན་བདེ་ཁང་དུ་བསྐྱོད་སྐབས་གང་སར་ལྒང་བཞུ་བསྒར་བ་དང་མཛེས་རྒྱན་རབ་ཏུ་སྤྲས་པས་ལོ་གསར་པའི་རྣམ་པས་ཁེངས། ཡོན་ཀྲང་མིག་དམར་ཚེ་རིང་གིས་ཕྲུ་གུ་ཚོར་དགའ་སྤྲོ་འཁོལ་བའི་ལོ་གསར་ཞིག་གཏོང་དུ་འཇུག་ཆེད་ཕན་བདེ་ཁང་གིས་ཟས་རིགས་འདྲ་མིན་སྣ་ཚོགས་ཉོས་ཡོད་ལ་ད་དུང་བྱིས་པ་ཚང་མ་སྒྲིག་འཛུགས་བྱས་ནས་རང་རྩོམ་རང་འཁྲབ་ཀྱི་ལེ་ཚན་ཡང་ཡོད་པས་ཕྲུ་གུ་ཚོར་དགའ་དགའ་སྤྲོ་སྤྲོའི་ངང་ལོ་གསར་གཏོང་རྒྱུ་བྱུང་ཡོད་ཅེས་ངོ་སྤྲོད་བྱས་བྱུང་།
ཟླ1པོའི་ཚེས24ཉིན་ཏེ་ལུགས་རྙིང་གི་རྒྱ་ལོའི་ཚེས་གཉིས་ཉིན། མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་མི་དམངས་སྤྱི་གླིང་དུ་འཁྱགས་བཟོས་སྒྲོན་མེའི་སྒྱུ་རྩལ་སྤྲོ་འཆམ་བྱ་འགུལ་སྤེལ་བ་དང་། དེ་གའི་མང་ཚོགས་རྣམས་སྤྱི་གླིང་དུ་ཡོང་ནས་འཁྱགས་བཟོས་སྒྲོན་མེའི་མཛེས་ཉམས་དང་ཐུན་མོང་མ་ཡིན་པའི་འཁྱགས་བཟོས་སྒྱུ་རྩལ་ལ་རོལ་མྱོང་བྱས་ཏེ་དུས་སྟོན་རོལ།
གནམ་ལོ་གསར་བ་ཐོན་ལ་ཉེ་སྐབས། ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་སེམས་ཀྱི་ཉི་ཟླ་རྫོང་ནེ་ཞི་ཤང་གིས་འཚམས་འདྲི་ཚན་ཆུང་རྩ་འཛུགས་བྱས་ཏེ། ཤང་ཡོངས་སུ“དམངས་ལ་དྲོད་འཁོལ་སྐྱེལ་བའི”བྱ་འགུལ་སྤེལ།
གནམ་ལོ་གསར་བ་ཐོན་ལ་ཉེ་བའི་སྐབས་སུ། ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་འབྲུག་ཆུ་རྫོང་གི་སྲང་ལམ་དུ་མི་ཚོགས་ཀྱིས་ཁེངས་འདུག་ལ་། འབྲོག་པ་མང་ཚོགས་ཀྱིས་ལོ་སར་གྱི་དངོས་ཟོག་ཉོ་ཚོང་སྣ་ཚོགས་བྱེད་བཞིན་པ་དང་། དགའ་དགའ་སྤྲོ་སྤྲོ་ངང་གནམ་ལོ་གསར་བ་བསུ་མ་བྱེད་བཞིན་ཡོད།
སྤྱི་ཚེས17ཉིན་གསར་འགོད་པས་བོད་ལྗོངས་རྟེན་རྫས་བཤམས་མཛོད་ཁང་ནས་ཤེས་རྟོགས་བྱུང་བ་ལྟར་ན། སྤྱི་ལོ2011ལོའི་ཟླ11པའི་ཚེས31ཉིན་བར་དུ་བོད་ལྗོངས་རྟེན་རྫས་བཤམས་མཛོད་ཁང་གིས་རྒྱལ་ཁབ་ཕྱི་ནང་གི་ལྟད་མོ་པ་ཁྲི205572ལ་སྣེ་ལེན་བྱས་པ་དང་། དེ་ནང་དུ་ཕྱི་རྒྱལ་གྱི་ལྟད་མོ་པ22583ཡོད་པ་རེད།
གནམ་ལོ་གསར་བ་ཐོན་ལ་ཉེ་བའི་སྐབས་སུ་ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་འབའ་ལུང་རྫོང་གི་ས་གནས་སོ་སོའི་ཏང་ཨུ་དང་། སྲིད་གཞུང་གིས“དམངས་ལ་དྲོད་སྐྱིད་སྐྱེལ་བའི”བྱ་འགུལ་སྤེལ་ཏེ་ཏང་ཨུ་སྲིད་གཞུང་གིས་དྲོད་སྐྱིད་དང་ཐུགས་ཁུར་ཁུལ་ཡོངས་ཀྱི་རིགས་སོ་སོའི་མང་ཚོགས་ཁྲོད་དུ་བསྐྱལ། །
ཏ་པེ་ཧྲན་རི་རྒྱུད་ཀྱི་སྤྱི་ལེ3ཙམ་གྱི་རི་གཤམ་དུ་ཡོད་པའི་ཝུའུ་ཝེ་རྫོང་ཁུན་ཧྲན་ཤང་ལིའུ་ཁྲུང་སློབ་ཆུང་དུ་ད་ལྟ་སློབ་མ51ཡོད་པ་དེ་དག་ལ་སྤྱིར་ན་སློབ་གསེང་སློབ་དེབ་མེད། 2011ལོ་ཤར་ཚུན་ལིའུ་ཁྲུང་སློབ་ཆུང་དུ་དགེ་སྒྲུབ་མི་སྣས་ཞལ་འདེབས་བརྒྱབ་པའི་དཔེ་དེབ་གཅིག་རྗེས་གཉིས་མཐུད་ངང་འབྱོར་བ་དང་ཆབས་ཅིག་ཕྲུ་གུ་ཚོར་ཡང་རང་ཉིད་ཀྱིས་དགའ་པོ་བྱེད་པའི་དཔེ་དེབ་ལྟ་ཀློག་བྱ་རྒྱུ་བྱུང་། ལིའུ་ཁྲུང་སློབ་ཆུང་གི་དགེ་རྒན་ཞིག་གིས་སློབ་གསེང་དཔེ་དེབ་ལྟ་ཀློག་བྱ་རྒྱུ་ནི་རི་ཁུལ་གྱི་ཕྲུ་གུ་ཚོའི་མཐོང་རྒྱ་དང་ཤེས་རྒྱ་ཆེ་རུ་གཏོང་བའི་བྱེད་ཐབས་གལ་ཆེན་ཞིག་རེད།
འབྲུག་ལོའི་དཔྱིད་གསར་དུས་ཆེན་འཆར་ཉེའི་སྐབས་ཨ་རིའི་ཉིའུ་གཡོད་ཀྱི་ཀྲུང་གོའི་གྲོང་དུ་ལོ་གསར་གྱི་རྣམ་པས་ཁེངས་པ་དང་ལོ་གསར་དགའ་གཏོང་བྱེད་པའི་མཛེས་རྒྱན་དང་ཚོང་ཟོག་བལྟ་བས་མི་ངོམ་པར་ས་གནས་དེ་གའི་ཀྲུང་གོ་བ་དང་ཨ་རི་བ་མི་ཉུང་བ་ཞིག་གི་ཡིད་དབང་འཕྲོགཉིའུ་གཡོད་གྲོང་ཁྱེར་ནི་ཨ་རིའི་ཤར་རྒྱུད་ཀྱི་ཀྲུང་གོ་བ་ཆེས་གཅིག་སྡུད་ཀྱི་ས་ཆ་ཞིག་ཡིན་པ་དང་ལོ་ལྟར་སྲོལ་རྒྱུན་གྱི་ཀྲུང་གོའི་ལུགས་རྙིང་ལོ་ཐོའི་དཔྱིད་གསར་དུས་ཆེན་འཆར་སྐབས་ས་གནས་དེ་གས་བྱེད་སྒོ་སྣ་ཚོགས་སྤེལ་ནས་ལོ་གསར་ལ་བསུ་བ་ཞུ་ཡི་ཡོད།ལུགས་རྙིང་ལོ་ཐོའི་ལོ་གསར་དེར་ཀྲུང་གོ་བས་རྟེན་འབྲེལ་ཞུ་
པར་དབང་གསལ་བསྒྲགས། ངེད་ཀྱི་སྐོར། འབྲེལ་གཏུགས་བྱེད་ཚུལ།
གློག་འཕྲིན་ཡིག་སྒམ། tibet3@126.com ཁ་པར། 0971-8455441
©2011 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག