ཀྲུང་གོ་བོད་ཀྱི་དྲ་བ།

དུས་ཚིགས་དང་པོར་རྒྱལ་ཡོངས་ཞིབ་བཤེར་ལྟ་སྐུལ་ལས་ཁུངས་ཀྱིས་མི་ཁྲི12.1ཆད་པ་བཅད་པ་དང་དེའི་ནང་ཞིང་ཆེན་པུའུ་རིམ་པའི་ལས་བྱེད་པ12ཡོད་པ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2024-04-25
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་དབྱང་སྒྲིག་ཨུ་རྒྱལ་ཁབ་ལྟ་ཞིབ་ཨུ་ལྷན་དྲ་ཚིགས་ཀྱི་ཚེས34ཉིན་གྱི་གནས་ཚུལ་ལྟར་ན། ཀྲུང་དབྱང་སྒྲིག་ཨུ་རྒྱལ་ཁབ་ལྟ་ཞིབ་ཨུ་ལྷན་གྱིས2024ལོའི་དུས་ཚིགས་དང་པོའི་རྒྱལ་ཡོངས་སྒྲིག་བཤེར་ལྟ་སྐུལ་ལས་ཁུངས་ཀྱི་ལྟ་སྐུལ་ཞིབ་བཤེར་དང་ཞིབ་དཔྱད་བརྟག་བཤེར་གནས་ཚུལ་སྤྱི་བསྒྲགས་བྱས། 2024ལོའི་དུས་ཚིགས་དང་པོར། རྒྱལ་ཡོངས་སྒྲིག་བཤེར་ལྟ་སྐུལ་ལས་ཁུངས་ཀྱིས་བསྡོམས་པས་གྱོད་གཞི་ཁྲི14.9ཐོ་འགོད་བྱས་པ་དང་། མི་ཁྲི12.1ལ་ཆད་པ་བཅད་ལ། དེའི་ནང་ཞིང་ཆེན་པུའུ་རིམ་པའི་ལས་བྱེད་པ12ཡོད།

སྤྱི་བསྒྲགས་ལས་མངོན་པ་ལྟར་ན། 2024ལོའི་དུས་ཚིགས་དང་པོར། རྒྱལ་ཡོངས་སྒྲིག་བཤེར་ལྟ་སྐུལ་ལས་ཁུངས་ཀྱིས་བསྡོམས་པས་འཕྲིན་བཅར་ཐེར་འདོམས་ཐེངས་ཁྲི80.8དང་ལེན་བྱས་པ་དང་། དེའི་ནང་ཉེས་འདོན་ཞུ་གཏུག་རིགས་ཀྱི་འཕྲིན་བཅར་ཐེར་འདོན་ཐེངས་ཁྲི21.2ཡོད། གནད་དོན་ཁུངས་སྣེ་ཁྲི40.3ཐག་གཅོད་བྱས། གྱོད་གཞི་ཁྲི14.9ཐོ་འགོད་བྱས་པ་དང་དེའི་ནང་ཞིང་ཆེན་པུའུ་རིམ་པའི་ལས་བྱེད་པ16དང་། ཐིན་ཅུའུ་རིམ་པའི་ལས་བྱེད་པ983། རྫོང་ཁྲུའུ་རིམ་པའི་ལས་བྱེད་པ6695། ཤང་ཁའོ་རིམ་པའི་ལས་བྱེད་པ་ཁྲི2.1བཅས་ལ་གྱོད་དོན་ཐོ་འགོད་བྱས། ད་ལྟར་འགན་ཁུར་བཞིན་པ་དང་ལས་གནས་དགོངས་ཞུ་བྱས་པའི་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་དང་སྡེ་བའི་ཨུ་ལྷན་གྱི་ཀྲུའུ་རེན་ཁྲི1.3ལ་གྱོད་དོན་ཐོ་འགོད་བྱས། མི་ཁྲི12.1ལ་ཆད་པ་བཅད་པ་དང་དེའི་ནང་ཏང་སྲིད་སྒྲིག་ཁྲིམས་ཆད་གཅོད་བྱས་པ་མི་ཁྲི9.9དང་སྲིད་དོན་ཆད་གཅོད་བྱས་པ་མི་ཁྲི3.4། ཞིང་ཆེན་པུའུ་རིམ་པའི་ལས་བྱེད་པ12ལ་ཆད་གཅོད་བྱས་པ་དང་། ཐིན་ཅུའུ་རིམ་པའི་ལས་བྱེད་པ་མི948ལ་ཆད་པ་བཅད། རྫོང་ཁྲུའུ་རིམ་པའི་ལས་བྱེད་པ6421དང་ཤང་ཁའོ་རིམ་པའི་ལས་བྱེད་པ་མི་ཁྲི1.7། སྤྱིར་བཏང་ལས་བྱེད་པ་ཁྲི1.6། སྡེ་བ་དང་ཁེ་ལས་སོགས་གཞན་པའི་མི་ཁྲི8.1བཅས་ལ་ཆད་གཅོད་བྱས།

སྤྱི་བསྒྲགས་ལྟར་ན། 2024ལོའི་དུས་ཚིགས་དང་པོར། རྒྱལ་ཡོངས་སྒྲིག་བཤེར་ལྟ་སྐུལ་ལས་ཁུངས་ཀྱིས་རྣམ་པ་རིགས་བཞིའི་ཁ་ཏ་སློབ་གསོ་དང་ཆད་གཅོད་བྱས་པ་མི་ཐེངས་ཁྲི35.6ཡོད། དེའི་ནང། རིགས་དང་པོའི་རྣམ་པས་སྐྱོན་བརྗོད་སློབ་གསོ་དང་ཆད་གཅོད་བྱས་པ་མི་ཐེངས་ཁྲི23.3ཡོད་པ་དང་དེས་སྤྱིའི་མི་ཐེངས་ཀྱི65.4%ཟིན་ཡོད། རིགས་གཉིས་པའི་རྣམ་པས་ཆད་གཅོད་བྱས་པ་མི་ཐེངས་ཁྲི9.5དང26.6%ཟིན་ཡོད། རིགས་གསུམ་པའི་རྣམ་པས་ཆད་གཅོད་བྱས་པ་མི་ཐེངས་ཁྲི1.3དང3.7%ཟིན་ཡོད། རིགས་བཞི་པའི་རྣམ་པས་ཆད་གཅོད་བྱས་པ་མིཐེངས་ཁྲི1.5དང4.3%ཟིན་ཡོད། དུས་མཚུངས་སུ། ལྐོག་རྔན་སྤྲོད་ལེན་མཉམ་དུ་རྩད་གཅོད་བྱེད་པ་རྒྱུན་འཁྱོངས་བྱས་ཏེ། ལྐོག་རྔན་སྤྲོད་མཁན་མི4894ལ་གྱོད་དོན་ཐོ་འགོད་བྱས་པ་དང་། ཞིབ་དཔྱོད་ལས་ཁུངས་ལ་མི911སྐྱེལ་སྤྲོད་བྱས། །

 
རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།