ཀྲུང་གོ་བོད་ཀྱི་དྲ་བ།

གཏེར་ལེན་ཁ་གྲོང་ཁྱེར་གྱིས་ལས་བྱེད་པའི་ལྟ་སྐུལ་དོ་དམ་དམ་འཛིན་གཟབ་ནན་བྱས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : རིག་ལྡན་རྒྱ་མཚོས་བསྒྱུར།   སྤེལ་དུས། : 2024-04-27
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མཚོ་ནུབ་སོག་རིགས་རང་སྐྱོང་ཁུལ་གཏེར་ལེན་ཁ་གྲོང་ཁྱེར་གྱིས་ལས་བྱེད་པའི་དཔུང་ཁག་འཛུགས་སྐྲུན་གྱི་དོན་དངོས་ལ་རྐང་བཙུགས་ཏེ། གནད་འགག་གྲངས་ཀར་དམིགས་ནས། རྒྱུན་ལྡན་གྱི་ལྟ་སྐུལ་དོ་དམ་ཤུགས་དྲག་ཏུ་བཏང་སྟེ། བརྡ་འཕྲིན་ཐབས་ལམ་རྒྱ་བསྐྱེད་ཐད་ཤུགས་བཏོན་སྟེ། ལས་བྱེད་པའི་གནས་ཚད་ཡོངས་ཀྱི་དོ་དམ་དང་རྒྱུན་ལྡན་རང་བཞིན་གྱི་ལྟ་སྐུལ་ལ་ཤུགས་བསྣན། 

གནད་འགག་གྲངས་ཀར་དམིགས་པ་དང་། ལྟ་སྐུལ་གནད་ཁེལ་ཅན་ལ་སྐུལ་འདེད་བཏང་། ལས་ཁུངས་ཀྱི་“མགོ་གཙོ་དང་པོའི”སྲིད་གཙང་སློབ་གསོར་ཤུགས་བསྣོན་དང་། ཉེན་བརྡའི་སློབ་གསོ་དང་། སྲིད་གཙང་ཁྱིམ་སྲོལ་སྙན་ཞུ་ཚོགས་འདུར་ཞུགས་པ་དང་ཉན་པ་སོགས་ཀྱི་རྣམ་པ་སྤྱད་དེ། སྲིད་གཙང་བསམ་བློའི་འགོག་ཐིག་སྲ་བརྟན་དུ་བཏང་། མགོ་ཁྲིད་ལས་བྱེད་པའི་དཔལ་འབྱོར་རྩིས་བཤེར་སོགས་ཀྱི་བྱ་བ་དེ་ལྟ་སྐུལ་གྱི་གཙོ་གནད་དུ་བྱས་ཏེ། “གནད་འགག་གྲངས་ཀས”མང་ཆེ་ཤོས་ལ་སྣེ་ཁྲིད་བྱེད་པའི་དཔེ་སྟོན་ནུས་པ་གྲུབ་པར་བྱས། 

ཉིན་རྒྱུན་གྱི་ལྟ་སྐུལ་དོ་དམ་ཤུགས་དྲག་ཏུ་བཏང་ནས། ལྟ་སྐུལ་རྒྱུན་རྣམ་ཅན་ལ་སྐུལ་འདེད་བཏང་། གྲོང་ཁྱེར་དོ་དམ་ལས་བྱེད་པ་གཞུང་དོན་བྱ་འགུལ་གཟབ་ནན་དང་། ལས་བྱེད་པའི་གནང་ཞུ་སྒྲིག་སྲོལ་གཟབ་ནན་སྒོས་ལག་བསྟར་བྱས་ནས། མགོ་ཁྲིད་ལས་བྱེད་པ་ཕྱིར་འགྲོ་བའི་སྙན་ཞུའི་སྒྲིག་སྲོལ་དོན་འཁྱོལ་བྱས། ཁོ་རིམ་པའི་ལས་བྱེད་པའི་ཁྱིམ་ཚང་བཅར་འདྲིའི་སྒྲིག་བསྟུད་མར་སྤེལ་བ་དང་། དུས་ཚོད8ལ་དམིགས་ནས། ལས་བྱེད་པའི་བསམ་བློའི་འགུལ་རྣམ་ཁོང་དུ་ཆུད་པར་བྱས་ཏེ། གནད་དོན་དུས་ཐོག་ཏུ་བཟོ་བཅོས་བྱས། 

བརྡ་འཕྲིན་ཐབས་ལམ་རྒྱ་བསྐྱེད་དང་། ལྟ་སྐུལ་རྒྱུ་མང་ཅན་ལ་སྐུལ་འདེད་བཏང་། ན་གཞོན་ལས་བྱེད་པའི་ཁྱིམ་ཚང་བཅར་འདྲིའི་སྒྲིག་སྲོལ་འཚོལ་ཞིབ་བྱས་ཏེ། བར་ཐག་ཉེ་བའི་སྒོ་ནས་ན་གཞོན་ལས་བྱེད་པའི་བྱ་བའི་གནས་སྟངས་ལ་རྒྱུས་ལོན་དང་། ན་གཞོན་ལས་བྱེད་པའི་འཚར་ལོངས་ཀྱི་གཏན་སྲོལ་དང་གསོ་སྐྱོང་ཐབས་ལམ་བཙལ། བརྡ་འཕྲིན་དབྱེ་ཞིབ་བརྡར་གཅོད་ཤུགས་དྲག་ཏུ་བཏང་ནས། མགོ་ཁྲིད་ལས་བྱེད་པའི་བསྟུད་མར་ཞུ་གཏུག་དང་དྲ་ཐོག་གླེང་ཕྱོགས་འགུལ་རྣམ་རྗེས་འདེད་དོ་དམ་ཐད། དབྱེ་ཞིབ་དང་དུས་ཐོག་ཏུ་ལས་བྱེད་པའི་འགུལ་རྣམ་ཁོང་དུ་ཆུད་པར་བྱས། ། 

 
རྩོམ་སྒྲིག་པ། : རིག་ལྡན་རྒྱ་མཚོ།