ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་སྔོན་གྱི་ཁྲལ་དོན་རྒྱུན་གཏན་ཅན་དུ་འགྱུར་བའི་སྒོ་ནས་གཞུང་ཞབས་ཁྲིམས་རྩོད་པ“གཞི་རིམ་དུ་སྐྱོད་པའི”བྱེད་སྒོ་སྤེལ་བ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཕག་གྲུ་ཡིས་བསྒྱུར།   སྤེལ་དུས། : 2024-04-27
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། རྒྱལ་ཡོངས་ཁྲལ་འབབ་དྲིལ་བསྒྲགས་ཟླ་བ་ཨང33པའི་རིང་རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུས་ཟི་ལིང་གྲོང་ཁྱེར་ཁྲལ་དོན་ཅུས་ཀྱིས“བཅའ་ཁྲིམས་ལ་བརྟེན་ནས་ཁྲལ་སྲུང་དང་ཁྲལ་འབབ་གཅིག་མཚུངས་ཡིན་པའི”གཞུང་ཞབས་ཁྲིམས་རྩོད་པ་གཞི་རིམ་དུ་སྐྱོད་པའི་བྱེད་སྒོ་སྤེལ་ནས་ཁྲལ་ཁྲིམས་ཆེད་མཁས་པའི་འདྲི་རྩད་ཚོགས་པ་སྒྲིག་འཛུགས་བྱས་ཏེ་གཞི་རིམ་ཁྲལ་དོན་སྡེ་ཚན་དུ་བསྐྱོད་དེ“སྒོ་རྩར་སྐོར་ཞིབ་བྱེད་པའི”རྣམ་པ་བརྒྱུད་གཞི་རིམ་གྱི་ཁྲལ་འབབ་ཁྲིམས་འཛིན་བརྒྱུད་རིམ་ཁྲོད་འཕྲད་པའི“དཀའ་གནད་ཆེ་བའི་ནད་གཞི”སྐོར་ལ་ལན་འདེབས་རྒྱུ་རེད། 

ཟླ4བའི་ཚེས23ཉིན་ཁྲལ་ཁྲིམས་ཆེད་མཁས་པའི་འདྲི་རྩད་ཚོགས་པ་ཟི་ལིང་གྲོང་ཁྱེར་ཧོང་ཀྲུང་ཆུས་ཁྲལ་དོན་ཅུས་སུ་ཕེབས་ཤིང་། ཁྲལ་འཇལ་མཁན་ཞིག་གིས་ཁེ་ལས་ཀྱི་ཐོག་དང་འགལ་ནས་ཆད་པ་མི་གཅོད་པའི་རྗེས་ཁྲལ་འཇལ་ཡིད་རྟོན་རིམ་པར་ཤུགས་རྐྱེན་ཐེབས་མིན་སོགས་ཀྱི་གནད་དོན་འདྲི་རྩད་བྱས་པར་བརྟེན་འདྲི་རྩད་ཚོགས་པའི་ཁོངས་མིས་ངང་རྒྱུད་རིང་པོས་ཁྲལ་འཇལ་མཁན་དེར་འབྲེལ་ཡོད་སྲིད་ཇུས་གསལ་བཤད་བྱས་པ་རེད། “ཁྲལ་ཁྲིམས་ཆེད་མཁས་པའི་འདྲི་རྩད་ཚོགས་པའི‘སྒོ་རྩར་འདྲི་བ’བྱས་ནས་ཁྲལ་འཇལ་མཁན་ལ་སྟབས་བདེ་དང་། མགྱོགས་མྱུར། སྤུས་ལེགས་བཅས་ཀྱི་བཅའ་ཁྲིམས་བློ་འདྲི་དང་ཁྲིམས་སྐྱོང་དྲིལ་བསྒྲགས་སོགས་ཀྱི་ཞབས་ཞུ་མཁོ་འདོན་བྱས་ཏེ་ཁྲལ་འཇལ་ཁེ་ལས་ཀྱི་སྤྱི་ཚོགས་བཅའ་ཁྲིམས་གནད་དོན་གྱི་ལན་སྤྲོད་ཐབས་ལམ་སྔར་བས་ཤར་གཏོང་ཐུབ་པ་མ་ཟད། ཁྲལ་འཇལ་མཁན་གྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་དང་འགན་ལེན་ནུས་ལྡན་ཐུབ་ཡོད”ཅེས་ཧོང་ཀྲུང་ཆུས་ཁྲལ་དོན་ཅུས་ཀྱི་ལས་བྱེད་པ་ཝུའུ་ཀུའེ་ཡིའུ་ཡིས་བཤད། 

ཤེས་རྟོགས་བྱུང་བར་གཞིགས་ན། རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུས་མཚོ་སྔོན་ཞིང་ཆེན་ཁྲལ་དོན་ཅུས་ཀྱིས《རྒྱུན་གཏན་ཅན་གྱི་སྒོ་ནས་གཞུང་ཞབས་ཁྲིམས་རྩོད་པ“གཞི་རིམ་དུ་སྐྱོད་པའི”བྱེད་སྒོ་སྤེལ་རྒྱུའི་སྐོར་གྱི་བརྡ་ཐོ》པར་འགྲེམས་བྱས་ནས་ཁྲལ་དོན་ལས་ཁུངས་ཀྱི་ཁྲིམས་འཛིན་དགོས་མཁོ་དང་ཁྲལ་འཇལ་མཁན་གྱི་ཁྲལ་དང་འབྲེལ་བ་ཡོད་པའི་བཅའ་ཁྲིམས་ཞབས་ཞུའི་དགོས་མཁོ་གནད་ལ་འཁེལ་བའི་སྒོ་ནས་འབྲེལ་མཐུད་བྱས་ཏེ། ཁྲལ་ཁྲིམས་ཆེད་མཁས་པའི་འདྲི་རྩད་ཚོགས་པ་བཙུགས་ནས་ཁྲིམས་སྐྱོང་སློབ་ཚན་རིགས་དྲུག་གི་རྣམ་པ་བརྒྱུད་གཞུང་ཞབས་ཁྲིམས་རྩོད་པ“གཞི་རིམ་དུ་སྐྱོད་པའི”བྱེད་སྒོ་སྤེལ་ཡོད། 

བྱེད་སྒོ་དེས་ཁྲིམས་སྐྱོང་དྲིལ་བསྒྲགས་སློབ་གསོ་བྱ་རྒྱུ་དམིགས་ཡུལ་དུ་བཟུང་ནས་ཡུལ་བབ་དང་བསྟུན་ནས་བཅའ་ཁྲིམས་ཀྱི་སློབ་ཚན་སྤུས་ལེགས་ཁག་གཅིག་བཏོད་དེ་ཁྲལ་དོན་ཁྲིམས་སྐྱོང་རིག་གནས་འཛུགས་སྐྱོང་ལ་སྐུལ་འདེད་ནུས་ལྡན་བཏང་ཡོད། ཉེ་འགྲམ་དུ་ཐོན་པའི་ཁྲལ་དོན་གྱོད་གཞི་དང་དེ་བཞིན་སྤྱི་ཚོགས་ཐོག་གི་གླེང་མང་བའི་གྱོད་གཞི་བེད་སྤྱོད་གང་ལེགས་བྱས་ཏེ་གཞུང་ཞབས་ཁྲིམས་རྩོད་པའི་ཚོགས་པ་སྒྲིག་འཛུགས་བྱས་ནས་གཏིང་ཟབ་པའི“གྱོད་དོན་ལ་བརྟེན་ནས་བཅའ་ཁྲིམས་འགྲེལ་བཤད”བྱས་ཏེ་གྱོད་གཞི་དེ་ཁྲིམས་སྐྱོང་སློབ་གསོའི་སློབ་ཚན་དང་དེ་བཞིན་ཁྲལ་འབབ་ཁྲིམས་འཛིན་གྱི་ཞིབ་བསྡུར་ཞིབ་དཔྱད་སློབ་ཚན་དུ་འགྱུར་བ་བྱེད་དགོས། གཞུང་ཞབས་ཁྲིམས་རྩོད་པས་སྲུང་སྐྱེལ་ཁྲིམས་འཛིན་དང་དེ་རིང་གི་བཤད་ཚུལ་གྱི་བྱེད་སྒོ་སྤེལ་ནས་ཁྲལ་དོན་ཁྲིམས་འཛིན་གོ་རིམ་བཀོལ་སྤྱོད་ཀྱི་མཛུབ་ཁྲིད་བཟོས་ཏེ་ཚད་ལྡན་ཁྲིམས་འཛིན་དཔེ་སྟོན་གྱོད་དཔེ་ཁག་གཅིག་འདེམས་ནས་ཁྲལ་དོན་ཁྲིམས་འཛིན་ཚད་གཞིའི་དཔེ་སྟོན་གྱི་དཔེ་སྟོན་མཛུབ་ཁྲིད་ནུས་པ་འདོན་སྤེལ་ནུས་ལྡན་བྱེད་དགོས། ཁྲལ་འབབ་ཁེ་ལས་ཀྱི“བཅའ་ཁྲིམས”ཀྱི་སྐད་ཆ་ཤོད་རེས་ཀྱི་ཟམ་པ་ཡག་པོ་བསྐྲུན་ནས་ཁྲལ་འཇལ་མཁན་གྱི“བྲེལ་འཚུབ་དང་དཀའ་ངལ་གྱི་སེམས་ཁྲལ”གྱི་གནད་དོན་ཐག་གཅོད་བྱེད་དགོས། “གཞུང་ཞབས་ཁྲིམས་རྩོད་པའི་ཁྲལ་དང་འབྲེལ་བ་ཡོད་པའི་རྩོད་གཞི་བློ་འདྲི་སེལ་བའི་ལྟེ་གནས”ཀྱི་ནུས་པ་འདོན་སྤེལ་དང“ཧྥེང་ཆའོ་རྣམ་པའི”ཁྲལ་དོན་ཡན་ལག་ཅུས་འཛུགས་སྐྲུན་དང་ཟུང་འབྲེལ་བྱས་ཏེ་ཁྲལ་དོན་སྲིད་འཛིན་བསྐྱར་གྲོས་ཀྱི་རྩོད་གཞི་སེལ་བའི་ལས་ཆོད་དང་ཆུ་ཚད་མཐོ་རུ་གཏོང་དགོས། གཞུང་ཞབས་ཁྲིམས་རྩོད་པ་སྒྲིག་འཛུགས་བྱས་ནས་རང་འགུལ་ངང་ཁྲལ་དོན་ཁྲིམས་སྐྱོང་འཛུགས་སྐྱོང་ནང་ཞུགས་ཏེ་ཁྲལ་དོན་ཁྲིམས་སྐྱོང་འཛུགས་སྐྱོང་གི་འཕེལ་རིམ་ལ་མུ་མཐུད་སྣེ་ཁྲིད་བྱས་ནས་གཞུང་ཞབས་ཁྲིམས་རྩོད་པ“གཞི་རིམ་དུ་སྐྱོད་པའི”བྱེད་སྒོ་གཏིང་ཟབ་ཏུ་ཕྱིན་ནས་དོན་དངོས་སུ་སྤེལ་རྒྱུར་སྐུལ་འདེད་བཏང་ཡོད། །

 
རྩོམ་སྒྲིག་པ། : འཕགས་མོ་དོན་འགྲུབ།