ཀྲུང་གོ་བོད་ཀྱི་དྲ་བ།

ལྷ་གྲུ་ཨང་བཅོ་བརྒྱད་པའི་མི་སྡོད་འཇིག་རྟེན་འཕུར་གྲུ་བར་སྣང་ས་ཚིགས་ལ་རང་འགུལ་སྒོས་འབྲེལ་མཐུད་བྱས་པ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2024-04-26
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གོའི་མི་སྡོད་འཇིག་རྟེན་འཕུར་གྲུ་བཟོ་བཀོད་གཞུང་ལས་ཁང་གིས་བསྒྲགས་པའི་གནས་ཚུལ་ལྟར་ན། ལྷ་གྲུ་ཨང་བཅོ་བརྒྱད་པའི་མི་སྡོད་འཕུར་གྲུ་འཁོར་ལམ་ནང་ཞུགས་པ་རེད། པེ་ཅིན་གྱི་དུས་ཚོད2024ལོའི་ཟླ4པའི་ཚེས26ཉིན་གྱི་ཆུ་ཚོད3དང་སྐར་མ32སྟེང་། བར་སྣང་ས་ཚིགས་ཀྱི་ཐེན་ཧི་སྒྲོམ་ཚང་དང་དཀྱིལ་སྙིང་སྒྲོམ་ཚང་གཉིས་འབྲེལ་མཐུད་ལེགས་གྲུབ་བྱུང་ཞིང་། རང་འགུལ་སྒོས་འབྲེལ་མཐུད་བྱེད་པར་ཆུ་ཚོད6.5ལྷག་བཀོལ་བ་རེད། 

པར་འདི་ནི་ཟླ4པའི་ཚེས26ཉིན་པེ་ཅིན་འཇིག་རྟེན་འཕུར་གྲུ་ཚོད་འཛིན་ལྟེ་གནས་ཀྱིས་པར་བླངས་པའི་འབྲེལ་མཐུད་རྗེས་ཀྱི་བར་སྣང་ས་ཚིགས་ཀྱི་ལད་ཟློས་དཔེ་རིས་རེད།

འཆར་གཞི་ལྟར། འཇིག་རྟེན་འཕུར་སྐྱོད་པ3པོ་ལྷ་གྲུ་ཨང་བཅོ་བརྒྱད་པའི་མི་སྡོད་འཕུར་གྲུ་ནས་བར་སྣང་ས་ཚིགས་ཀྱི་དཀྱིལ་སྙིང་སྒྲོམ་ཚང་ནང་འཛུལ་བ་རེད། ལྷ་གྲུ་ཨང་བཅུ་བདུན་པའི་འཇིག་རྟེན་འཕུར་སྐྱོད་པས་ལྷ་གྲུ་ཨང་བཅོ་བརྒྱད་པའི་འཇིག་རྟེན་འཕུར་སྐྱོད་པ་དཀྱིལ་སྙིང་སྒྲོམ་ཚང་དུ་ཞུགས་པར་གྲ་སྒྲིག་གང་ལེགས་བྱས་ཤིང་། ཆ་སྙོམས་ཀྱི་ལོ་ཚད40ལ་ཆུང་བའི“འཕུར་གྲུ”གཉིས“ཐེན་གུང”ནས་ལྷན་འཛོམས་བྱུང་བ་རེད། 

པར་འདི་ནི་ཟླ4པའི་ཚེས26ཉིན་པེ་ཅིན་འཇིག་རྟེན་འཕུར་གྲུ་ཚོད་འཛིན་ལྟེ་གནས་ཀྱིས་པར་བླངས་པའི་ལྷ་གྲུ་ཨང་བཅོ་བརྒྱད་པའི་འཇིག་རྟེན་འཕུར་སྐྱོད་པའི་རྣམ་པ་རེད། 

པར་འདི་ནི་ཟླ4པའི་ཚེས26ཉིན་པེ་ཅིན་འཇིག་རྟེན་འཕུར་གྲུ་ཚོད་འཛིན་ལྟེ་གནས་ཀྱི་ལས་བྱེད་མི་སྣས་གཟབ་ནན་སྒོས་ལས་དོན་སྒྲུབ་བཞིན་པའི་རྣམ་པ་རེད། 

 
རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།