ཀྲུང་གོ་བོད་ཀྱི་དྲ་བ།

ལི་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀའ་རྒྱར་མིང་རྟགས་བཀོད་དེ《སྐྱེ་ཁམས་སྲུང་སྐྱོབ་སྐྱིན་གསབ་སྲོལ་ཡིག》ཁྱབ་བསྒྲགས་བྱས་པ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་མཚོ་སྐྱིད་ཀྱིས་བསྒྱུར།   སྤེལ་དུས། : 2024-04-11
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་གིས་ཉེ་ལམ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀའ་རྒྱར་མིང་རྟགས་བཀོད་དེ《སྐྱེ་ཁམས་སྲུང་སྐྱོབ་སྐྱིན་གསབ་སྲོལ་ཡིག》(གཤམ་དུ《སྲོལ་ཡིག》ཞེས་བསྡུ་རྒྱུ)ཁྱབ་བསྒྲགས་བྱས་ཤིང་། 2024ལོའི་ཟླ6པའི་ཚེས1ཉིན་ནས་བཟུང་ལག་བསྟར་བྱ་རྒྱུ་རེད།

སྐྱེ་ཁམས་སྲུང་སྐྱོབ་སྐྱིན་གསབ་ལམ་ལུགས་ནི་སྐྱེ་ཁམས་དཔལ་ཡོན་ལམ་ལུགས་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཡིན། སྲོལ་ཡིགགིས་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་པ་ཁྱོན་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་ཏེ། རི་སྔོ་ཆུ་དྭངས་ནི་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་རྒྱུན་འཁྱོངས་བྱས་ཏེ། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྐྱེ་ཁམས་སྲུང་སྐྱོང་སྐྱིན་གསབ་སྐོར་གྱི་གཏན་འབེབས་དང་བླང་བྱ། དེ་བཞིན་སྤྱོད་གོ་ཆོད་པའི་ཉམས་མྱོང་དང་བྱེད་ཐབས་རྣམས་ཕྱོགས་བསྡུས་རང་བཞིན་དང་རྨང་གཞིའི་རང་བཞིན་གྱི་སྲིད་འཛིན་ཁྲིམས་སྲོལ་གྱི་རྣམ་པའི་ཐོག་ནས་སྲ་བརྟན་དང་རྒྱ་སྐྱེད་བཏང་སྟེ་སྐྱེ་ཁམས་སྲུང་སྐྱོང་གི་སྐྱིན་གསབ་གཞི་རྩའི་ལམ་ལུགས་གཏན་འཁེལ་བྱས་ཡོད། སྔོན་དཔག་དང་ཕུགས་ཡུན་གྱི་ནུས་པ། སྲོལ་ཡིག》ལ་བསྡོམས་པས་ལེའུ6དང་དོན་ཚན63ཡོད་དེ། གཙོ་བོ་གཤམ་གྱི་ནང་དོན་གཏན་འབེབས་བྱས་ཡོད།

གཅིག་ནི་སྐྱེ་ཁམས་སྲུང་སྐྱོབ་སྐྱིན་གསབ་ཀྱི་ནང་དོན་གསལ་བོར་ཤེས་དགོས། སྐྱེ་ཁམས་སྲུང་སྐྱོབ་སྐྱིན་གསབ་ནི་ནོར་སྲིད་ཀྱི་གཞུང་ཕྱོགས་སྐྱིན་གསབ་དང་། ས་ཁུལ་བར་འཕྲེད་ཕྱོགས་སྐྱིན་གསབ། ཚོང་རའི་ནང་རྐྱེན་གྱི་སྐྱིན་གསབ་སོགས་ཀྱི་ནང་རྐྱེན་ལ་བརྟེན་ནས་གཏན་འབེབས་སམ་ཁ་ཆད་བཞག་པ་ལྟར་སྐྱེ་ཁམས་སྲུང་སྐྱོབ་བྱེད་པའི་ལས་ཁུངས་དང་མི་སྒེར་ལ་སྐྱིན་གསབ་བྱེད་པའི་ལམ་ལུགས་ལ་ཟེར།

གཉིས་ནི་བྱ་བའི་རྩ་དོན་ཁ་གསལ་ད་བྱ་བའི་ལམ་སྲོལ་འཐུས་ཚང་དུ་གཏོང་དགོས། སྐྱེ་ཁམས་སྲུང་སྐྱོང་གུན་གསབ་ལས་དོན་གྱིས་ཀྲུང་གོའི་གུང་ཁྲན་ཏང་གི་མགོ་ཁྲིད་རྒྱུན་འཁྱོངས་དང་། སྲིད་གཞུང་གི་གཙོ་ཁྲིད་དང་། སྤྱི་ཚོགས་ཐེ་ཞུགས། ཚོང་རའི་སྙོམས་སྒྲིག་བཅས་ཟུང་འབྲེལ་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ། སྐུལ་སློང་དང་གཅུན་འདོམས་གལ་ཆེ་མཉམ་དུ་འཛིན་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། གཅིག་གྱུར་གྱིས་འཆར་འགོད་དང་མཐུན་སྦྱོར་ངང་སྐུལ་འདེད་གཏོང་དགོས། སྤྱི་ཚོགས་ཀྱི་ཕན་འབྲས་གཅིག་གྱུར་ཡིན་པས་རྫོང་རིམ་པ་ཡན་གྱི་སྲིད་གཞུང་གིས་རྩ་འཛུགས་ཀྱི་མགོ་ཁྲིད་ལ་ཤུགས་བསྣན་ནས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འབྲེལ་ཡོད་སྡེ་ཚན་གྱིས་རང་རང་གི་འགན་འཁྲིར་གཞིགས་ནས་འབྲེལ་ཡོད་ལས་དོན་སྒྲུབ་འགན་འཁུར་དགོས།

གསུམ་ནི་ནོར་སྲིད་ཀྱི་གཞུང་གཏུག་སྐྱིན་གསབ་ཚད་ལྡན་དུ་གཏོང་དགོས། རྒྱལ་ཁབ་ཀྱིས་ནོར་སྲིད་གཏོང་སྤྲོད་སྤོ་བསྒྱུར་སོགས་ཀྱི་བྱེད་ཐབས་ལ་བརྟེན་ནས་སྐྱེ་ཁམས་ཁོར་ཡུག་གི་རྒྱུ་རྐྱེན་གཙོ་བོར་སྲུང་སྐྱོབ་དང་དེ་བཞིན་སྐྱེ་ཁམས་ནུས་པའི་ས་ཁོངས་གལ་ཆེན་དུ་སྐྱེ་ཁམས་སྲུང་སྐྱོབ་བྱེད་པའི་ལས་ཁུངས་དང་མི་སྒེར་ལ་སྐྱིན་གསབ་སྤྲོད་དགོས། ས་གནས་སྲིད་གཞུང་དང་དེའི་འབྲེལ་ཡོད་སྡེ་ཁག་གིས་སྐྱིན་གསབ་མ་དངུལ་དེ་དུས་ཐོག་ཏུ་སྐྱེ་ཁམས་སྲུང་སྐྱོང་བྱེད་པའི་སྡེ་ཚན་དང་མི་སྒེར་ལ་སྐྱིན་གསབ་བྱ་དགོས་པ་དང་། ས་གནས་སྲིད་གཞུང་གིས་གཅིག་གྱུར་གྱིས་བེད་སྤྱོད་བྱེད་པའི་མ་དངུལ་རྣམས་རང་བྱུང་ཐོན་ཁུངས་སྲུང་སྐྱོང་དང་། སྐྱེ་ཁམས་ཁོར་ཡུག་བཅོས་སྐྱོང་དང་ཉམས་གསོ་སོགས་བྱ་དགོས།

བཞི་ནི་ས་ཁུལ་བར་གྱི་འཕྲེད་ཕྱོགས་ཀྱི་སྐྱིན་གསབ་ལ་བསྔགས་སྐུལ་དང་མཛུབ་སྟོན། སྐྱེ་ཁམས་སྲུང་སྐྱོབ་ས་ཁུལ་གྱི་མི་དམངས་སྲིད་གཞུང་གིས་གྲོས་མོལ་སོགས་ཀྱི་རྣམ་པས་སྐྱེ་ཁམས་སྲུང་སྐྱོང་གི་སྐྱིན་གསབ་ནང་རྐྱེན་འཛུགས་དགོས། སྐྱེ་ཁམས་བྱེད་ནུས་དམིགས་བསལ་གལ་ཆེ་བའི་ས་ཁོངས་སུ་ས་ཁུལ་བར་གྱི་འཕྲེད་ཕྱོགས་སྐྱེ་ཁམས་སྲུང་སྐྱོབ་སྐྱིན་གསབ་སྤེལ་བར་ཀྲུང་དབྱང་ནོར་སྲིད་དང་ཞིང་ཆེན་རིམ་པའི་ནོར་སྲིད་ཀྱིས་ཁྲིད་སྟོན་དང་རྒྱབ་སྐྱོར་བྱས་ཆོག ནོར་སྲིད་སོགས་སྡེ་ཚན་གྱིས་འཆར་འགོད་དང་། མ་དངུལ། རྣམ་གྲངས་བཀོད་སྒྲིག་སོགས་ཀྱི་ཐད་རྒྱབ་སྐྱོར་འོས་འཚམ་བྱས་ཆོག

ལྔ་ནི་ཁྲོམ་རའི་ལམ་སྲོལ་གྱི་སྐྱིན་གསབ་ལ་སྐུལ་འདེད་གཏོང་བར་ཁྲོམ་རའི་ལམ་སྲོལ་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས་སྤྱི་ཚོགས་ཀྱི་སྟོབས་ཤུགས་དང་དེ་བཞིན་ས་གནས་སྲིད་གཞུང་གིས་ཁྲོམ་རའི་སྒྲིག་སྲོལ་ལྟར་སྐྱེ་ཁམས་ཐོན་རྫས་དང་ཞབས་ཞུ་ཉོ་བ་སོགས་ཀྱི་རྣམ་པས་སྐྱེ་ཁམས་སྲུང་སྐྱོང་གི་སྐྱིན་གསབ་བྱ་རྒྱུར་སྐུལ་མ་གཏོང་དགོས། སྤྱི་ཚོགས་ཀྱི་མ་དངུལ་གྱིས་ཚོང་ར་ཅན་གྱི་འཁོར་སྐྱོད་བྱེད་པའི་སྐྱེ་ཁམས་སྲུང་སྐྱོབ་སྐྱིན་གསབ་ཐེབས་རྩ་འཛུགས་པར་བསྔགས་སྐུལ་དང་ཁྲིད་སྟོན་བྱས་ནས་ཁྲིམས་ལྟར་གོ་རིམ་ལྡན་པའི་ངང་སྐྱེ་ཁམས་སྲུང་སྐྱོབ་སྐྱིན་གསབ་ནང་ཞུགས་དགོས།

དྲུག་ནི་འགན་ལེན་དང་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་བྱེད་དགོས་ཤིང་། སྲིད་གཞུང་དང་དེ་བཞིན་འབྲེལ་ཡོད་སྡེ་ཁག་གིས་དུས་ཐོག་ཏུ་སྐྱེ་ཁམས་སྲུང་སྐྱོང་གི་སྐྱིན་གསབ་མ་དངུལ་གཤམ་སྤྲོད་དང་ཞིབ་དཔྱད་བྱས་ནས་བཀག་ཉར་དང་བཟུང་སྤྱོད། འགྱངས་ཆད་དམ་ཡང་ན་གཏན་འབེབས་ལྟར་བེད་སྤྱོད་མ་བྱས་པའི་མ་དངུལ་དང་། དུས་བཀག་ལས་བརྒལ་ཡང་ཡོ་བསྲང་མ་བྱས་པའི་རིགས་ལ། དུས་འགྱངས་དང་ མ་དངུལ་འཕྲི་གཏོང་། གཏོང་མཚམས་འཇོག་པའམ་ཡང་ན་ཕྱིར་ལེན་བྱེད་པ། སྐྱེ་ཁམས་སྲུང་སྐྱོབ་སྐྱིན་གསབ་བྱ་བའི་གནས་ཚུལ་དེ་བཅའ་ཁྲིམས་ལྟར་དུས་ཐོག་ཏུ་ཡོངས་བསྒྲགས་བྱ་དགོས་པ་དང་། མ་དངུལ་དོ་དམ་དང་བེད་སྤྱོད་བྱས་ཚུལ་རྩིས་བཤེར་ལས་ཁུངས་ཀྱིས་ཁྲིམས་ལྟར་རྩིས་བཤེར་ལྟ་སྐུལ་བྱ་དགོས། །

 
རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།