ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཕྱི་དོན་ལས་དོན་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་འཚོགས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཕག་གྲུ་ཡིས་བསྒྱུར།   སྤེལ་དུས། : 2024-04-27
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ4བའི་ཚེས25ཉིན་མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅིའམ་ཞིང་ཆེན་ཏང་ཨུའི་ཕྱི་དོན་ལས་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཁྲེན་ཀང་གིས་ཞིང་ཆེན་ཏང་ཨུའི་ཕྱི་དོན་ལས་དོན་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ལ་མགོ་འཛིན་གནང་ནས་གནས་ཚུལ་སྙན་ཞུར་ཉན་པ་དང་འབྲེལ་ཡོད་ཡིག་ཆར་གྲོས་ཞིབ་གནང་བ། རྗེས་མའི་ལས་དོན་ལ་ཞིབ་འཇུག་དང་བཀོད་སྒྲིག་གནང་བ་བཅས་བྱས་ཤིང་། ཞི་ཅིན་ཕིང་གི་ཕྱི་འབྲེལ་བསམ་བློ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ནས་ཀྲུང་དབྱང་ཕྱི་འབྲེལ་ལས་དོན་ཚོགས་འདུ་དང་རྒྱལ་ཡོངས་ས་གནས་ཕྱི་འབྲེལ་ལས་དོན་ཚོགས་འདུའི་དགོངས་དོན་ཁྱོན་ཡོངས་ནས་དོན་འཁྱོལ་བྱས་ཏེ། འཕེལ་རྒྱས་དང་བདེ་འཇགས་གཅིག་གྱུར་འཆར་འགོད་སྔར་བས་ལེགས་པར་བྱས་ནས“སྒྲུབ་སྐྱོད”དང“གོ་གནས་ཡོད་པ”ལ་བརྟེན་ནས་ཆུ་ཚད་མཐོ་བའི་སྒོ་འབྱེད་ལ་སྐུལ་འདེད་བཏང་ནས་ལས་ཀའི་རྣམ་པ་གསར་པ་གཏོད་པ། ལས་ཀའི་གྲུབ་འབྲས་གསར་པ་རྒྱ་ཆེར་གཏོང་བ། རྒྱལ་ཁབ་ཀྱི་སྤྱིའི་ཕྱི་འབྲེལ་ཁྱོན་ཡོངས་ལ་ཞབས་འདེགས་ཞུ་བའི་ཁྲོད་མཚོ་སྔོན་གྱི་འགན་འཁྲི་མངོན་པ་བཅས་བྱེད་དགོས་ཞེས་ནན་གྱིས་བསྟན།

ཞིང་ཆེན་གྱི་ཧྲིན་ཀྲང་ངམ་ཞིང་ཆེན་ཏང་ཨུའི་ཕྱི་དོན་ལས་དོན་ཨུ་ལྷན་གྱི་ཀྲུའུ་རིན་གཞོན་པ་ཝུའུ་ཞའོ་ཅུན་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པའམ་ཞིང་ཆེན་ཏང་ཨུའི་ཕྱི་དོན་ལས་དོན་ཨུ་ལྷན་གྱི་ཀྲུའུ་རིན་གཞོན་པ་ལིའུ་ཆི་ཧྥན། ཞིང་ཆེན་ཏང་ཨུའི་ཕྱི་དོན་ལས་དོན་ཨུ་ལྷན་གྱི་ཨུ་ཡོན་ཀྲུའུ་ཞང་ཧྥིན་དང་ཝང་ཧའེ་ཧུང་བཅས་ཚོགས་འདུར་ཞུགས། 

ཚོགས་འདུའི་ཐོག་ན་ནིང་ནས་བཟུང་ས་གནས་ཁག་དང་སྡེ་ཚན་ཁག་གིས་ཞི་ཅིན་ཕིང་གི་ཕྱི་འབྲེལ་བསམ་བློ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ནས་སྤྱི་ཡོངས་ཀྱི་ཕྱི་འབྲེལ་ལ་རང་རྟོགས་ངང་ཞབས་འདེགས་ཞུ་བ། ཕྱི་ཕྱོགས་དང་འབྲེལ་བ་ཡོད་པའི་བདེ་འཇགས་འགོག་སྲུང་འཛིང་རགས་སྲུང་བ། སྒོ་དབྱེ་འཕེལ་རྒྱས་ལ་སྐུལ་འདེད་ཧུར་ཐག་བཅས་བྱས་པས་ཞིང་ཆེན་ཡོངས་ཀྱི་ཕྱི་དོན་ལས་དོན་ལ་གྲུབ་འབྲས་གསར་པ་ཐོབ་ཡོད། 

ཚོགས་འདུའི་ཐོག་བློ་བརྟན་འགྱུར་མེད་ངང་ཞི་ཅིན་ཕིང་གི་ཕྱི་འབྲེལ་བསམ་བློས་ཀླད་པར་དྲག་ཆས་སྤྲས་པ་དང་། ལག་ལེན་ལ་མཛུབ་ཁྲིད་བྱེད་པ། ལས་དོན་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་ཕྱི་དོན་ལས་དོན་ཚོགས་འདུའི་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་གཏིང་ཟབ་བྱས་ནས་རྒྱལ་ཡོངས་ས་གནས་ཕྱི་དོན་ལས་དོན་ཚོགས་འདུའི་བཀོད་སྒྲིག་གཞིར་བཟུང་ཏང་ཀྲུང་དབྱང་གི་ཕྱི་ཕྱོགས་ལས་དོན་གྱི་ཐབས་ཇུས་བཀོད་སྒྲིག་མཚོ་སྔོན་དུ་ནུས་ལྡན་ངང་ལག་བསྟར་བྱ་རྒྱུར་སྐུལ་འདེད་གཏོང་དགོས། ཏང་དང་རྒྱལ་ཁབ་ཀྱི་ཕྱི་ཕྱོགས་ལས་དོན་གྱི་ཁྱོན་ཡོངས་ལ་ཞབས་འདེགས་ཞུ་བར་ཧུར་ཐག་བྱས་ཏེ་ཏང་ཀྲུང་དབྱང་གི་བསམ་འདུན་གོ་བ་ཡང་དག་ལེན་པ་དང་ཁོང་དུ་ཆུད་པ། རྒྱལ་ཁབ་ཀྱི་སྤྱིའི་བདེ་འཇགས་ལྟ་བ་ཁྱོན་ཡོངས་ནས་ལག་ལེན་མཐར་ཕྱིན་བསྟར་བ། སྔར་ལས་རང་འགུལ་གྱི་རྣམ་འགྱུར་ཐོག་ནས་ཀྲུང་གོའི་གཏམ་རྒྱུད་དང་མཚོ་སྔོན་གྱི་གཏམ་རྒྱུད་ཡག་པོ་བཤད་པ། ཏང་ཀྲུང་དབྱང་གིས་སྤྲད་པའི་ཕྱི་ཕྱོགས་དང་འབྲེལ་བ་ཡོད་པའི་ལས་འགན་མཐའ་གཅིག་ཏུ་ལེགས་འགྲུབ་ཡག་པོ་བཅས་བྱ་དགོས། རྒྱལ་ཁབ་མཐའ་འཁོར་གྱི་ཕྱི་འབྲེལ་ནུས་པ་ཆེ་རུ་གཏོང་བ་དང་། རྒྱལ་སྤྱིའི་མཛའ་འབྲེལ་གྲོང་ཁྱེར་དང་། དམངས་ཁྲོད་འགྲོ་འོང་། རྒྱལ་སྤྱིའི་ཁྱབ་སྤེལ་སོགས་ཁྱབ་ཁོངས་ལ་དམིགས་ནས། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དང་། ནུས་རྒྱུ་དྭངས་གཙང་འཕེལ་རྒྱས། ཚྭ་མཚེའུ་གསར་སྤེལ་བེད་སྤྱོད། རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན། སྣ་མང་མི་རིགས་རིག་གནས་སོགས་ཐད་ཀྱི་མཚོ་སྔོན་གྱི་ལེགས་ཆ་དང་ཁྱད་ཆོས་འདོན་སྤེལ་གང་ལེགས་བྱས་ཏེ་སྒྲུབ་ཆོག་པ་དང་སྒྲུབ་ཐུབ་པ་མ་ཟད་ཡག་པོ་སྒྲུབ་ཐུབ་པའི་ཕྱི་དོན་བྱེད་སྒོ་ཇུས་འགོད་དང་དར་སྤེལ་བྱེད་དགོས། 

ཚོགས་འདུའི་ཐོག་ཏང་གིས་ཕྱི་དོན་ལས་དོན་ལ་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་རྒྱུན་འཁྱོངས་དང་ཤུགས་སྣོན་པ་དང་། དབྱེ་ཞིབ་ཞིབ་འཇུག་བརྡར་ཤ་གཅོད་པར་ཤུགས་སྣོན་པ། ཕྱི་ཕྱོགས་ལས་དོན་གྱི་ཐོན་ཁུངས་གཅིག་གྱུར་འཆར་འགོད་བཅས་བྱས་ཏེ་ཕྱི་དོན་ལས་དོན་གྱི་སྤུས་རྟགས་ཡག་པོ་སྤྱོད་པ། རྒྱལ་སྤྱིའི་སྤེལ་རེས་མཉམ་ལས་ལ་ཤུགས་སྣོན་དགོས་པའི་བླང་བྱ་བཏོན་ཡོད། ལས་ཀའི་ཕན་འབྲས་དངོས་ལ་མཐོང་ཆེན་དང་། གཅིག་གྱུར་འཆར་འགོད་མཐུན་སྦྱོར་ལ་ཤུགས་སྣོན་བརྒྱབ་སྟེ་གྲ་སྒྲིག་ཏན་ཏིག་དང་ཞིབ་ཚགས་དང་མགྱོགས་མྱུར་སྒྲུབ་པའི་སྤྱོད་ཚུལ་ལ་དམིགས་ཏེ་ཕྱི་དོན་བྱེད་སྒོའི་གྲུབ་འབྲས་ཆེ་ཤོས་ཡོང་བར་འགན་ལེན་ཏན་ཏིག་བྱ་དགོས། རང་ངོས་ཀྱི་དཔུང་ཁག་འཛུགས་སྐྱོང་ལ་ཟམ་མི་ཆད་པར་ཤུགས་སྣོན་རྒྱག་པ་དང་། མཚོ་སྔོན་ལ་ཁ་གཏད་རོགས་སྐྱོར་དང་ཤར་ནུབ་མཉམ་ལས་སྲིད་ཇུས་ཀྱི་གོ་སྐབས་བེད་སྤྱོད་ཡག་པོ་བྱ་རྒྱུར་མཐོང་ཆེན་བྱས་ཏེ་སྤེལ་རེས་སློབ་སྦྱོང་དང་ལག་ལེན་དངོས་ལ་ཤུགས་སྣོན་བརྒྱབ་སྟེ“ཕྱི་དོན་འཚོལ་བ”དང“ཕྱི་དོན་སྒྲུབ་པའི”ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་དགོས། །

 
རྩོམ་སྒྲིག་པ། : འཕགས་མོ་དོན་འགྲུབ།