ཀྲུང་གོ་བོད་ཀྱི་དྲ་བ།

ཉིང་ཁྲིའི་ཁམ་བུའི་མེ་ཏོག་གིས་ཡུལ་སྐོར་པ་བསུས།

ཡོང་ཁུངས། : ལྷ་སྒྲོན་མཚོས་བསྒྱུར།   རྩོམ་པ་པོ། : ཀྲུང་གོ་བོད་ཀྱི་དྲ་བ།   སྤེལ་དུས། : 2024-04-19
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ3པའི་ཚེས31ཉིན། ཉིང་ཁྲིའི་སྐབས་ཉེར་གཅིག་པའི་ཁམ་བུའི་མེ་ཏོག་ཡུལ་སྐོར་རིག་གནས་དུས་ཆེན་མགོ་ཚུགས་ཤིང་། གཞི་གྲངས་ལས་མངོན་པ་ལྟར་ན། མགོ་ཚུགས་མཛད་སྒོའི་ཉིན་དེའི་དུས་ཚོད14ནས21བར་དུ་ཚོགས་ར་གཙོ་ོབོ་ཡོད་ས་ཀོང་པོ་སྲང་ལམ་གྱི་བསྡོམས་པའི་འགྲུལ་རྒྱུན་མི་ཐེངས24700ཟིན་པ་དང་། དེ་ནི་ཉིང་ཁྲི་གྲོང་ཁྱེར་སྲིད་གཞུང་ཡོད་སའི་མི་ཚང་མ་ཕྱིར་ཐོན་པ་དང་འདྲ། ཉིན་དེར་ཀོང་པོ་སྲང་ལམ་གྱི་ཕྱི་རོལ་ནས་ཚོང་རྒྱག་སའི་བཙོངས་འབོར་སྒོར་ཁྲི150ཟིན་པ་རེད། ཁམ་བུའི་མེ་ཏོག་དུས་ཆེན་སྤེལ་རིང(ཟླ3པའི་ཚེས31ནས་ཟླ4བའི་ཚེས2ཉིན)གི་ཉིན་གསུམ་རིང་ལ་ཉིང་ཁྲི་གྲོང་ཁྱེར་གྱིས་བསྡོམས་པས་ཡུལ་སྐོར་པ་མི་ཐེངས་ཁྲི22.92སྣེ་ལེན་བྱས་པས་ཡུལ་སྐོར་ཡོང་འབབ་སྒོར་དུང་ཕྱུར1.27ཟིན་པ་རེད།

ཉིང་ཁྲི་ནི་མདོ་དབུས་མཐོ་སྒང་དུ་དམིགས་བསལ་དུ་ཆགས་ཡོད་པས། ཐུན་མོང་མ་ཡིན་པའི་ལེགས་ཆ་ལྡན། དེ་ནི་བོད་ལྗོངས་ཀྱི་ས་བབ་ཆེས་དམའ་ཞིང་གནམ་གཤིས་ཆེས་ལེགས་པ། སྐྱེ་ཁམས་ཁོར་ཡུག་ཆེས་བཟང་བའི་ས་ཁུལ་ཡིན་པ་མ་ཟད། རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་གྱི་གྲུབ་ཆ་གཙོ་བོ་ཡིན་པས“བོད་ལྗོངས་ཀྱི་འབྲི་ཆུའི་ལྷོ་རྒྱུད”ཅེས་པའི་མཚན་སྙན་ལྡན། ཉིང་ཁྲིའི་ཁམ་བུའི་མེ་ཏོག་ནི་རྒྱལ་ཡོངས་ཀྱི་རྒྱ་ཁྱོན་ཆེས་ཆེ་ཞིང་གཅིག་བསྡུས་ཅན་གྱི་རི་སྐྱེས་ཁམ་བུའི་མེ་ཏོག་ཡིན། དཔྱད་དཔག་བྱས་ན། གྲངས་འབོར་སྡོང་རྐང་ཁྲི300ཡན་ཡོད་པ་དང་། ཁམ་སྡོང་ལོ་རྒྱུས་ཆེས་རིང་བའི་རིགས་བརྒྱ་ཕྲག་ལ་སླེབས་ཡོད། ལོ300ལོན་པའི་ཁམ་སྡོང་གང་སར་མཐོང་ཐུབ་པ་རེད། ཉིང་ཁྲིའི་ཁམ་བུའི་མེ་ཏོག་གི་དུས་ཚོད་རིང་བས་རྫོང་མི་གཅིག་ས་ནས་རྒྱུན་མཐུད་ངང་ཟླ2ལྷག་ལ་གཟིགས་ཆོག ཀྲུང་གོའི་བོད་རིག་པའི་ཞིབ་འཇུག་ལྟེ་གནས་སྤྱི་ཚོགས་དཔལ་འབྱོར་སའོ་ཡི་ཞིབ་འཇུག་ལག་རོགས་པ་ཚེ་དབང་རྡོ་རྗེ་ཡིས་རྒྱུ་ཆ་དེ་དག་ནི་བོད་ལྗོངས་ཡུལ་སྐོར་གྱིས“ནགས”གཙོ་བོར་འཛིན་པའི་རྨང་གཞི་ཡིན་ཟེར།

ཡུལ་སྐོར་པའི་རེ་བ་བསྐང་ཆེད། ཉིང་ཁྲི་གྲོང་ཁྱེར་ཡོངས་ཀྱིས་ཁམ་བུའི་མེ་ཏོག་ཡུལ་སྐོར་རིག་གནས་དུས་ཆེན་གང་ལེགས་སྤེལ་བ་དང་། ཀ་ལ་ཁམ་བུའི་གླིང་ཁུལ་དུ་སླེབས་ཚེ་ཏང་ཀྲུའུ་པུའུ་ཧྲུའུ་ཅི་སྤེན་པས། ཁམ་བུའི་མེ་ཏོག་དུས་ཆེན་མ་ཐོན་སྔོན་དུ་ཁོ་ཚོས་སྨི་གྲུ་བཞི་མ2000ཡི་རྐང་ལམ་དང་གསང་སྤྱོད་ཁང3གསར་དུ་སྐྲུན་པ་མ་ཟད། ཡུལ་སྐོར་གནས་མཆོག་གསར་སྣོན་བྱས་པ་དང་ལུགས་མཐུན་གྱིས་ཟས་མངར་སྲང་ལམ་བཏོད། གཞན་ཡང་སྒོ་འཛིན་འཚོང་འགན་ཁུར་བ་དང་ཡུལ་སྐོར་ཞབས་ཞུ་མཁོ་འདོན་བྱེད་མཁན་གྱི་གྲོང་མི་ཚོར་གསོ་སྦྱོང་བྱས་ཡོད་ཟེར།

ཉིང་ཁྲིའི་ཁམ་བུའི་མེ་ཏོག་ཡུལ་སྐོར་རིག་གནས་དུས་ཆེན་མགོ་ཚུགས་པའི་ཉིན་དེར། ཁམ་བུའི་གླིང་ཁུལ་གྱིས་ད་ལོའི་ཡུལ་སྐོར་པ་ཤིན་ཏུ་མང་བའི་དུས་བསུ་ཞིང་། འགྲུལ་རྒྱུན་མི་ཐེངས6000སླེབས་པ་དང་སྒོ་འཛིན་གྱི་ཡོང་འབབ་གཅིག་པུ་སྒོར་ཁྲི19ཟིན་པ་རེད། 

ཉིང་ཁྲི་ནི་བོད་ལྗོངས་ཀྱི་ཡུལ་སྐོར་ལས་རིགས་འཕེལ་རྒྱས་གཏོང་བ་ཆེས་སྔ་བའི་ས་ཁུལ་གྱི་གྲས་ཡིན་ཞིང་། ད་ལྟ་འཛམ་གླིང་རིམ་པའི་སྐྱེ་ཁམས་རིག་གནས་ཡུལ་སྐོར་དམིགས་ས་བཏོད་པའི་ལམ་དུ་ཞུགས་པའི་ཉིང་ཁྲི་ཡིས་ཡུལ་སྐོར་རྣམ་པ་སྒྱུར་བའི་ལམ་བུ་འཚོལ་ཞིབ་བྱེད་བཞིན་ཡོད།“ཡུལ་སྐོར་པ་གཙོ་བོར་འཛིན་པ”དེ་ད་ལོའི་ཁམ་བུའི་མེ་ཏོག་ཡུལ་སྐོར་རིག་གནས་དུས་ཆེན་གྱི་གཙོ་ཐིག་ཏུ་གྱུར་ཡོད།

ད་ལོའི་ཁམ་བུའི་མེ་ཏོག་ཡུལ་སྐོར་རིག་གནས་དུས་ཆེན་གྱི་ཚོགས་ར་གཙོ་བོ་རུ་ཡུལ་སྐོར་པ་ཚོ་དགའ་བ་དང་མཉམ་འགུལ་རང་བཞིན་གྱི་བྱ་འགུལ་དུས་ཚོད་གཅིག་འདྲ་དང་ས་ཁུལ་གཅིག་ཏུ་བསྡུས་པ་མ་ཟད། རིགས་སོ་སོའི་བྱ་འགུལ་རབ་དང་རིམ་པས་ཡུལ་སྐོར་པའི་རྒྱུ་རྐྱེན་སོ་སོའི་སྤུས་ཀ་ཁམ་བུའི་དུས་ཆེན་རིང་མུ་མཐུད་དུ་མཐོ་རུ་ཕྱིན།

ད་ལོར། ཉིང་ཁྲི་གྲོང་ཁྱེར་གྱིས་རྫོང་དང་གྲོང་ཁྱེར། ཆུས་སོ་སོའི་རིག་གནས་ཡུལ་སྐོར་ཐོན་ཁུངས་དང་ཟུང་འབྲེལ་གྱིས“3+22+N”བྱ་འགུལ་རྣམ་པ་བསྐྲུན་པ་དང་། དྲིལ་སྒྲོག་ཁྱབ་གདལ་དང“རྨི་ལམ་ནང་གི་ཁམ་བུའི་མེ་ཏོག་འཚོལ་བའི”བྱ་འགུལ་རབ་དང་རིམ་པ། ཆེད་བརྗོད་མཉམ་འགུལ་བྱ་འགུལ་གྱི་ཆེད་བརྗོད3གཙོ་ཐིག་བྱས་ཏེ“ཁམ་བུའི་མེ་ཏོག་གི་དཔྱིད་དུས་གསོལ་སྟོན”ཞེས་པའི་ཟས་མངར་རོལ་མྱོང་།“ཁམ་བུའི་མེ་ཏོག་གིས་ལེགས་སྐྱེས་ཕུལ་བ”ཞེས་པའི་ཁྱད་ལྡན་ཐོན་རྫས་ཁྲོམ་ར།“ཁམ་བུའི་མེ་ཏོག་དང་རྟེན་འབྲེལ་ཡོད”ཅེས་པའི་ན་གཞོན་མཛའ་འབྲེལ་སོགས་ཀྱི་བྱ་འགུལ་རབ་དང་རིམ་པ་འདེགས་སྐྱོར་བྱས་ཡོད། སྐབས་སྔོན་མའི་ཉམས་མྱོང་དང་ལེན་བྱས་པའི་རྨང་གཞི་སྟེང་བོད་སྨན་རོལ་མྱོང་དང་སྒེར་གཏོང་སྒེར་ས་འཛུགས་པ། སྒྱུ་རྩལ་མཉམ་སྐྲུན་སོགས་ཀྱི་རོལ་མྱོང་རིགསNབཀོད་སྒྲིག་བྱས། དེ་དང་ཆབས་ཅིག་ཏུ་ཁམ་བུའི་མེ་ཏོག་རོལ་དབྱངས་དུས་ཆེན་དང་། ཁམ་བུའི་མེ་ཏོག་གིས་ཁེངས་བའི་རླངས་འཁོར་ཡུལ་སྐོར་སོགས་ཀྱི་འཁྲབ་སྟོན། ཚོན་ཁྲའི་སྐོར་བྲོ་སོགས་ཀྱི་མི་རིགས་ཁྱད་ཆོས་ལྡན་པའི་ལེ་ཚན་དང་དམིངས་སྲོལ་ལུས་རྩལ་ཕན་ཚུན་བརྗེ་རེས་ཀྱི་འགན་བསྡུར། ཡང་བོད་ལྗོངས་དང་ཉིང་ཁྲིའི་ཁྱད་ཆོས་ལྡན་པའི་རིག་གནས་ཡུལ་སྐོར་ཚོང་དོན་བྱ་འགུལ་སྤེལ་ནས་ཡུལ་སྐོར་པ་ཚོར་སྦྲེལ་ཐག་ཧྲིལ་བོའི་ལྗོངས་གཟིགས་དཔེ་དབྱིབས་བཏོད་ཡོད།

ཁམ་བུའི་མེ་ཏོག་ཡུལ་སྐོར་རིག་གནས་དུས་ཆེན་སླེབས་པ་དེས་ཡར་ཀླུང་གཙང་བོའི་འགྲམ་རྒྱུད་དུ་ཆགས་པའི་སྨན་གླིང་རྫོང་གཏམ་སྙན་ཤང་སྲང་པ་གྲོང་ཚོའི་སངས་རྒྱས་ཕྱག་དབྱིབས་བྱེ་སྒང་ལྗོངས་ཁུལ་གྱི་ཡུལ་སྐོར་པ་མང་དུ་ཕྱིན། མི་བརྒྱ་ཕྲག་དུ་མས་བྱེ་སྒང་དུ་འཆམ་འཆམ་འགྲོ་བ་དང་སྦག་སྦག་འཁོར་ལོ་སྐོར་བ་རེད། ལྗོངས་ཁུལ་དེ་གཉེར་མཁན་བོད་ལྗོངས་སྨན་གླིང་གི་ཡུས་ཉན་ཡུལ་སྐོར་གསར་སྤེལ་ཚད་ཡོད་ཀུང་སི་ཡི་འགན་ཁུར་མི་སྣ་ལི་ཀྲོན་ཧྲིན་གྱིས། ཉེ་ཆར། ལྗོངས་ཁུལ་གྱིས་ཉིན་རེར་ཡུལ་སྐོར་པ་མི་ལྔ་བརྒྱ་ནས་དྲུག་བརྒྱ་སྣེ་ལེན་བྱེད་བཞིན་ཡོད་ཟེར།

མིག་སྔའི་བར་དུ། ཉིང་ཁྲི་གྲོང་ཁྱེར་ཡོངས་ཀྱི་མགྲོན་ཁང་དང་ཟ་ཁང686(སྐར་མ་རིམ་པའི་མགྲོན་ཁང་དང་ཟ་ཁང25)ཟིན་པ་དང་། ལོའི་སྣེ་ལེན་བྱེད་ཚད་མི་ཐེངས་ཁྲི1490ཡིན། ད་ཡོད་རོང་འབྲོག་པའི་ཁྱིམ་ཚང་མགྲོན་ཁང648(སྐར་མ་རིམ་པ192)ཟིན་པ་དང་། ལོའི་སྣེ་ལེན་བྱེད་ཚད་མི་ཐེངས་ཁྲི430ཟིན་པ། གྲོང་ཁྱེར་ཡོངས་ཀྱི་ཡུལ་སྐོར་སྐྱེལ་འདྲེན་ཁེ་ལས6དང་ཡུལ་སྐོར་ཚོགས་པ7། གྲོང་ཁྱེར་ཡོངས་སུ་ཕྱི་ཕྱོགས་སུ་དངོས་སུ་སྒོ་འབྱེད་པའི་ཡུལ་སྐོར་ལྗོངས་ཁུལ25དང་། རྒྱལ་ཁབ་ཀྱིAརིམ་པའི་ཡུལ་སྐོར་ལྗོངས་ཁུལ15ཡོད་པས། བྲག་གསུམ་མཚོ་དང་གྲོག་རོང་ཆེན་མོའི5Aལྗོངས་ཁུལ། Aརིམ་ཡུལ་སྐོར་ལྗོངས་ཁུལ་མཉམ་འདུས་ངང་འཕེལ་རྒྱས་བྱུང་བའི་རྣམ་པ་བཟང་པོ་ཆགས་ཡོད།

ན་ནིང་། ཉིང་ཁྲི་གྲོང་ཁྱེར་ཡོངས་ཀྱིས་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་པ་མི་ཐེངས་ཁྲི1317སྣེ་ལེན་བྱས་པས་ཡུལ་སྐོར་ཡོང་འབབ་སྒོར་དུང་ཕྱུར116ཟིན་པ་དང་། ཆ་སྙོམས་ཀྱི་འཕར་ཚད་བརྒྱ་ཆའི་ཆ་བརྒྱ་ཡན་ཟིན་ནས་ལོ་རྒྱུས་མཐོ་རིམ་སླེབས་ཡོད། །

 
རྩོམ་སྒྲིག་པ། : ལྷ་སྒྲོན་མཚོ།