ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་སྔོན་ཞིང་ཆེན་གྱི་ས་ཁུལ་དང་ལས་ཁུངས་བཅུ་གཅིག་ལ་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ས་ཁུལ་དང་དཔེ་སྟོན་ལས་ཁུངས་ཀྱི་དམིགས་བསལ་མཚན་སྙན་ཐོབ།

ཡོང་ཁུངས། : གངས་ལྗོངས་མེ་ལོང་།     སྤེལ་དུས། : 2024-02-17
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་གཉིས་པའི་ཚེས་བཅུ་དྲུག་ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཉེ་སྔོན་རྒྱལ་ཁབ་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་གིས་སྐོར་ཐེངས་བཅུ་བའི་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ས་ཁུལ་དང་དཔེ་སྟོན་ལས་ཁུངས་ཀྱི་མིང་འདོགས་པའི་སྐོར་གྱི་ཆོད་དོན་པར་སྐྲུན་འགྲེམ་སྤེལ་བྱས་ཏེ། སྔོན་ཐོན་ལ་སྐུལ་མ་གཏོང་བ་དང་དཔེ་སྟོན་སྣེ་ཁྲིད་བྱེད་ཆེད། གཟབ་ནན་གྱིས་དཔྱད་འདེམ་བྱས་པ་བརྒྱུད། ཀྲུང་གོའི་མི་དམངས་འཇར་འགོག་དམག་འཁྲུག་རྗེས་དྲན་ཁང་སོགས་ས་ཁུལ་དང་ལས་ཁུངས་ཉིས་བརྒྱ་དང་ཞེ་བརྒྱད་ལ་སྐོར་ཐེངས་བཅུ་བའི་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ས་ཁུལ་དང་དཔེ་སྟོན་ལས་ཁུངས་ཀྱི་མིང་འདོགས་རྒྱུ་ཐག་བཅད་པ་དང་། མིང་འདོགས་ཀྱི་ནུས་ཡུན་ལོ་ངོ་ལྔ་རེད། མཚོ་སྔོན་ཞིང་ཆེན་གྱི་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་དང་ཟི་ལིང་གྲོང་ཁྱེར་སྟོང་སྐོར་རྫོང་། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་ཐེམ་ཆེན་རྫོང་། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་རྩེ་ཁོག་རྫོང། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་དར་ལག་རྫོང་། ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ཆུ་དམར་ལེབ་རྫོང་། ཟི་ལིང་གྲོང་ཁྱེར་རྟ་ཐང་ཧོས་རིགས་ཧོར་རིགས་རང་སྐྱོང་རྫོང་སུའུ་པེ་བོད་རིགས་ཞང་། ཧྲིན་ཡོན་ས་གདན་སྡེ་ཚོགས་ཚད་ཡོད་ཀུང་ཟི། མཚོ་སྔོན་གྱི་མཐོ་རིམ་ལས་རིགས་ལག་རྩལ་སློབ་གླིང་། མཚོ་སྔོན་དགེ་འོས་སློབ་ཆེན་སོགས་ས་ཁུལ་དང་ལས་ཁུངས་བཅུ་གཅིག་དེའི་གྲས་སུ་ཚུད་ཡོད། ཉེ་བའི་ལོ་འགའི་རིང་ལ། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་མགོ་ཁྲིད་འོག ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོ་དང་སྡེ་ཁག་སོ་སོ། ལས་ཁུངས་སོ་སོ་བཅས་ཀྱིས་ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་ཆགས་པར་བྱེད་པ་གཞི་རྩའི་ཁ་ཕྱོགས་སུ་བྱེད་པ་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་གསར་འཛུགས་བྱ་བར་གཏིང་ཟབ་ཏུ་སྐུལ་འདེད་གཏོང་བ། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སྔོན་ཐོན་དཔེ་སྟོན་སྐོར་ཞིག་བྱུང་ནས་རིགས་སོ་སོའི་ལས་བྱེད་པ་དང་མང་ཚོགས་ལ་མིག་དཔེ་བསྟན་ཡོད་པ་དང་། རིགས་སོ་སོའི་མང་ཚོགས་ཀྱིས་དཀའ་སྡུག་མཉམ་མྱོང་དང་གཟི་བརྗིད་དང་ངོ་ཚར་མཉམ་ཁུར། ཤི་གསོན་མཉམ་གནས། ལས་དབང་གཅིག་མཐུན་ཡིན་པའི་ཐུན་མོང་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་ཆགས་པར་སྐུལ་འདེད་བཏང་བར་མ་ཟད། ཤུགས་ཆེན་པོས་དུས་རབས་གསར་བའི་མི་རིགས་མཐུན་སྒྲིལ་ཡར་ཐོན་ལས་དོན་ཐད་སྣང་ཚུལ་བཟང་བོ་འབྱུང་བ་དང་སྐས་རིམ་གསར་བ་ཞིག་ཏུ་བསླེབས་པར་སྐུལ་འདེད་བཏང་སྟེ། རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཞིང་ཆེན་གསར་འཛུགས་བྱེད་པའི་ཐད་དགོས་ངེས་ཀྱི་བྱས་རྗེས་བཞག་ཡོད།

རྒྱལ་ཁབ་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་གིས་མིང་འདོགས་བྱས་པའི་ས་ཁུལ་དང་ལས་ཁུངས་དག་གིས་གཟི་བརྗིད་གཅེས་སྤྲས་དང་ཡང་འབད་བསྐྱར་འབད་བྱས་ཏེ། བསྟུད་མར་ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་ཆགས་པར་བྱེད་པ་དེ་བྱ་བ་སོ་སོའི་ཁྲོད་དངོས་འབེབས་བྱས་ཤིང་། སྔར་ལས་མང་བའི་ཉམས་མྱོང་འཚོལ་ཞིབ་དང་སྔར་ལས་ཆེ་བའི་བྱ་སྤྱོད་བརྩོན་ལེན་བྱས་ཏེ། དུས་རབས་གསར་བའི་ཏང་གི་མི་རིགས་བྱ་བའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཐད་བྱས་རྗེས་གསར་བ་འཇོག་དགོས་པའི་རེ་བ་བཏོན།  །

 
རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།