ཀྲུང་གོ་བོད་ཀྱི་དྲ་བ།

དར་ལག་རྫོང་གིས་བྱེད་ཐབས་ནན་མོ་སྤྱད་དེ་ལས་བྱེད་པར་ལྟ་སྐུལ་བྱེད་པའི“འབྲེལ་ཐག་ཧྲིལ་པོ”ཇེ་དམ་དུ་བཏང་བ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་རིང་རྒྱ་མཚོས་བསྒྱུར།   སྤེལ་དུས། : 2024-03-25
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་བའི་ལོ་འགའི་རིང་། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་དར་ལག་རྫོང་གིས་ལས་བྱེད་པར་ལྟ་སྐུལ་དོ་དམ་བྱ་རྒྱུ་དེ་ཁྱོན་ཡོངས་ནས་ཏང་ནན་སྐྱོང་བྱེད་པ་དང་ལས་བྱེད་པར་དོ་དམ་ནན་མོ་བྱེད་པའི་འགག་རྩ་ཞིག་ཏུ་རྩིས་ནས་ཐོག་མཐའ་བར་གསུམ་དུ་ཆབ་སྲིད་ཀྱི་ལྟ་སྐུལ་མངོན་གསལ་བྱེད་པ་དང་། འདེམས་བསྐོའི་ལྟ་སྐུལ། རྒྱུན་ལྡན་གྱི་ལྟ་སྐུལ་དམ་འཛིན། གྲུབ་འབྲས་དངོས་ཀྱི་ལྟ་སྐུལ་ལ་ཤུགས་བསྣན་སོགས་ཀྱི་བྱེད་ཐབས་བརྒྱུད། ལས་བྱེད་པར་ལྟ་སྐུལ་བྱེད་པའི་ཁྱོན་ཡོངས་ནས་དམ་འཛིན་བྱེད་པ་དང་། ཁྱོན་ཡོངས་ནས་ལས་བྱེད་པར་ལྟ་སྐུལ་བྱེད་པའི“འབྲེལ་ཐག་ཧྲིལ་པོ”ཇེ་དམ་དུ་བཏང་ཞིང་། ཕན་འབྲས་ཡོད་པའི་སྒོ་ནས་ལས་བྱེད་པར་ལྟ་སྐུལ་བྱེད་པའི་ཕྱོགས་བསྡུས་ཀྱི་འགོག་སྲུང་འཛིང་རགས་བཙུགས་ཏེ་ཏང་ལ་བློ་དཀར་བ་དང་། སྤྱོད་པ་ལེགས་པ། འགན་འཁྲི་དང་དུ་ལེན་པ་བཅས་ཀྱི་བྱང་ཚད་མཐོ་བའི་ལས་བྱེད་པའི་དཔུང་ཁག་འཛུགས་སྐྲུན་བྱ་རྒྱུ་རེད།

དར་ལག་རྫོང་གིས་མགོ་ཁྲིད་ཚན་ཁག་དང་ལས་བྱེད་པའི་ཆབ་སྲིད་ཀྱི་བྱང་ཚད་ཡིག་ཚགས་བཟོ་བ་དང་འཐུས་ཚང་དུ་བཏང་སྟེ། རྫོང་ཡོངས་ཀྱི་མགོ་ཁྲིད་ཚན་ཁག་འཁོར་སྐྱོད་གནས་ཚུལ་དང་ཟུང་འབྲེལ་བྱས་པ་དང་བརྟག་ཞིབ་བྱས་ནས་མི་འདེམས་སྤྱོད་ཐད་ཚན་རིག་དང་མཐུན་པའི་གཞི་འཛིན་ས་མཁོ་འདོན་བྱས་པ་དང་དུས་མཚུངས་སུ། “ངེས་པར་ཏུ་གླེང་དགོས་པ་བཞི”དང་། སྲིད་དོན་གཙང་སྐྱོང་གི་བསམ་འཆར“མིང་རྟགས་གཉིས་ལྡན”དང་། བརྒྱུད་རིམ་ཧྲིལ་པོར་དངོས་བྲིས། རྟོག་ཞིབ་སྤྱི་བསྒྲགས། འགན་མ་འཁུར་གོང་གི་ཡོངས་བསྒྲགས་སོགས་ཀྱི་ལམ་ལུགས་དང་གཏན་འབེབས་ལག་བསྟར་ནན་མོ་བྱེད་པ་དང་། ལས་བྱེད་པར་ལྟ་སྐུལ་ཐེར་འདོན་ཁ་པར་དང་དྲ་སྦྲེལ་ཐེར་འདོན་སྟེགས་བུ་གསར་འཛུགས་བྱེད་པ། རྣམ་པ་མང་བ་དང་ཐབས་ལམ་མང་པོ་བརྒྱུད་ནས་མང་ཚོགས་ཀྱི་ལྟ་སྐུལ་རྒྱ་ཁྱབ་ཏུ་དང་ལེན་བཅས་བྱས་ཏེ། གཞུང་དྲང་ཚུལ་མཐུན་གྱི་རྩ་དོན་དེ་མི་འདེམས་སྤྱོད་ཀྱི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པར་བྱེད་པ་དང་། སྤྱོད་ཚུལ་བཟང་བོ་དང་། མང་ཚོགས་ཀྱི་ཁས་ལེན་བྱེད་པ། གྲུབ་འབྲས་འབུར་ཐོན་གྱི་ཏང་ཡོན་ལས་བྱེད་པ་བེད་སྤྱོད་བྱས་པ་བརྒྱུད། དྲང་བདེན་གྱི་ཕྱོགས་ལ་སྐུལ་འདེད་བྱེད་པ་དང་། དོན་དངོས་སྒྲུབ་མཁན་ལ་ཁེ་ཕན་ཐོབ་པ་དང་འབད་འབངས་བྱེད་མཁན་ལ་རེ་བཞག་ཡོད་པར་བྱ་རྒྱུ་རེད།  །  

 
རྩོམ་སྒྲིག་པ། : ཚེ་རིང་རྒྱ་མཚོ།