ཀྲུང་གོ་བོད་ཀྱི་དྲ་བ།

རྫ་སྟོད་རྫོང་གིས་རྣམ་པ་མང་པོ་སྤྱད་དེ་ཏང་ཡོན་གྱི“དགུན་དཔྱིད་ཀྱི་སྦྱོང་བརྡར”ཐད་སྒུལ་ནུས་གསར་པ་འདོན་སྤེལ་བྱས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་རིང་རྒྱ་མཚོས་བསྒྱུར།   སྤེལ་དུས། : 2024-03-25
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་རྫ་སྟོད་རྫོང་གིས་ཀྲུང་དབྱང་དང་ཞིང་ཆེན། ཁུལ་ཏང་ཨུའི་བྱ་བའི་བླང་བྱ་ལག་ལེན་མཐར་ཕྱིན་བྱེད་པ་དང་།“སློབ་སྦྱོང་གཅིག་དང་སྐུལ་འདེད་གསུམ”གྱི་སྒྲོག་འགྲེལ་བྱེད་སྒོ་དང་ཟུང་འབྲེལ་བྱས་ཏེ། རྫོང་ཡོངས་ཀྱི་འབྲོག་པའི་ཏང་ཡོན་གྱི་དོན་དངོས་དགོས་མཁོར་གཞི་ཚུགས་ཏེ། རྣམ་པ་གསར་པ་དང་ལག་ལེན་གསར་པར་བརྟེན་ནས་རོང་འབྲོག་པའི་ཏང་ཡོན་གྱི“དགུན་དཔྱིད་ཀྱི་སྦྱོང་བརྡར”གྱི་སྒུལ་ནུས་གསར་པ་འདོན་སྤེལ་བྱས་པ་བརྒྱུད། རྫོང་ཡོངས་ཀྱི་འབྲོག་པའི་ཏང་ཡོན་གྱི“དགུན་དཔྱིད་སྦྱོང་གསུམ”ཡོངས་སུ་ཁྱབ་པ་དང་།  རྒྱུན་རྣམ་ཅན་དུ་འགྱུར་བ་དང་ཕན་འབྲས་དངོས་སུ་ཐོབ་པར་སྐུལ་འདེད་བྱ་རྒྱུ་རེད།

“ཇུས་ཐབས”སྔོན་ལ་འཛིན་པ་དང་། ལམ་ལུགས་ཀྱི་འགན་སྲུང་ཐད་བྱ་ཐབས་ངོ་མ་འདོན་དགོས་ལ། འབྲོག་པའི་ཏང་ཡོན་གྱི“དགུན་དཔྱིད་གཉིས་ཀྱི་སྦྱོང་བརྡར”ལས་དོན་དེ་ལོ་འཁོར་གྱི་ཏང་གི་འཛུགས་སྐྲུན་ལས་དོན་གྱི་གཙོ་གནད་ནང་བཞག་པ་དང་ཏང་རྩ་འཛུགས་ཀྱི་ཧྲུའུ་ཅིས་གཞི་རིམ་ཏང་གི་འཛུགས་སྐྲུན་ལས་དོན་ལ་དམ་འཛིན་བྱེད་པའི་ལས་འགན་སྒྲུབ་ཚུལ་ལ་དཔྱད་གླེང་དང་། དཔྱད་ཞིབ་བྱེད་པའི་ནང་དོན་གལ་ཆེན་ནང་བཞག་ཏེ་སྔ་མོ་ནས་ཇུས་འགོད་བྱེད་པ་དང་། འབྱུང་རྩ་མཐིལ་རྟོགས་བྱེད་པ། རྨང་གཞི་སྲ་བརྟན་དུ་གཏོང་བ་བཅས་རྒྱུན་འཁྱོངས་བྱས་པ་བརྒྱུད། ཡུས་ཧྲུའུ་ཁུལ་གྱིས“སྡེ་བ་སྟོབས་ལྡན་དུ་གྱུར་བའི་སློབ་ཁང”དང་རྫ་སྟོད་རྫོང་སྡེ་བ་སྟོབས་ལྡན་དུ་གཏོང་བའི་དགེ་རྒན་ཚོགས་པའི་རིགས་པའི་གཞུང་ལུགས་སྒྲོག་འགྲེལ་གཙོ་ཤུགས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། སྤུས་ཚད་མཐོ་བའི་སྒོ་ནས་ཏང་ཡོན་ཚོའི“དགུན་དཔྱིད་གཉིས་ཀྱི་སྦྱོང་བརྡར”ལས་དོན་མཐོར་འདེགས་སུ་བཏང་།

“སློབ་སྦྱོང་”རྩ་བར་འཛིན་པ་དང་། སློབ་སྦྱོང་ཐད་ཤུགས་བསྣན་ནས་ཕན་འབྲས་དངོས་ཐོབ་པར་བྱེད་དགོས་པ་དང་། ཀྲུང་དབྱང་གི་ཡིག་ཆ་ཨང་དང་པོ་དེ་འབྲོག་པའི་ཏང་ཡོན་གྱི་སློབ་གསོའི་གསོ་སྦྱོང་གི་ཆབ་སྲིད་ཀྱི་ལས་འགན་ཨང་དང་པོར་བརྩིས་ནས། འབྲོག་པའི་ཏང་ཡོན་གྱི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ“གང་ཞིག་སློབ་དགོས་པ་དང་གང་ཞིག་སྦྱོང་དགོས་པ་ཁ་གསབ་བྱེད་པ”ཞེས་པའི་རྩ་དོན་ལྟར་སློབ་ཁང་ནས་ཞིང་ཁ་རུ་སྤོས་ནས“དགུན་དཔྱིད་ཀྱི་སྦྱོང་བརྡར”དེ་ཏང་ཡོན་གྱི་དངོས་སྤྱོད་ལག་རྩལ་གསོ་སྦྱོང་བྱེད་སའི“སྣུམ་སྣོན་ས་ཚིགས”ཤིག་ཏུ་འགྱུར་བ་བྱས་པ་རེད། མིག་སྔའི་བར་རྫོང་ཡོངས་ཀྱི་ཤང་དང་གྲོང་རྡལ་སོ་སོའི་འབྲོག་པའི་ཏང་ཡོན་གསོ་སྦྱོང་འཛིན་གྲྭ་ཐེངས12ལ་སྒྲུབ་ནས་འབྲོག་པའི་ཏང་ཡོན་མི་ཐེངས2100ལྷག་གསོ་སྦྱོང་ལ་ཞུགས།

“དངོས་སྒྲུབ་”གཙོ་གནད་དུ་འཛིན་པ་དང་། ལག་ལེན་དོན་འཁྱོལ་བྱེད་པའི་ཐད་གྲུབ་འབྲས་དངོས་ཐོན་པར་བྱ་དགོས་ལ། “སེམས་འབྲེལ་མཉམ་སྐྲུན”དང“གཅིག་གི་གཅིག་ལ་རོགས་བྱེད་པ”ཞེས་པའི་བྱ་བའི་ལམ་ལུགས་དོན་འཁྱོལ་བྱས་ནས་སློབ་སྦྱོང་གསོ་སྦྱོང་དེ“ངས་མང་ཚོགས་ལ་བྱ་བ་དངོས་སྒྲུབ་པ”དང“ལས་བྱེད་པ་བརྒྱ་ལྷག་གཞི་རིམ་དུ་བསྐྱོད་པ”སོགས་ཀྱི་བྱེད་སྒོ་དང་ཟུང་འབྲེལ་བྱས་ཏེ། “མང་ཚོགས་དང་འབྲེལ་གཏུག་བྱེད་པ་དང་། འཚོ་བའི་སྐོར་གླེང་བ། ཡུལ་སྐད་ལུང་སྐད”བཅས་ལ་བརྟེན་ནས་ཏང་གི“སྐད་སྒྲ་སྙན་མོ”འབྲོག་པའི་ཏང་ཡོན་གྱི་སེམས་ཁུངས་སུ་བསྐྱལ་བ་དང་། ཏང་ཡོན་གྱི་སློབ་གསོ་གསོ་སྦྱོང་ལ་དྲོ་ཁོལ་ལྡན་པ་དང་། ཁྱབ་རྒྱ་ཆེ་བ། ནུས་ཤུགས་ལྡན་པ་བཅས་བྱས་ཡོད་པ་རེད། །

 
རྩོམ་སྒྲིག་པ། : ཚེ་རིང་རྒྱ་མཚོས་བསྒྱུར།