ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གུང་གི་འཐུས་མི་ཚོགས་པ་སི་རི་ལན་ཁར་འཚམས་འདྲི་གནང་བ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2024-04-26
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ4པའི་ཚེས22ཉིན་ནས་ཚེས26ཉིན་བར། ཀྲུང་གུང་ཀྲུང་དབྱང་ཕྱི་ཕྱོགས་འབྲེལ་གཏུག་པུའུ་ཡི་པུའུ་ཀྲང་གཞོན་པ་སུན་ཧའེ་ཡན་གྱིས་ཀྲུང་གུང་འཐུས་མི་ཚོགས་པ་ཁྲིད་དེ་སི་རི་ལན་ཁར་འཚམས་འདྲི་གནང་། འཚམས་འདྲི་གནང་སྐབས་སི་རི་ལན་ཁའི་གཅིག་གྱུར་གོ་མིན་ཏང་གི་གཙོ་འཛིན་ནམ་ཙུང་ཐུང་ཝེ་ཁེ་ལཱ་མ་ཞིན་ཧ་ལ་ཐུག་འཕྲད་གནང་། འཐུས་མི་ཚོགས་པས་སི་རི་ལན་ཁའི་གཞུང་ཟུར་སྲིད་ཏང་གི་མགོ་ཁྲིད་གཙོ་བོ་དང་། དེ་མིན་ས་གནས་དང་རིག་མཛོད། སྨྱན་བྱད་མི་སྣ་སོགས་ལ་ཐུག་འཕྲད་གནང་ཞིང་བསམ་བློ་བརྗེ་རེས་བྱས་པ་མ་ཟད། “དར་གོས་ལམ་བུས་མི་སེམས་འབྲེལ”ཞེས་པའི་བྱེད་སྒོར་ཞུགས་ཏེ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློ་དྲིལ་བསྒྲགས་དང་ངོ་སྤྲོད་གཏིང་ཟབ་གནང་སྟེ། ཀྲུང་གོ་དང་སི་རི་ལན་ཁ་བར་གྱི་འབྲེལ་བ་དང་ཁྱབ་ཁོངས་ཁག་གི་མཉམ་ལས་ཐད་སྤེལ་རེས་གཏིང་ཟབ་བྱས།

ཕྱོགས་གཉིས་ཀྱིས་རྒྱལ་ཁབ་གཉིས་ཀྱི་མགོ་ཁྲིད་མི་སྣའི་ཐུན་མོང་གི་ལྟ་ཚུལ་གལ་ཆེན་རྣམས་དངོས་འབེབས་བྱ་རྒྱུ་དང་། ཀྲུང་གོ་དང་སི་རི་ལན་ཁ་བར་གྱི་ཁྱབ་ཁོངས་ཁག་གི་དངོས་དོན་མཉམ་ལས་གཏིང་ཟབ་དུ་གཏོང་རྒྱུ་མ་ཟད། ཀྲུང་གོ་དང་སི་རི་ལན་ཁ་བར་གྱི་ལྷག་བསམ་ཟོལ་མེད་ཀྱི་རོགས་རེས་ལ་སྐུལ་འདེད་དང་མི་རབས་ནས་མི་རབས་བར་བརྒྱུད་པའི་མཛའ་མཐུན་གྱི་འཐབ་ཇུས་མཉམ་ལས་ཀྱི་རོགས་ཟླའི་འབྲེལ་བ་སྐྱོན་བྲལ་དང་བརྟན་བརླིང་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་དགོས་ཚུལ་བསྟན།  །

 
རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།