ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་ལྷོ་ཁུལ་གྱི་ཆུ་མཛོད་གཉིས་འཛུགས་བསྐྲུན་བྱེད་མགོ་ཚུགས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : བདེ་ལེགས་མཚོ་ཡིས་བསྒྱུར།   སྤེལ་དུས། : 2024-04-27
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ4བའི་ཚེས24ཉིན། གསར་འགོད་པས་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཆུ་བེད་ཅུའུ་ནས་རྒྱུས་ལོན་པ་ལྟར་ན། ཁུལ་ཆུ་བེད་ཅུའུ་ཡིས་ཐུན་ཏེ་རྫོང་འཇང་ཆེན་ཆུ་མཛོད་དང་ཞིན་ཧའེ་རྫོང་བྱ་སྙིང་ཆུ་མཛོད་ཀྱི་ལས་གྲྭའི་ཇུས་འགོད་སྙན་ཞུར་མཆན་འགོད་བྱས་པ་དང་། ཆུ་མཛོད་གཉིས་ཀྱི་ལས་གྲྭའི་རྩད་ཞིབ་ཇུས་འགོད་ཆོག་མཆན་ལས་དོན་ལེགས་འགྲུབ་བྱུང་བར་མ་ཟད། དངོས་སུ་འཛུགས་སྐྲུན་བྱེད་པའི་དུས་སུ་སླེབས། 

འཇང་ཆེན་ཆུ་མཛོད་དེ་ཐུན་ཏེ་རྫོང་འཇང་ཆེན་ཆུ་བོའི་སྟོད་རྒྱུད་དུ་གནས་པ་དང་། མ་དངུལ་བསྡོམས་འབོར་སྒོར་དུང་ཕྱུར2.29བཏང་བ་དང་། ཇུས་འགོད་བྱས་པའི་ཆུ་མཛོད་ཀྱི་རྒྱ་ཁྱོན་ལ་སྨི་རྒྱ་དཔངས་གྲུ་བཞི་མ་ཁྲི214.6དང་། ལོ་རེའི་ཆུ་མཁོ་འདོན་བྱེད་ཚད་སྨི་རྒྱ་དཔངས་གྲུ་བཞི་མ་ཁྲི288.4ཡོད།  བྱ་སྙིང་ཆུ་མཛོད་ནི་ཞིན་ཧའེ་རྫོང་གི་ཆུ་རགས་ཆེན་པོའི་གཡས་རྒྱུད་ཀྱི་ཆུ་ལག་བྱ་སྙིང་བྲག་ཤུར་གྱི་སྟོད་རྒྱུད་དུ་གནས་པ་དང་། མ་དངུལ་བསྡོམས་འབོར་སྒོར་དུང་ཕྱུར2.99བཏང་བ་དང་། ཇུས་འགོད་བྱས་པའི་ཆུ་མཛོད་ཀྱི་རྒྱ་ཁྱོན་ལ་སྨི་རྒྱ་དཔངས་གྲུ་བཞི་མ་ཁྲི232.5དང་། ལོ་རེའི་ཆུ་མཁོ་འདོན་བྱེད་ཚད་སྨི་རྒྱ་དཔངས་གྲུ་བཞི་ཁྲི་མ275.5ཡོད་པ་རེད།  །



 
རྩོམ་སྒྲིག་པ། : བདེ་ལེགས་མཚོ།