ཀྲུང་གོ་བོད་ཀྱི་དྲ་བ།

ཡུས་ཧྲུའུ་ཁུལ་གྱིས་དཔྱད་ཞིབ་དམིགས་འབེན་ལས་འགན་དབྱེ་འབྱེད་བྱས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : རིག་ལྡན་རྒྱ་མཚོས་བསྒྱུར།   སྤེལ་དུས། : 2024-04-27
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ད་ལོའི་རིང་ལ། ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་གྱིས་གཞི་རིམ“ཁུར་བོ་ཇེ་ཡང་དུ་བཏང་ནས”དཔྱད་ཞིབ་བྱ་བ་དེ་ལོ་རེའི་དམིགས་འབེན་ལས་འགན་དབྱེ་འབྱེད་ཀྱི་མགོ་རྩོམ་སར་བཟུང་ནས། ལས་བྱེད་པའི་དཔྱད་ཞིབ་ཁྲོད་ནས་ཕྱིར་ཡོང་སྟེ། སེམས་ཤུགས་མང་པོ་དོན་འཁྱོལ་ཐད་ཡོང་བར་བྱས། 

“ཡང་དག”ཐད་དམིགས་པ་དང་། ཆབ་སྲིད་ཀྱི་ལངས་ཕྱོགས་རྒྱུན་འཁྱོངས་བྱས་ཏེ་བྱ་བའི་ཁ་ཕྱོགས་མཐོར་འདེགས་སུ་བཏང་། ཁུལ་ཨུའི་དཔྱད་ཞིབ་གཞུང་སྒྲུབ་ཁང་གིས་དཀྱིལ་སྙིང་དང་དམ་དུ་འབྲེལ་བ་དང་། སྤྱི་ཁྱོན་ལ་ཞབས་ཞུ་སྒྲུབ་པར་བྱས་ཏེ། “དྲ་ཐོག་དང་ཡུལ་དངོས”ཀྱི་རྣམ་པས་གྲོང་ཁྱེར་དང་རྫོང་སོ་སོའི་སྡེ་ཁག་གི་དཔྱད་ཞིབ་ལས་སྒྲུབ་འགན་ཁུར་བར་ད་ལོའི་ཞིང་ཆེན་དང་། ཁུལ་ཨུའི་གཞི་རིམ་གྱི“ཁུར་བོ་ཇེ་ཡང་”དུ་གཏོང་བའི་སྐོར་གྱི་འབྲེལ་ཡོད་བླང་བྱ་དང་། དཔྱད་ཞིབ་རྟགས་ཚད་ཀྱི་རྩ་བའི་ཚད་གཞི་དང་ནང་དོན་གལ་ཆེན་བརྒྱུད་སྒྲོག་བྱས་པ་དང་།ཁུལ་རིམ་པའི་སྡེ་ཁག་སོ་སོས་གཞི་རིམ་དཔྱད་ཞིབ་ཀྱི་སྤྱི་གྲངས་དང་གྲངས་ཀ་ཚོད་འཛིན་ནན་མོ་བྱས་པ་མ་ཟད། གྲོང་ཁྱེར་དང་རྫོང་སོ་སོའི་སྡེ་ཁག་གིས་དཔྱད་ཞིབ་བྱ་བའི་དོན་སྙིང་ལ་གོ་བ་ཟབ་མོ་ལེན་བྱས་ནས། དཔྱད་ཞིབ་བྱ་བ་གནད་ཁེལ་ཅན་དུ་ཁག་ཐེག་བྱེད་པར་བྱས། 

“ཞིབ་ཕྲ”དང་དམ་དུ་འབྲེལ་ཏེ། བསམ་བློའི་ངེས་ཤེས་རྒྱུན་འཁྱོངས་བྱས་ཏེ་དཔྱད་ཞིབ་ཁ་ཕྱོགས་ཁོང་དུ་ཆུད་པར་བྱས། དཔྱད་ཞིབ་ཀྱི་བྱེ་བྲག་གི་ནང་དོན་ཤུགས་ཆེར་བཏང་བ་དང་། དཔྱད་ཞིབ་རྩ་དོན་ཞིབ་བཤེར་གྱི་ཤུགས་ཚད་ཆེ་རུ་བཏང་སྟེ། གཙོ་གནད་ལས་འགན་དང་། ལས་འགན་གཙོ་བོ། བྱ་བའི་གཙོ་གནད་སྒྲིག་བཀོད་དང་དམ་དུ་འབྲེལ་ནས། སྐྱེ་ཁམས་ཁོར་སྲུང་དང་། ལྗང་མདོག་འཕེལ་རྒྱས། གྲོང་གསེབ་དར་སྤེལ། དམངས་ཚིས་བདེ་སྐྱིད། མི་རིགས་མཐུན་སྒྲིལ་ཡར་ཐོན་སོགས་གཙོ་གནད་བྱ་བ་དང་།སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་བཀོད་སྒྲིག་གལ་ཆེན་དང་། གཙོ་གནད་ལས་འགན། གཙོ་གནད་ལས་གཞི་སོགས་ཁུལ་ཡོངས་ཀྱི་བྱ་བའི་ལས་འགན་ཁྲོད་བླངས་པའི་དཔྱད་ཞིབ་ཀྱི་ནང་དོན་འབུར་ཐོན་དུ་བྱས་ཏེ། སྟོབས་ཤུགས་ཡོད་རྒུས་ལས་འགན་ལ་དམིགས་ཏེ། ལས་དོན་དག་གནད་ཁེལ་ཡོང་བར་བྱས་ནས། ལོ་རེའི་དཔྱད་ཞིབ་བྱ་བ་གནད་ཁེལ་ཅན་དུ་ཡོང་བར་ཁག་ཐེག་བྱས། 

“དོན་དངོས”ལ་རྐང་བཙུགས་ཏེ། དཔྱད་ཞིབ་ཁ་ཕྱོགས་ཀྱི་རྟགས་ཚད་གཏན་ཁེལ་རྒྱུན་འཁྱོངས་བྱས། ད་ལོ་ནས་བཟུང་དུས་རྒྱུན་གྱི་དཔྱད་ཞིབ་ཀྱི་གནད་འགག་རང་བཞིན་གྱི་ནུས་པ་འབུར་ཐོན་དུ་བྱས་ཏེ། མི་དམངས་མང་ཚོགས་ཀྱི་རེ་སྒུག་བྱེད་པའི་གནད་དོན་ཐག་གཅོད་བྱེད་པ་དང་། དམངས་ཚིས་བདེ་སྐྱིད་རྟགས་ཚད་དེ་དུས་རྒྱུན་གྱི་དཔྱད་ཞིབ་ཁྲོད་བླངས་ཏེ། འགུལ་རྣམ་ལྟ་སྐུལ་སོགས་ཀྱི་རྣམ་པ་བརྒྱུད་དེ། དུས་ཐོག་ཏུ་བྱ་བའི་འབྲས་བུ་དང་དོན་དངོས་གནས་ཚུལ་ཁོང་དུ་ཆུད་པར་བྱས་ནས། ཉིན་རྒྱུན་གྱི་ལྟ་སྐུལ་དཔྱད་ཞིབ་འབྲས་བུ་དེ་བྱ་བ་དོན་འཁྱོལ་སྐུལ་འདེད་གཏོང་བའི་ཐབས་ལམ་གལ་ཆེན་དུ་བྱས་ཏེ། “ལོ་མཇུག་གི་དཔྱད་ཞིབ”ཀྱི་སྣང་ཚུལ་འགོག་སྲུང་བྱས་ནས། ལོ་རེའི་དཔྱད་ཞིབ་བྱ་བ་རྒྱུན་ལྡན་དུ་གཏོང་བར་ཁག་ཐེག་བྱས། ། 

 
རྩོམ་སྒྲིག་པ། : རིག་ལྡན་རྒྱ་མཚོ།