ཀྲུང་གོ་བོད་ཀྱི་དྲ་བ།

དབྱར་མགོ་ཚུགས་པའི་ནགས་ཕག་མཚོ་ཡི་མཛེས་ཉམས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ལྷ་སྒྲོན་མཚོས་བསྒྱུར།   སྤེལ་དུས། : 2024-04-25
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མིག་སྔར་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ནགས་ཕག་མཚོ་བརླན་སའི་མཐོ་སྒང་གི་སྔོ་ཁེབས་དལ་གྱིས་རྒྱས་པ་དང་། གནམ་སྔོན་པོའི་འོག་ཏུ་མཚོ་མོ་དྭངས་ཤིང་གཙང་ལ། རྩྭ་ཐང་སྔོ་ལྗང་དུ་འགྱུར་བ། ནོར་ལུག་གི་ཁྱུ་རྩྭ་ཐང་དུ་རྒྱུ་བས་རང་བྱུང་ཡུལ་ལྗོངས་མཛེས་ལ་སྡུག་པས་ཡུལ་སྐོར་པ་མང་པོའི་ཡིད་སེམས་དབང་མེད་དུ་བཀུག་པ་རེད།

ནགས་ཕག་མཚོ་ཞིང་ཆེན་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་ནི་མཐོ་སྒང་གི་ཁྱད་ཆོད་ལྡན་པའི་ལྗོངས་ཁུལ་གྲས་ཡིན། དེ་རུ་དུས་ཚིགས་བཞི་བོར་ཐུན་མོང་མ་ཡིན་པའི་མཛེས་ལྗོངས་མངོན་ཐུབ་པས་ཡུལ་སྐོར་པས་ལྕགས་རྟ་ཞོན་ནས་མཚོ་བསྐོར་བྱེད་པ་དང་རྟ་ལ་ཞོན་ན་རྩྭ་ཐང་གི་མཛེས་ལྗོངས་གཟིགས་ཆོག

 
རྩོམ་སྒྲིག་པ། : ལྷ་སྒྲོན་མཚོ།