ཀྲུང་གོ་བོད་ཀྱི་དྲ་བ།

དབྱི་སི་རལ་རྒྱལ་སྲུང་དམག་གིས་ཅ་ཧྲ་ལྷོ་རྒྱུད་ཀྱི་གྲོང་ཁྱེར་ལ་ཧྥ་ལ་རྒོལ་བའི་དགོས་ངེས་ཀྱི་གྲ་སྒྲིག་བྱས་ཚར་ཞེས་བསྟན་པ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : ཚེ་རིང་དོན་གྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2024-04-26
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། དབྱི་སི་རལ་གྱི་ཆ་འཕྲིན་མི་སྣས་ཚེས24ཉིན་བཤད་རྒྱུར། མིག་སྔར་དབྱི་སི་རལ་རྒྱལ་སྲུང་དམག་གིས་ཅ་ཧྲ་ལྷོ་རྒྱུད་ཀྱི་གྲོང་ཁྱེར་ལ་ཧྥ་ལ་རྒོལ་བའི་དགོས་ངེས་ཀྱི་གྲ་སྒྲིག་བྱས་ཚར་བ་དང་། སྲིད་གཞུང་གི་ཆོག་མཆན་ལ་སྒུག་ཡོད། མིག་སྔར་ཁྲི150ལས་བརྒལ་བའི་ཕ་ལི་སི་ཐན་གྱི་མི་ལ་ཧྥ་ལ་ཡུལ་བྱོལ་དུ་བྲོས་ཡོད། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་དབྱི་སི་རལ་དམག་གིས་ལ་ཧྥ་རུ་དམག་གི་སྦྱོར་བ་བརྩམས་ཚེ་མང་ཚོགས་མང་བོ་རྐྱེན་ལམ་དུ་ཤོར་ངེས་བའི་སེམས་ཁུར་བྱེད་ཀྱིན་ཡོད། 

 
རྩོམ་སྒྲིག་པ། : 才让东珠