ཀྲུང་གོ་བོད་ཀྱི་དྲ་བ།

ཝང་དབྱི་ཡིས་མ་ལའེ་ཞི་ཡའི་ཕྱི་འབྲེལ་དཔོན་མུའུ་ཧན་མའོ་ཏི་དང་གྲོས་མོལ་གནང་བ།

    སྤེལ་དུས། : 2024-04-26
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཨུ་ཡོན་ནམ་ཕྱི་འབྲེལ་པུའུ་ཀྲང་ཝང་དབྱི་ཡིས་ཚེས24ཉིན་པེ་ཅིན་དུ་མ་ལའེ་ཞི་ཡའི་ཕྱི་འབྲེལ་དཔོན་མུའུ་ཧན་མའོ་ཏི་དང་གྲོས་མོལ་གནང་།

ཝང་དབྱི་ཡིས་བསྟན་དོན། ཕྱི་འབྲེལ་བཙུགས་པའི་དུས་རབས་ཕྱེད་ཙམ་གྱི་རིང་། ཀྲུང་མ་ནི་ནམ་ཡིན་ནཡང་གྲོགས་པོ་བཟང་པོ་དང་གྲོགས་པོ་ངོ་མ་ཡིན། ཀྲུང་གོས་མ་ལའེ་ཞི་ཡ་དང་མཉམ་དུ་རྒྱལ་ཁབ་གཉིས་ཀྱི་གཙོ་བདག་གི་ཐུན་མོང་ངོས་འཛིན་གལ་ཆེན་དངོས་འབེབས་བྱས་ཏེ། ཕྱི་འབྲེལ་བཙུགས་ནས་ལོ་འཁོར50ལོན་པ་གོ་སྐབས་སུ་བཟུང་སྟེ། ཀྲུང་མའི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པ་མཛུབ་སྟོན་དུ་བཟུང་ནས། ཕྱོགས་གཉིས་ཀྱི་འབྲེལ་བར་ཡང་བསྐྱར་སྔར་ལས་འོད་སྟོང་འབར་བའི་ལོ་ངོ50བསྐྲུན་འདོད་ཡོད། ཀྲུང་གོས་མ་ལའེ་ཞི་ཡ་དང་མཉམ་དུ་མཐུན་སྦྱོར་རོགས་ལས་ལ་ཤུགས་བསྣན་ཏེ། འཛམ་གླིང་ལྷོ་ཕྱོགས་ཀྱི་ཐུན་མོང་ཁེ་ཕན་ལ་སྲུང་སྐྱོབ་བྱེད་འདོད་ཡོད།

མུའུ་ཧན་མའོ་ཏི་ཡིས་བསྟན་དོན། མ་ལའེ་ཞི་ཡས་ཀྲུང་གོ་གཅིག་གི་སྲིད་ཇུས་བརྩི་སྲུང་བྱས་ཏེ། ཕྱི་ཕྱོགས་སྟོབས་ཤུགས་ཀྱིས་ལྷོ་རྒྱ་མཚོ་ས་ཁུལ་ལ་ཐེ་གཏོགས་བྱེད་པར་ངོ་རྒོལ་བྱ་རྒྱུ་ཡིན། ཀྲུང་གོ་དང་མཉམ་དུ་སྔར་ལས་ལྷག་པར་རིམ་པ་སོ་སོའི་འགྲོ་འོང་ལ་ཤུགས་སྣོན་འདོད་ཡོད། །

 
རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།