ཀྲུང་གོ་བོད་ཀྱི་དྲ་བ།

དགའ་བདེ་རྫོང་གིས་ཏང་འཛུགས་སྣེ་ཁྲིད་ལ་བརྟེན་ནས་དང་བླངས་པའི་དཔལ་ཡོན་ལག་ལེན་གྱི་ཕན་འབྲས་ཐོབ་པར་སྐུལ་འདེད་བཏང་།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : རིག་ལྡན་རྒྱ་མཚོས་བསྒྱུར།   སྤེལ་དུས། : 2024-04-01
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་དགའ་བདེ་རྫོང་གིས་ཧུར་ཐག་གིས་གཞི་རིམ་ཏང་འཛུགས་དང་དུས་རབས་གསར་བའི་དཔལ་ཡོན་ལག་ལེན་ལ་སྐུལ་འདེད་བཏང་ནས། “ཏང་དར་དམར་པོའི”“དང་བླངས་པར”སྣེ་ཁྲིད་བྱས་ཏེ། དུས་རབས་གསར་བའི་དཔལ་ཡོན་ལག་ལེན་ཐད་དུས་རིམ་གསར་བར་བསྐྱོད་ཅིང་། ཐོད་བརྒལ་དང་ཕན་འབྲས་གསར་བ་ལེན་པར་སྐུལ་འདེད་བཏང་། 

དགའ་བདེ་རྫོང་གིས་ཞང་དང་གྲོང་རྡལ7དང་སྡེ་བ་རིམ་པའི་དུས་རབས་གསར་བའི་དཔལ་ཡོན་ལག་ལེན་ལྟེ་གནས38དང་། ལག་ལེན་ས་ཚིགས་ཀྱི་ད་ཡོད་ཐོན་ཁུངས་གཅིག་སྒྲིལ་བྱས་ཏེ། “ཏང་འཛུགས་སྣེ་ཁྲིད”ཀྱི་གཡུལ་ས་དང་དཔུང་ཁག་ཇེ་དྲག་ཏུ་བཏང་ནས། དྲིལ་སྒྲོག་དང་ཞབས་ཞུ་ཇེ་ལེགས་སུ་བཏང་། ཏང་ཡོན་སྣེ་ཁྲིད་ནུས་པ་འདོན་སྤེལ་གང་ལེགས་སྒོས། ཏང་ཡོན་ཡོངས་དུས་རབས་གསར་བའི་དཔལ་ཡོན་ལག་ལེན་འཛུགས་སྐྲུན་ཁྲོད་ཞུགས་པར་འབོད་སྐུལ་བྱས་ཏེ། དང་བླངས་པའི་སྒྲོག་འགྲེལ་དང་མང་ཚོགས་སྦྲེལ་མཐུད་འཛུགས་སྒྲུབ་བྱས་ནས། ལས་བྱེད་མང་ཚོགས་ཀྱི་འབྲེལ་བ་ཇེ་ཟབ་ཏུ་བཏང་། དུས་མཚུངས་སུ། མང་ཚོགས་ལ་ཞབས་ཞུ་སྒྲུབ་པ་དང་། མང་ཚོགས་གཅིག་སྒྲིལ་དེ་མགོ་རྩོམ་ས་དང་རྐང་ཚུགས་སར་བྱས་ཏེ། མང་ཚོགས་ལ་བདེ་ཐང་གི་འོས་འགན་སྨན་བཅོས་དང་། དམངས་ལ་སྟབས་བདེ་ཞབས་ཞུ་མཁོ་འདོན་བྱས་ཏེ། རོགས་སྐྱོར་དང་འགལ་བ་ཞི་འཇགས་སུ་བཏང་ནས། སྲིད་ཇུས་དྲིལ་སྒྲོག་སོགས་ཀྱི་ཞབས་ཞུ་སྒྲུབ་པ་དང་། མང་ཚོགས་ཀྱི་དཀའ་ཁག་རོགས་སྐྱོར་གནད་དོན200ལྷག་སེལ་རོགས་བྱས་ནས། མང་ཚོགས་ཀྱི་སྐྱིད་སྣང་དང་ཐོབ་སྣང་བཅས་མཐོར་འདེགས་སུ་བཏང་། ། 

 
རྩོམ་སྒྲིག་པ། : རིག་ལྡན་རྒྱ་མཚོ།