ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་སྔོན་ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་པའི་སྐོར་ཞིབ་སྐོར་བཞི་པའི་ཕྱིར་ལྡོག་ལེགས་འགྲུབ་བྱུང་བ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : གསང་བདག་རྒྱལ་གྱིས་བསྒྱུར།   སྤེལ་དུས། : 2024-04-25
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ། མཚོ་སྔོན་ཞིང་ཆེན་ཏང་ཨུའི་གཅིག་གྱུར་བཀོད་སྒྲིག་གཞིར་བཟུང་བ་དང་། ཞིང་ཆེན་ཏང་ཨུ་སྐབས་བཅུ་བཞི་པའི་སྐོར་ཞིབ་སྐོར་བཞི་པའི་ཕྱིར་ལྡོག་ལས་དོན་ཡོངས་སུ་ལེགས་འགྲུབ་བྱུང་། ཐེངས་འདིའི་སྐོར་ཞིབ་ནི་གཅིག་སྡུད་ཕྱིར་ལྡོག་དང་གཅིག་ལ་གཅིག་སྤྲོད་ཀྱི་ཕྱིར་ལྡོག་ཟུང་འབྲེལ་རྣམ་པ་སྤྱད། ཟླ4པའི་ཚེས18ཉིན། ཞིང་ཆེན་ཏང་ཨུའི་སྐོར་ཞིབ་ལས་དོན་མགོ་ཁྲིད་ཚན་ཆུང་གིས་མཚོ་ཤར་གྲོང་ཁྱེར་ལ་གཅིག་སྡུད་ཕྱིར་ལྡོག་བྱེད་པའི་ཚོགས་འདུ་བསྡུས། ཚོགས་འདུའི་རྗེས་སུ། ཞིང་ཆེན་ཏང་ཨུའི་སྐོར་ཞིབ་ཚན་ཆུང་དང་པོ་ནས་ལྔ་པའི་བར་སོ་སོ་ནས་མཚོ་ཤར་གྲོང་ཁྱེར་སྒྲིག་ཨུ་ལྟ་ཨུའི་ལས་ཁུངས་དང་གྲོང་ཨུའི་རྩ་འཛུགས་པུའུ། གྲོ་ཚང་ས་ཁུལ། ཕིན་ཨན་ས་ཁུལ། ཧུའུ་ཀྲུའུ་རྫོང་། མིན་ཧོ་རྫོང་། ཟི་ལིང་གྲོང་ཁྱེར་མཁར་ཤར་ས་ཁུལ་དང་མཁར་བྱང་ས་ཁུལ། སྐུ་འབུམ་ས་ཁུལ། ཏ་ཐུང་རྫོང་། སྟོང་སྐོར་རྫོང་། ཞིང་ཆེན་འགྲིམ་འགྲུལ་ཚོད་འཛིན་མ་རྐང་སྡེ་ཚོགས་ཚད་ཡོད་ཀུང་ཟི་དང་ཞིང་ཆེན་རྒྱལ་གཉེར་མ་རྩ་དངུལ་གཏོང་དོ་དམ་ཚད་ཡོད་ཀུང་ཟི་བཅས་ལ་གཅིག་ལ་གཅིག་སྤྲོད་སྒོས་སྐོར་ཞིབ་གནས་ཚུལ་ཕྱིར་ལྡོག་བྱས།

ཞིང་ཆེན་ཏང་ཨུའི་རྒྱུན་ཨུ་དང་ཞིང་ཆེན་སྒྲིག་ཨུའི་ཧྲུའུ་ཅི། ཞིང་ཆེན་ཏང་ཨུའི་སྐོར་ཞིབ་ལས་དོན་མགོ་ཁྲིད་ཚན་ཆུང་གི་ཁོངས་མི་སོ་སོ་ནས་ཕྱིར་ལྡོག་ཚོགས་འདུར་ཞུགས་པ་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཁྲེན་ཀང་གིས་ཞིང་ཆེན་ཏང་ཨུ་སྐབས་བཅུ་བཞི་པའི་སྐོར་ཞིབ་སྐོར་བཞི་པའི་གནས་ཚུལ་སྙན་ཞུར་གསན་པའི་སྐབས་ཀྱི་གསུང་བཤད་དགོངས་དོན་བརྒྱུད་སྒྲོག་བྱས་ནས། སྐོར་ཞིབ་བཅོས་སྐྱོང་ལེགས་པར་འཛིན་པར་བླང་བྱ་གསལ་པོ་བཏོན། ཞིང་ཆེན་ཏང་ཨུའི་སྐོར་ཞིབ་ཚན་ཆུང་གི་ཚན་གཙོས་སྐོར་ཞིབ་བྱ་ཡུལ་གྱི་ཏང་རྩ་འཛུགས་ཀྱི་འགན་འཁུར་པ་གཙོ་བོར་སྐོར་ཞིབ་ལས་རྟོགས་པའི་གནད་དོན་གཙོ་བོ་བརྡ་ཁྱབ་བཏང་བ་དང་། མགོ་ཁྲིད་ཚན་ཁག་ལ་སྐོར་ཞིབ་གནས་ཚུལ་ཕྱིར་ལྡོག་བྱས། སྐོར་ཞིབ་བྱ་ཡུལ་ཏང་རྩ་འཛུགས་ཀྱི་འགན་འཁུར་པ་གཙོ་བོས་སྐོར་ཞིབ་བཅོས་སྐྱོང་ལེགས་པར་འཛིན་པའི་ཐད་རྣམ་འགྱུར་བསྟན།

ཕྱིར་ལྡོག་ལས། ཉེ་བའི་ལོ་འགའི་རིང་ལ། སྐོར་ཞིབ་བྱ་ཡུལ་ས་ཁུལ་གྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་འཛིན་པ་རྒྱུན་འཁྱོངས་བྱས་པ་དང་། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་དང་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་གལ་ཆེན་དང་ཞིང་ཆེན་ཏང་ཨུའི་ལས་དོན་བླང་བྱ་སློབ་སྦྱོང་ལག་བསྟར་ནན་ཏན་བྱས་པ། ཏང་གི་མགོ་ཁྲིད་རྒྱུན་འཁྱོངས་དང་ཏང་འཛུགས་སྐྱོང་ལ་ཤུགས་བསྣན་པ། ཕྱོགས་ཡོངས་ནས་ཏང་ནན་མོས་སྐྱོང་བའི་ཐོག་འཕེལ་འགྲོས་གསར་པ་བླངས་ཏེ། བཅོས་སྒྱུར་དང་འཕེལ་རྒྱས། བརྟན་བརླིང་བཅས་ཀྱི་ལས་དོན་སོ་སོར་ཕན་འབྲས་གསར་པ་ལེན་པར་སྤྱི་འདོམས་སྐུལ་འདེད་བཏང་ཡོད་ཅེས་བསྟན།

ཕྱིར་ལྡོག་ལས་སྐོར་ཞིབ་ལས་རྟོགས་པའི་འབུར་ཐོན་གནད་དོན་གཟབ་ནན་གྱིས་བསྟན་ཡོད་དེ། ལ་ལ་ནི་ཕྱོགས་ཡོངས་ནས་ཏང་ནན་མོས་སྐྱོང་བའི་འགན་འཁྲི་དང་གནོན་ཤུགས་བརྒྱུད་སྤྲོད་དངོས་འབེབས་བྱེད་པར་རིམ་པ་ནས་རིམ་པར་ཇེ་ཡང་དུ་སོང་བ་དང་། གཟབ་ནན་གྱི་མཁའ་དབུགས་ངོ་མ་ཆགས་མེད་པ། ལ་ལ་ནི་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་ཆུ་ཚད་མཐོ་བའི་སྲུང་སྐྱོང་ལ་སྤྱི་འདོམས་བྱས་པ་ད་དུང་ཚད་ལ་སླེབས་མེད་པ། ལ་ལ་ནི་དངུལ་གཏོང་འཛུགས་སྐྲུན་གལ་ཆེན་ལ་འཕྲད་པའི་ཉེན་ཁར་སྔོན་དཔག་རང་བཞིན་མེད་པ། ལ་ལ་ནི་བདེ་འཇགས་མཚོ་སྔོན་འཛུགས་སྐྲུན་གྱི་ལས་དོན་བྱེད་ཐབས་དངོས་འབེབས་བྱས་པ་སྟོབས་དང་མི་ལྡན་པ། ལ་ལ་ནི་ལས་བྱེད་འཇོན་མི་རུ་ཁག་འཛུགས་སྐྱོང་ལ་ཞན་ཆ་ཡོད་པ། ལ་ལ་ནི་རྒྱལ་གཉེར་ཁེ་ལས་བཅོས་སྒྱུར་ལ་སྐུལ་འདེད་བཏང་བ་ནན་ཏན་ཕན་ནུས་ལྡན་པ་ཞིག་ཡིན་པ། ལ་ལ་ནི་ཁེ་ལས་འཕེལ་རྒྱས་དང་བདེ་འཇགས་ལ་སྤྱི་འདོམས་བྱེད་པའི་ནུས་པ་མི་འདང་བ་སོགས་རེད།

ཕྱིར་ལྡོག་ལས། སྐོར་ཞིབ་བྱ་ཡུལ་གྱི་ཏང་རྩ་འཛུགས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྐོར་ཞིབ་ལས་དོན་སྐོར་གྱི་རྣམ་བཤད་གལ་ཆེན་དང་གསར་དུ་བཟོ་བཅོས་བྱས་པའི《ཀྲུང་གོ་གུང་ཁྲན་ཏང་གི་སྐོར་ཞིབ་ལས་དོན་སྲོལ་ཡིག》ལ་སློབ་སྦྱོང་ནན་ཏན་དང་ལག་བསྟར་མཐའ་འཁྱོལ་བྱེད་པ་དང་། ཆབ་སྲིད་ལངས་གནས་སྔར་ལས་མཐོར་འདེགས་པ། སྐོར་ཞིབ་བཅོས་སྐྱོང་གི་གཙོ་གཞིའི་འགན་འཁྲི་མཐའ་གཅིག་ཏུ་ཕྲག་ལ་ལེན་པ། སྐོར་ཞིབ་བཅོས་སྐྱོང་ནི་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་ཕྱོགས་ཡོངས་ནས་ཏང་ནན་མོས་སྐྱོང་བར་སྐུལ་འདེད་གཏོང་བའི་སྟོབས་དང་ལྡན་པའི་འཇུག་སྒོ་བྱེད་པ། སྐོར་ཞིབ་བཅོས་སྐྱོང་ལས་དོན་ལ་ཆེད་དོན་ཞིབ་འཇུག་བྱེད་པ། ཕྱིར་ལྡོག་བསམ་འཆར་དང་བསྡུར་ནས་བཅོས་སྐྱོང་ཇུས་གཞི་ཞིབ་འཇུག་སྒོས་གཏན་འབེབས་བཟོ་བ། གནད་དོན་གསལ་ཐོ་དང་ལས་འགན་གསལ་ཐོ། འགན་འཁྲི་གསལ་ཐོ་བཅས་བཙུགས་ནས། སྐོར་ཞིབ་བཅོས་སྐྱོང་འཛིན་པ་དེ་ཉིན་རྒྱུན་ལས་དོན་དང་བཅོས་སྒྱུར་ཟབ་སྤེལ། ཕྱོགས་ཡོངས་ནས་ཏང་ནན་མོས་སྐྱོང་བ། ཚན་ཁག་རུ་ཁག་འཛུགས་སྐྱོང་བཅས་ལ་འདྲེས་སུ་འཇུག་དགོས། མགོ་ཁྲིད་དང་པོས་འགན་འཁུར་པ་དང་པོའི་འགན་འཁྲི་འཁུར་བ་དང་། བཅོས་སྐྱོང་ལ་སྤྱིའི་འགན་འཁུར་བ།  གཙོ་གནད་དཀའ་གནད་གནད་དོན་མགོ་ཁྲིད་ནས་སྒྲུབ་པ། ཚན་ཁག་གི་ཁོངས་མི་གཞན་དག་གིས་ལས་རྐང་གཅིག་ལ་འགན་གཉིས་རང་རྟོགས་ཀྱི་ལག་ལེན་དུ་འདེབས་པ། ལས་འགན་ཁྱབ་ཁོངས་ཁྲོད་ཀྱི་བཅོས་སྐྱོང་ལས་འགན་དངོས་ལ་འབེབས་པར་སྐུལ་འདེད་བཏང་སྟེ། སྐོར་ཞིབ་བཅོས་སྐྱོང་གི་དངོས་ཡོད་ཕན་འབྲས་འཛིན་པ་ལ་བརྟེན་ནས་གཏན་ཕབ་གཉིས་ལ་སྲུང་སྐྱོང་དང་སྲུང་སྐྱོང་གཉིས་སྒྲུབ་ཐུབ་པར་བྱེད་དགོས། སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་དང་རྩ་འཛུགས་མི་དོན་སྡེ་ཁག་གིས་སྐོར་ཞིབ་བཅོས་སྐྱོང་གི་ཉིན་རྒྱུན་ལྟ་སྐུལ་ཇེ་དྲག་ཏུ་གཏོང་བ་དང་། གནད་དོན་རེ་རེ་ཐག་གཅོད་ལ་སྐུལ་བ། བཅོས་སྐྱོང་ཚད་ལ་མ་སླེབས་ན་མི་གཏོང་བ་དང་གནད་དོན་ཐག་མ་ཆོད་ན་མི་གཏོང་བ་སྒྲུབ་ཐུབ་པར་བྱས་ནས། སྐོར་ཞིབ་བཅོས་སྐྱོང་ལ་ཁ་ཐོག་མིག་ཐོག་གི་ཕན་འབྲས་ཐོབ་པར་ཁག་ཐེག་བྱེད་དགོས་ཞེས་ནན་གྱིས་བསྟན།

སྐོར་ཞིབ་བྱ་ཡུལ་གྱི་ཏང་རྩ་འཛུགས་ཀྱི་འགན་འཁུར་པ་གཙོ་བོས། ཞིང་ཆེན་ཏང་ཨུའི་སྐོར་ཞིབ་ཕྱིར་ལྡོག་བསམ་འཆར་ལུགས་མཐུན་གནད་སྨིན་དང་ཁབ་གཙགས་ཁྲག་མཐོང་བར་བྱེད་པ་དང་། སྐོར་ཞིབ་ཚན་ཆུང་གིས་བསྟན་པའི་གནད་དོན་ལ་རང་འགུལ་གྱིས་ངོས་ལེན་དང་གསལ་ཐོ་ལྟར་བསྡུས་ནས། དབྱེ་ཞིབ་ཟབ་མོ་དང་མཐའ་གཅིག་ཏུ་བཅོས་སྐྱོང་བྱེད་དགོས། སྐོར་ཞིབ་བཅོས་སྐྱོང་དེ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ནས་དམ་འཛིན་དངོས་འཛིན་བྱེད་པ་དང་། བཅོས་སྐྱོང་གི་ཆབ་སྲིད་འགན་འཁྲི་མཐའ་གཅིག་ཏུ་ཕྲག་ལ་ལེན་པ། རྩ་འཛུགས་མགོ་ཁྲིད་ལ་ཤུགས་སྣོན་པ། གནད་དོན་རིམ་བྱུང་རིམ་བཅོས་ལ་དམིགས་ནས། སྐོར་ཞིབ་ཀྱི་རྩོམ་མཇུག་ནན་ཏན་སྒོས་ལེགས་པར་བསྡུ་རྒྱུ་ཡིན་པའི་བསམ་ཚུལ་བསྟན། ། 

 
རྩོམ་སྒྲིག་པ། : གསང་བདག་རྒྱལ།