ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་ལྷོ་ཁུལ་གྱིས་ཟི་ལིང་གྲོང་ཁྱེར་དུ་རིག་གནས་ཡུལ་སྐོར་ཐོན་ཁུངས་ངོ་སྤྲོད་བྱས་ནས་ཡུལ་སྐོར་དུས་ཚིགས་ལ་གྲ་སྒྲིག་བྱས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་རིང་རྒྱ་མཚོས་བསྒྱུར།   སྤེལ་དུས། : 2024-04-27
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ4པའི་ཚེས25ཉིན“རི་མགོ་ཆུ་ཁུངས་དང་རབ་མཛེས་མཚོ་སྔོན། དག་གཙང་གི་མཚོ་ལྷོ”ཞེས་པའི་རིག་གནས་ཡུལ་སྐོར་ཐོན་ཁུངས་ཟི་ལིང་ཆེད་དོན་དྲིལ་བསྒྲགས་འོས་སྦྱོར་དང་མཚོ་ལྷོ་ཁུལ་གྱི་ཡུལ་སྐོར་གྲ་སྒྲིག་དུས་ཚིགས་ཀྱི་ཁྲོམ་རའི་སྒྲིག་ལམ་བཅོས་སྒྲིག་ཚོགས་འདུ་ཟི་ལིང་གྲོང་ཁྱེར་དུ་འཚོགས། མཚོ་ལྷོ་ཁུལ་གྱི་རྫོང5ཡི་རྒྱལ་ཁབ་ཀྱིAརིམ་པའི་ཡུལ་སྐོར་མཛེས་ལྗོངས་ཁུལ16དང་འབྲེལ་ཡོད་ཡུལ་སྐོར་ཁེ་ལས། རིག་གནས་ཡུལ་སྐོར་ཐོན་རྫས་བཅས་ངོ་སྤྲོད་བྱས།

མཚམས་སྦྱོར་ཚོགས་འདུའི་སྟེང་རིག་གནས་ཡུལ་སྐོར་ཐོན་ཁུངས་དྲིལ་བསྒྲགས་དང་གཟུགས་འདས་རིག་གནས་ཤུལ་བཞག་འགྲེམ་སྟོན་གཙོ་གནད་དུ་བྱས་ནས། ཡུལ་དངོས་སུ་བརྙན་ཐུང་སྟོན་པ་དང་ངོ་སྤྲོད་འགྲེལ་བཤད། ཁྱད་ལྡན་འགྲེམ་སྟོན་སོགས་ཀྱི་རྣམ་པ་བརྒྱུད་མཚོ་སྔོན་པོའི་ལྷོ་ངོགས་མཛེས་ལྗོངས་ཁུལ་དང་། ཁྲི་ཀ་རྫོང་གི་མཛེས་ལྗོངས་ཁུལ་སོ་སོ། ཚ་རྔ་འགག་མཛེས་ལྗོངས་ཁུལ་སོགས་རྒྱལ་ཁབ་ཀྱིAརིམ་པའི་ཡུལ་སྐོར་མཛེས་ལྗོངས་ཁུལ16གི་རང་བྱུང་མཛེས་ལྗོངས་དང་ཁྱད་ལྡན་ཐོན་ཁུངས། ཡུལ་སྲོལ་ཁྱད་ཆོས། ཞབས་ཞུའི་ནུས་པ་བཅས་གཙོ་གནད་དུ་བཞག་ནས་དྲིལ་བསྒྲགས་དང་མཚམས་སྦྱོར་བྱས་པ་རེད། ཞིང་ཆེན་ནང་ཁུལ་གྱི་ཡུལ་སྐོར་ལས་དོན་ཁང80ཡིས་མཚོ་ལྷོ་ཁུལ་གྱི་རིམ་པAཡི་མཛེས་ལྗོངས་ཁུལ16དང་། སྐར་མ་ལྔ་རིམ་པའི་གསོལ་མགྲོན་ཁང30། གྲོང་གསེབ་ཡུལ་སྐོར་སྣེ་ལེན་ས་ཚིགས25བཅས་དང་ལས་སྒོ་གྲོས་མོལ་བྱས་པ་མ་ཟད། མཉམ་ལས་གྲོས་མཐུན་ཡང་བཞག་པ་རེད། ཐེངས་འདིའི་རིག་གནས་ཡུལ་སྐོར་ཐོན་ཁུངས་དྲིལ་བསྒྲགས་འོས་སྦྱོར་བྱེད་སྒོའི་ནང་མཚོ་ལྷོ་ཁུལ་གྱི་ཁྱད་ལྡན་རིག་གནས་ཡུལ་སྐོར་ཐོན་ཁུངས་མིང་རྟགས་དང་ཡུལ་སྐོར་ལམ་ཐིག“དག་གཙང་གི་མཚོ་ལྷོ”ཡི་ས་གནས་ཁྱད་ལྡན་མིང་རྟགས་བཅས་ཕྱོགས་ཡོངས་ནས་དྲིལ་བསྒྲགས་དང་ཁྱབ་གདལ་བཏང་།

གཞན་ཡང་མཚོ་ལྷོ་ཁུལ་གྱིས་ད་དུང་ཡུལ་སྐོར་ཁྲོམ་ར་སྲ་བརྟན་དུ་གཏོང་བའི་བཅོས་སྒྲིག་གྲུབ་འབྲས་བརྡ་ཁྱབ་བཏང་བ་དང་། ཡུལ་སྐོར་དང་འབྲེལ་བ་ཡོད་པའི་ལས་རིགས་ཀྱི་འཐུས་མིས་སྤེལ་རེས་གཏམ་བཤད་བྱས་པ་མ་ཟད《རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་བྱ་ཡུལ་གསར་སྐྲུན་བྱས་ནས་རིག་གནས་ཡུལ་སྐོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ》ཞེས་པའི་གྲོས་འགོ་ཡི་གེར་མིང་རྟགས་བཀོད། ཕྱོགས་བཞིའི་མཚན་བརྒྱད་ཀྱི་སྐུ་མགྲོན་ཕེབས་པར་བསུ་ཆེད། མཚོ་ལྷོ་ཁུལ་གྱིས་རིག་གནས་ཡུལ་སྐོར་ཐོན་ཁུངས་ཡོངས་ཁྱབ་ཞིབ་བཤེར་བྱེད་པ་དང་། མཚོན་བྱེད་རང་བཞིན་གྱི་མཛེས་ལྗོངས་ཁུལ་གསར་སྐྲུན་བྱེད་པ། རིག་གནས་ལུས་རྩལ་གྱི་བྱེད་སྒོ་རབ་དང་རིམ་པ་གསར་གཏོད་བྱེད་པ་སོགས་ཀྱི་བྱེད་ཐབས་བརྒྱུད། རིག་གནས་ཡུལ་སྐོར་གྱི་རྨང་གཞིའི་སྒྲིག་བཀོད་རྒྱུན་ཆད་མེད་པར་འཐུས་ཚང་དུ་གཏོང་བ་དང་། རིག་གནས་ཡུལ་སྐོར་ཁྲོམ་རའི་སྒྲིག་ལམ་རྒྱུན་ཆད་མེད་པར་ཚད་ལྡན་དུ་གཏོང་བ། ཡུལ་སྐོར་མང་བའི་དུས་ཚིགས་ཀྱི་གྲ་སྒྲིག་ལས་དོན་ནུས་ཤུགས་ཡོད་རྒུས་ལེགས་པོ་བསྒྲུབས་པ་སོགས་་རིག་གནས་ཡུལ་སྐོར་ལས་རིགས་དར་རྒྱས་གོང་འཕེལ་འགྲོ་བར་སྐུལ་འདེད་བཏང་།  །  

 
རྩོམ་སྒྲིག་པ། : ཚེ་རིང་རྒྱ་མཚོ།