ཀྲུང་གོ་བོད་ཀྱི་དྲ་བ།

འབྲོག་པའི་པར་བ་རྡོ་རྗེ་ཡིས་མཚོ་སྔོན་པོའི་མཛེས་ཉམས་ཟིན་ཐོར་བཀོད་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ལྷ་སྒྲོན་མཚོས་བསྒྱུར།   སྤེལ་དུས། : 2024-04-11
ཡིག་གཟུགས། :ཆུང་། འབྲིང་། ཆེ།

རྡོ་རྗེ་ཡིས་མཚོ་སྔོན་པོའི་གནས་ཚུལ་ལ་ལྟ་བཞིན་པ། 

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཕ་ཡུལ་མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་རྐང་ཚ་རྫོང་གི་ཡིན་པའི་རྡོ་རྗེ་ནི་ལོ30ཙམ་ཡིན་ལ། ཆུང་དུས་ནས་མཚོ་སྔོན་པོའི་འགྲམ་རྒྱུད་ཀྱི་རྩྭ་ཐང་ནས་ཕྱུགས་འཚོ་བ་རེད། སྔར་ལས་ལྷག་པའི་སྒོ་ནས་རང་གི་ཕ་ཡུལ་གྱི་ཕྱུགས་ལས་ཐོན་རྫས་དྲིལ་སྒྲོག་བྱ་ཆེད། རྡོ་རྗེ་ཡིས་ནོར་ལུག་དགུན་ས་དང་དབྱར་ས་སྤོར་བའི་གོ་རིམ་ཧྲིལ་བོ་ཐོ་འགོད་བྱེད་འདོད་པ་དང་། བརྙན་དང་པར་བརྒྱུད་དེ་སྐྱེ་ཁམས་ཕྱུགས་ལས་ཀྱི་འཕེལ་རྒྱས་དང་རྐང་ཚའི་ས་གནས་མཛེས་ལྗོངས་མངོན་འདོད་པ་རེད། ནོར་ལུག་དགུན་ས་དང་དབྱར་ས་སྤོར་བའི་རྣམ་པ་བརྙན་ལེན་པའི་ཉམས་མྱོང་གིས་རྡོ་རྗེ་པར་ལེན་པར་སྤྲོ་བ་ཆེན་པོ་སྐྱེས་པ་དང་། ཁོས་ཆེད་ལས་པར་ཆས་ཉོས་ཏེ་དུས་ཚོར་བེད་སྤྱད་དེ་པར་རྒྱག་ཏུ་འགྲོ་བཞིན་ཡོད། ཁོས་རྩྭ་ཐང་གི་གཏིང་ཟབ་ས་དང་རི་མཐོ་ནགས་ཚལ་བརྒྱུད་དེ་པར་མིག་གིས་མཚོ་སྔོན་པོའི་འགྲམ་རྒྱུད་ཀྱི་མཛེས་ལྗོངས་པར་བླངས་པ་རེད། །


རྡོ་རྗེ་ཕྱུགས་འཚོ་བའི་ལམ་དུ་ཡོད་པ།


རྡོ་རྗེ་རང་གི་ཚོང་ཁང་ནང་དུ་ཡོད་པ།


རྡོ་རྗེ་ཡིས་མཚོ་སྔོན་པོ་པར་ལེན་བཞིན་པ།


རྡོ་རྗེ་མཚོ་སྔོན་པོའི་འགྲམ་རྒྱུད་ནས་རྒྱུ་བཞིན་པ།


རྡོ་རྗེ་དང་འབྲི་གཡག 


རྡོ་རྗེ་ཡིས་པར་སྒྲིག་བཞིན་པ།


རྡོ་རྗེ་ཡིས་མཚོ་སྔོན་པོའི་གནས་ཚུལ་ལ་ལྟ་བ།


རྡོ་རྗེ་ཡིས་པར་ལེན་བཞིན་པ།


རྡོ་རྗེ་ཡིས་པར་བདམས་བཞིན་པ།


རྡོ་རྗེ་ཡིས་པར་ལེན་བཞིན་པ།

 
རྩོམ་སྒྲིག་པ། : ལྷ་སྒྲོན་མཚོ།