ཀྲུང་གོ་བོད་ཀྱི་དྲ་བ།

གྲོང་ཁྱེར་དང་རྫོང་གི་སྲིད་གྲོས་ཀྲུའུ་ཞིའི་གསོ་སྦྱོང་འཛིན་གྲྭ་སྤེལ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་རིང་རྒྱ་མཚོས་བསྒྱུར།   སྤེལ་དུས། : 2024-04-27
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ4པའི་ཚེས22ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་དང་ཞིང་ཆེན་སྲིད་གྲོས་གཞུང་སྒྲུབ་ཁང་གིས་གཙོ་སྒྲུབ་བྱས་པ་དང་། ཞིང་ཆེན་ཏང་ཨུའི་ཏང་གི་སློབ་གྲྭ་དང་ཞིང་ཆེན་སྲིད་འཛིན་སློབ་གླིང་གིས་འགན་སྒྲུབ་འཁུར་བའི་གྲོང་ཁྱེར་དང་རྫོང་གི་སྲིད་གྲོས་ཀྲུའུ་ཞིའི་གསོ་སྦྱོང་འཛིན་གྲྭ་སྤེལ། ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར་དང་ཁུལ། རྫོང་བཅས་སོ་སོ་ནས་ཐོན་པའི་་སྲིད་གྲོས་ཀྱི་ཀྲུའུ་ཞི་དང་ཀྲུའུ་ཞི་གཞོན་པ55གསོ་སྦྱོང་ལ་ཞུགས།

ཐེངས་འདིའི་གསོ་སྦྱོང་ལས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་དགོངས་པ་ལག་ལེན་མཐར་ཕྱིན་བྱ་རྒྱུ་དེ་ཆབ་སྲིད་ཀྱི་ལས་འགན་གཙོ་བོར་བཞག་པ་དང་། ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར་དང་རྫོང་གི་སྲིད་གྲོས་ཀྲུའུ་ཞིའི་འགན་སྒྲུབ་དགོས་མཁོ་གཅིག་སྡུད་བྱས་པ་དང་། ཆེད་ལས་བྱང་ཚད་དང་བསམ་གཞིགས་ནུས་པ། ལག་ལེན་ཆུ་ཚད་བཅས་མཐོར་འདེགས་གཏོང་བར་གཞིགས་ཏེ། གཞུང་ལུགས་དང་ལག་ལེན་ཟུང་འབྲེལ་གྱི་ཐབས་ལམ་སྤྱད་པ་དང་། ཆེད་དོན་གསབ་ཁྲིད་དང་ཡུལ་དངོས་སློབ་ཁྲིད། བརྗེ་རེས་བགྲོ་གླེང་སོགས་ཀྱི་རྣམ་པ་ཕྱོགས་བསྡུས་སྒོས་བེད་སྤྱོད་བྱས་ཏེ། མི་དམངས་སྲིད་གྲོས་ཀྱི་གཞུང་ལུགས་དང་ལག་ལེན། དུས་རབས་གསར་བའི་ཏང་གི་འཐབ་ཕྱོགས་གཅིག་གྱུར་བྱ་བའི་དགོངས་པ་གལ་ཆེན། ཀྲུང་གོ་གུང་ཁྲན་ཏང་གི་ཆབ་སྲིད་གྲོས་མོལ་བྱ་བའི་སྲོལ་ཡིག ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་བ། རྨ་ཆུའི་བཞུར་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོབ། ཐོན་ལས་ཀྱི་གནས་བཞི་འཛུགས་སྐྲུན། ལྗང་མདོག་རྩིས་ནུས་སོགས་ཀྱི་ནང་དོན་སོགས་གསོ་སྦྱོང་བྱས་ཏེ། གྲོང་ཁྱེར་དང་རྫོང་གི་སྲིད་གྲོས་ཀྲུའུ་ཞིས་ཁྱོན་ཡོངས་ཀྱི་འདུ་ཤེས་དང་འཕེལ་རྒྱས་ཀྱི་འདུ་ཤེས་བརྟན་པོ་འཛུགས་པར་སློབ་གསོ་དང་ཁྲིད་སྟོན་བྱས་པ་དང་། འགན་སྒྲུབ་ནུས་པ་ཇེ་ཆེ་དང་ཞབས་ཞུའི་ཆུ་ཚད་ཇེ་མཐོར་བཏང་སྟེ། བསམ་བློ་དང་ནུས་པ། བྱ་སྤྱོད་བཅས་ཏང་ཨུའི་ཐབས་ཇུས་བླང་བྱ་དང་དུས་རབས་ཀྱི་མདུན་བསྐྱོད་གོམ་ཁ། བྱ་གཞག་འཕེལ་རྒྱས་ཀྱི་དགོས་མཁོ་བཅས་དང་བསྟུན་ཅི་ཐད་བྱས་ནས། ཏང་ཨུས་ཅི་ཞིག་བསམ་ན་སྲིད་གྲོས་ཀྱིས་དེ་ལྟར་འཆར་འགོད་བྱེད་པ་དང་། སྲིད་གཞུང་གིས་ཅི་ཞིག་བསྒྲུབ་ན་སྲིད་གྲོས་ཀྱིས་དེར་རོགས་འདེགས་བྱེད་པར་དངོས་འབེབས་བྱ་དགོས་པར་བསྟན།

སློབ་མ་རྣམས་ཀྱིས་ཐེངས་འདིའི་སློབ་སྦྱོང་གོ་སྐབས་དམ་འཛིན་གང་ལེགས་བྱེད་པ་དང་། སློབ་སྦྱོང་དང་བསམ་གཞིགས་ནན་ཏན་བྱས་ནས་བློ་སྐྱེད་དང་གོ་རྟོགས། གྲུབ་འབྲས་ཐོབ་པ་བཅས་ཡོད་པར་བྱེད་པ་དང་། སློབ་སྦྱོང་གི་གྲུབ་འབྲས་དེ་བྱ་བའི་སྤུས་ཚད་དང་ཕན་འབྲས་མཐོར་འདེགས་སུ་གཏོང་བར་སྐུལ་འདེད་གཏོང་བའི་རིག་ནུས་ཀྱི་རྨང་གཞིར་བསྒྱུར་དགོས་ལ། ཆབ་སྲིད་གཞུང་ལུགས་སློབ་སྦྱོང་ལ་ཤུགས་སྣོན་དགོས་པ་དང་། ཏང་གི་གསར་གཏོད་གཞུང་ལུགས་ཀྱི་རྒྱུས་ལོན་དང་གོ་རྟོགས་གཏིང་ཟབ་ཏུ་བཏང་སྟེ། “གཏན་ཕབ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ་དང་སྲུང་སྐྱོང་གཉིས་ལེགས་པོར་བསྒྲུབ་པ་དང་། སློབ་སྲོལ་དང་སྒྲིག་ཁྲིམས་གཟབ་ནན་དུ་གཏོང་བ་དང“བཀག་སྡོམ་བཅུའི”སྒྲིག་ཁྲིམས་བླང་བྱ་ལག་ལེན་ནན་མོ་བྱེད་པ། གསོ་སྦྱོང་གི་སྒྲིག་ལམ་བརྩི་སྲུང་ནན་མོ་བྱེད་པ་དང་། སློབ་སྦྱོང་གི་སྤྱོད་ཚུལ་བཟང་པོ་བརྟན་སྲུང་བྱས་ནས་མཚོ་སྔོན་གྱི་སྲིད་གྲོས་མི་སྣའི་སྤྱོད་བཟང་མངོན་རྒྱུ་ཡིན་ཟེར།  །  

 
རྩོམ་སྒྲིག་པ། : ཚེ་རིང་རྒྱ་མཚོ།