ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་ཧྥེ་སྤྱི་མཐུན་རྒྱལ་ཁབ་དུ་མཚོ་གྲུ་ཆུར་ནུབ་པའི་དོན་རྐྱེན་ཞིག་བྱུང་བ་ལས་ཚེ་འདས་མི་གྲངས62ལ་འཕར་བ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2024-04-23
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། པན་ཅི་ནས་བསྒྲགས་པའི་གསར་འགྱུར་ལྟར་ན། ཟླ4པའི་ཚེས21ཉིན། ཀྲུང་ཧྥེ་སྤྱི་མཐུན་རྒྱལ་ཁབ་རྒྱལ་སྲུང་ཅུའུ་ཡི་ཅུའུ་ཀྲང་ཐའོ་མ་སི·ཅི་མ་སི་ཡིས་ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པར་བཤད་རྒྱུར། ཚེས19ཉིན་རྒྱལ་ཁབ་དེའི་རྒྱལ་ས་པན་ཅི་ཉེ་འཁོར་གྱི་གཙང་འགྲམ་དུ་མཚོ་གྲུ་ཆུར་ནུབ་པའི་དོན་རྐྱེན་ཞིག་བྱུང་བ་ལས་ཚེ་འདས་མི་གྲངས62ལ་འཕར་བ་རེད། 

པར་འདི་ནི་ཟླ4པའི་ཚེས21ཉིན་ཀྲུང་ཧྥེ་སྤྱི་མཐུན་རྒྱལ་ཁབ་ཀྱི་པན་ཅི་རུ་མི་རྣམས་དོན་རྐྱེན་བྱུང་སའི་ཉེ་འཁོར་དུ་འཚོལ་སྐྱོབ་བྱེད་བཞིན་པའི་རྣམ་པ་རེད།

ཚེས21ཉིན། འབྲེལ་ཡོད་གནས་ཚུལ་ཀྱི་ཤེས་རྟོགས་པས་གསར་འགོད་པར། ཚེས20ཉིན་གྱི་དགོང་མོར་མཚོ་གྲུ་ཡོད་སའི་ཉེ་ས་རུ་བེམ་པོ4རྙེད་ལ། དེའི་ཁྲོད་སྐྱེས་མ3དང་བྱིས་པ1ཡོད། 

གསར་འགོད་པས་ཡུལ་དངོས་ནས། བོར་བརླགས་བྱུང་བའི་ཉེ་མི་ཚོས་གཙང་འགྲམ་དུ་ཉེ་མི་རྣམས་རྙེད་སྲིད་པར་རེ་བ་འཆིང་བཞིན་ཡོད་པ་མཐོང་། 

ཅི་མ་སི་ཡིས་ཚེས20ཉིན་ས་གནས་དེ་གའི་སྨྱན་བྱད་ཀྱིས་བཅར་འདྲི་ལ་དང་ལེན་བྱེད་སྐབས། མིག་སྔར་བེམ་པོ58རྙེད་ལ“ད་དུང་ཆུ་ནང་དུ་བེམ་པོ་ག་ཚོད་ཡོད་པ་ཤེས་དཀའ”ཞེས་བཤད། 

ཀྲུང་ཧྥེ་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ས་པན་ཅི་ཉེ་འཁོར་གྱི་ཝུའུ་པན་ཅི་གཙང་བོ་རུ་ཚེས19ཉིན་གྱི་ཕྱི་དྲོར་མཚོ་གྲུ་ཆུར་ནུབ་པའི་དོན་རྐྱེན་ཞིག་བྱུང་བ་རེད། འབྲེལ་ཡོད་གནས་ཚུལ་ཀྱི་ཤེས་རྟོགས་པས་ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པར། མཚོ་གྲུ་སྟེང་འགྲུལ་བ300ལྷག་ཡོད་ཅེས་བཤད། །

 
རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།