ཀྲུང་གོ་བོད་ཀྱི་དྲ་བ།

གློག་གདན་གྱི་བདེ་འཇགས་དོན་རྐྱེན་འབྱུང་བར་སྔོན་འགོག་ཇི་ལྟར་བྱ་དགོས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་རིང་དོནགྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2024-04-19
ཡིག་གཟུགས། :ཆུང་། འབྲིང་། ཆེ།

དགུན་ཁར་གློག་གདན་བཀོལ་མཁན་མང་། བཀོལ་སྤྱོད་བྱེད་སྐབས་གཤམ་གསལ་གྱི་དོན་ཚན་ལ་མཉམ་འཇོག་དགོས་ཏེ། 

(1) གློག་གདན་ཉོ་སྐབས། ཚད་ལོན་ཡི་གེ་ཡོད་མེད་ལ་བལྟ་དགོས། དེ་ནས་བཟོས་པ་ཞིབ་ཚགས་ཡིན་མིན་ལ་བལྟ་དགོས་ཏེ། ལྷག་ཏུ་གློག་སྐུད་ཀྱི་མཐུད་མཚམས་ལ་མཉམ་འཇོག་དགོས། རབ་ཡིན་ན་གློག་རྒྱུག་ཏུ་བཅུག་སྟེ་ཞིབ་ལྟ་བྱེད་དགོས། 

(2) གློག་གདན་བཀོལ་སྐབས་གསལ་བཤད་ཡི་གེ་ལ་ཀློག་པ་དང་། གསལ་བཤད་ལྟར་བཀོལ་སྤྱོད་བྱ་དགོས། 

(3) ཐོག་དང་པོར་བཀོལ་བའམ་ཡུན་རིང་དུ་མ་བཀོལ་བ་གང་ཡིན་ཡང་། ཐོག་མར་ཆུ་ཚོད1ལ་གློག་རྒྱུ་རུ་བཅུག་ནས། གློག་ཤོར་བའི་གནས་ཚུལ་ཡོད་མེད་དང་དྲོད་སྐྱེད་པ་ཆ་སྙོམས་ཡིན་མིན་ལ་བརྟག་ནས། གློག་གདན་གྱི་བྱེད་ནུས་བཤང་མིན་བརྡར་ཤ་གཅོད་དགོས། 

(4) འབོལ་གདན་དང་ལྕགས་སྐུད་ཀྱི་ཉལ་ཁྲིའི་སྟེང་དུ། ལྟེབ་རྩེག་ཅན་གྱི་གློག་གདན་བཀོལ་དགོས། 

(5) གློག་གདན་བཀོལ་སྐབས་བརླན་འགོག་དགོས། ལྷག་པར་དུ་བྱིས་པ་ཆུང་ཆུང་གིས་གཅིན་ཤོར་བར་འགོག་དགོས། གློག་གདན་སྟེང་དུ་རས་གདན་གཅིག་གཏིངས་བས་མི་ཆོག དེ་མིན་གློག་གདན་ལ་ལྟེབ་བཅག་ཤོར་ཏེ་གློག་སྐུད་ལ་སྐྱོན་བཟོས་ནས་རྐྱེན་ངན་སློང་སྲིད། 

(6) སྦྲུམ་མས་གློག་གདན་བཀོལ་ན་མི་བཟང་སྟེ། བྱིས་པ་ཡ་མ་གཟུགས་སུ་འགྱུར་བའི་ཉེན་ཁ་ཆེ། 

(7) བྱིས་པས་ཡང་གློག་གདན་བཀོལ་བར་མི་འཚམ་ཏེ། བྱིས་པའི་སྐྱི་པགས་ཀྱི་ཆུ་ཤོར་ནས། སྐྱི་པགས་ཀྱི་གཉན་ཚད་སློང་སྲིད། 

(8) གློག་གདན་ལྟེབ་པའི་གནས་ཚུལ་འོག་གློག་རྒྱུ་རུ་འཇུག་མི་རུང་། བཀོལ་ཚར་རྗེས་གློག་ཁུངས་གཅོད་དགོས། དེ་མིན་ཚ་བ་ཆེར་ཕྱིན་ཏེ་མེ་སྐྱོན་བཟོ་སྲིད། །

 
རྩོམ་སྒྲིག་པ། : 才让东珠