ཀྲུང་གོ་བོད་ཀྱི་དྲ་བ།

ཉིང་ཁྲིའི་ཁམ་བུའི་མེ་ཏོག་ཡུལ་སྐོར་རིག་གནས་དུས་ཆེན་སྐབས་ཉེར་གཅིག་པའི་མགོ་ཚུགས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཀླུ་མོ་མཚོ་ཡིས་བསྒྱུར།   སྤེལ་དུས། : 2024-04-07
ཡིག་གཟུགས། :ཆུང་། འབྲིང་། ཆེ།


པར་འདི་ནི་མགོ་ཚུགས་མཛད་སྒོའི་ཐོག་རིག་རྩལ་འཁྲབ་སྟོན་བྱེད་པའི་རྣམ་པ་རེད།

བོད་ལྗོངས་ཉིང་ཁྲིའི་ཁམ་བུའི་མེ་ཏོག་ཡུལ་སྐོར་རིག་གནས་དུས་ཆེན་སྐབས་ཉེར་གཅིག་པ་ཟླ3པའི་ཚེས31ཉིན་དངོས་སུ་མགོ་ཚུགས་པ་དང་། བྱ་འགུལ་དུས་ཡུན་ཟླ་གཅིག་རིང་སྤེལ་རྒྱུ་རེད། མགོ་ཚུགས་མཛད་སྒོའི་ཉིན་དེའི་དགོང་མོར། རིག་རྩལ་འཁྲབ་སྟོན་དང་མཁའ་སྐྱོད་པར་ཆས་འཁྲབ་སྟོན་བྱས་ཤིང་། ལེ་ཚན16ལྷག་འཁྲབ་སྟོན་བྱས་ནས་ལྟད་མོ་བར་རིག་རྩལ་གྱི་གསོལ་སྟོན་གཟབ་རྒྱས་ཞིག་ཕུལ་ཡོད། དེ་དག་ཁྲོད་མི་རིགས་ཀྱི་གླུ་གར་ཡོད་པ་མ་ཟད་བོད་སྐྱོར་ཞིང་ཆེན་གྱི་གླུ་གར་ཚོགས་པའི་ལེ་ཚན་ཡང་བཀོད་སྒྲིག་བྱས་ཡོད།

པར་འདི་ནི་མགོ་ཚུགས་མཛད་སྒོའི་ཐོག་ལྟད་མོ་བས་མཁའ་སྐྱོད་པར་ཆས་ཀྱི་འཁྲབ་སྟོན་ལ་ལྟ་བའི་རྣམ་པ་རེད།


པར་འདི་ནི་མགོ་ཚུགས་མཛད་སྒོའི་ཐོག་རིག་རྩལ་འཁྲབ་སྟོན་བྱེད་པའི་རྣམ་པ་རེད།

པར་འདི་ནི་མགོ་ཚུགས་མཛད་སྒོའི་ཐོག་རིག་རྩལ་འཁྲབ་སྟོན་བྱེད་པའི་རྣམ་པ་རེད།

ཤེས་གསལ་ལྟར་ན། ཉིང་ཁྲི་གྲོང་ཁྱེར་གྱིས་སྔ་རྗེས་སུ་ཁམ་བུའི་མེ་ཏོག་ཡུལ་སྐོར་རིག་གནས་དུས་ཆེན་སྐབས་ཉི་ཤུ་བསྡུས་ཤིང་། དེ་ག་ཉིང་ཁྲི་དྲིལ་སྒྲོག་དང་འོས་སྦྱོར་གྱི་ལས་སྟེགས་གལ་ཆེན་ཞིག་ཏུ་གྱུར་ཡོད།

སྐབས་འདིའི་ཁམ་བུའི་མེ་ཏོག་ཡུལ་སྐོར་རིག་གནས་དུས་ཆེན་གྱིས“མི་ཡུལ་གྱི་དག་ཞིང་། ཡིད་འོང་གི་ཉིང་ཁྲི”ཞེས་པ་བརྗོད་གཞི་དང“ཡུལ་སྐོར་བར་གཅེས་སྐྱོང”གཙོ་ཐིག་ཏུ་བྱས་ནས་གྲོང་ཁྱེར་གྱི་ཚོགས་ར་གཙོ་བོ་དང་རྫོང་ཆུས7གྱི་ཡན་ལག་ཚོགས་རར་ཞིམ་ཟས་དང་ཡུལ་སྐོར་པར་ལེན། དམངས་སྲོལ་ཉམས་ལེན། ཐོན་རྫས་བཤམས་ཚོང་། རིག་རྩལ་འཁྲབ་སྟོན། ཁམ་བུའི་མེ་ཏོག་རོལ་དབྱངས་དུས་ཆེན། བརྗོད་གཞིའི་པར་ལེན་འགྲེམ་སྟོན་སོགས་སྤུས་ལེགས་བྱ་འགུལ་ཇུས་འགོད་བྱས་ཏེ།“མི་ཡུལ་གྱི་དག་ཞིང་། ཡིད་འོང་གི་ཉིང་ཁྲིའི”ཡུལ་སྐོར་ཚོང་རྟགས་ཀྱི་ཤུགས་རྐྱེན་ཐེབས་ཚད་སྔར་ལས་མཐོར་འདེགས་སུ་བཏང་བ་དང་། རིག་གནས་དང་ཡུལ་སྐོར་ཐོན་ལས་ཀྱི་སྤུས་འདེགས་ཕན་སྐྱེད་ལ་སྐུལ་འདེད་བཏང་ནས་ཉིང་ཁྲི་གྲོང་ཁྱེར་གྱི་ཁམ་བུའི་མེ་ཏོག་དུས་ཆེན་གྱི་མིང་བྱང་སྐད་གྲགས་ཅན་དུ་གཏོང་དགོས། །


པར་འདི་ནི་མགོ་ཚུགས་མཛད་སྒོའི་ཐོག་རིག་རྩལ་འཁྲབ་སྟོན་བྱེད་པའི་རྣམ་པ་རེད།

 
རྩོམ་སྒྲིག་པ། : རྡོ་རྗེ་སྐྱིད།