ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཁྲིམས་ཆད་གཅོད་སྲོལ་ཡིག(1)

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2024-04-17
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཁྲིམས་ཆད་གཅོད་སྲོལ་ཡིག


(2003ལོའི་ཟླ12པའི་ཚེས23ཉིན་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་གྲོས་ཚོགས་ཐོག2003ལོའི་ཟླ12པའི་ཚེས31ཉིན་ཀྲུང་གུང་ཀྲུང་དབྱང་གིས2023ལོའི་ཟླ12ཚེས8ཉིན་ཀྲུང་གུང་ཀྲུང་དབྱང་གིས་ཁྱབ་བསྒྲགས་བྱས་པའི་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་གྲོས་ཚོགས་ཐོག་བཟོ་བཅོས་ཐེངས་གསུམ་པ་བརྒྱབ་པའི2023ལོའི་ཟླ12ཚེས19ཉིན་ཀྲུང་གུང་ཀྲུང་དབྱང་གིས་ཁྱབ་བསྒྲགས་བྱས)


སྡེ་ཚན་དང་པོ། སྤྱིའི་དོན་ཚན།


ལེའུ་དང་པོ། སྤྱིའི་བླང་བྱ་དང་སྤྱད་འཐུས་ཁྱབ་ཁོངས།


དོན་ཚན་དང་པོ། ཏང་གི་སྒྲིག་ཡིག་དང་ཏང་ནང་གི་ཁྲིམས་སྲོལ་གཞན་དག་སྲུང་སྐྱོབ་དང་། ཏང་གི་སྒྲིག་ཁྲིམས་ནན་སྲུང་། ཏང་གི་རྩ་འཛུགས་དྭངས་གཙང་། ཏང་ཡོན་གྱི་དམངས་གཙོའི་ཁེ་དབང་འགན་སྲུང་། ཏང་ཡོན་ལ་སྒྲིག་ཁྲིམས་བརྩི་སྲུང་གི་སློབ་གསོ་གཏོང་བ། ཏང་གི་མཐུན་སྒྲིལ་གཅིག་གྱུར་སྲུང་སྐྱོང་། ཏང་གི་རིགས་པའི་གཞུང་ལུགས་དང་ལམ་ཕྱོགས། བྱེད་ཕྱོགས། སྲིད་ཇུས། གྲོས་ཆོད། རྒྱལ་ཁབ་ཀྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་བཅས་ལག་ལེན་མཐར་ཕྱིན་བསྟར་བར་འགན་ལེན་བཅས་བྱ་ཆེད《ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཡིག》གཞིར་བཟུང་ནས་སྲོལ་ཡིག་འདི་གཏན་འབེབས་བྱས།

དོན་ཚན་གཉིས་པ། ཏང་གི་སྒྲིག་ཁྲིམས་འཛུགས་སྐྱོང་བྱེད་པར་ངེས་པར་དུ་མར་ཁེ་སི་ལེ་ཉིན་རིང་ལུགས་དང་། མའོ་ཙེ་ཏུང་གི་དགོངས་པ། ཏིན་ཞའོ་ཕིང་གི་རིགས་པའི་གཞུང་ལུགས།“མཚོན་བྱེད་གསུམ”གྱི་དགོངས་པ་གལ་ཆེན། ཚན་རིག་དང་མཐུན་པའི་འཕེལ་རྒྱས་ལྟ་བ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་བཅས་མཛུབ་ཁྲིད་དུ་འཛིན་རྒྱུ་རྒྱུན་འཁྱོངས་དང་། ཏང་གི་ཕྱོགས་ཡོངས་ནས་ཏང་འཛུགས་སྐྱོང་བྱེད་པའི་ཏང་གི་སྒྲིག་ཁྲིམས་འཛུགས་སྐྱོང་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་བརྒྱབ་སྟེ། མཐའ་གཅིག་ཏུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཏང་ཀྲུང་དབྱང་གི་ལྟེ་བ་དང་ཏང་ཡོངས་ཀྱི་ལྟེ་བའི་གོ་གནས་ལ་སྲུང་སྐྱོབ་བྱས་ནས། རླབས་ཆེ་བའི་ཏང་འཛུགས་སྙིང་སྟོབས་དར་སྤེལ་དང་། རང་ངོས་གསར་བརྗེ་རྒྱུན་འཁྱོངས་བྱེད་པ། ཕྱོགས་ཡོངས་ནས་ཏང་ནན་གྱིས་སྐྱོང་བའི་འཐབ་ཇུས་བྱེད་ཕྱོགས་མཐའ་འཁྱོལ་བྱེད་པ། དུས་རབས་གསར་པའི་ཏང་གི་འཛུགས་སྐྲུན་གྱི་སྤྱིའི་བླང་བྱ་དངོས་འབེབས་བྱེད་པ། ཏང་ཆེན་མོར་ཆེད་དུ་ཡོད་པའི་དཀའ་གནད་ཐག་གཅོད་དང་ཕྱོགས་ཡོངས་ནས་ཏང་ནན་གྱིས་སྐྱོང་བའི་མ་ལག་འཐུས་ཚང་དུ་གཏོང་བ། ཕྱོགས་ཡོངས་ནས་ཏང་གི་སྒྲིག་ཁྲིམས་འཛུགས་སྐྲུན་ལ་ཤུགས་སྣོན་པ་བཅས་ལ་བརྟེན་ནས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱིས་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་རླབས་ཆེན་བྱ་གཞག་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བར་སྒྲིག་ཁྲིམས་ཀྱི་འགན་ལེན་བརྟན་པོ་མཁོ་འདོན་བྱེད་དགོས།

དོན་ཚན་གསུམ་པ། ཏང་གི་སྒྲིག་ཡིག་ནི་ཏང་ནང་གི་ཆེས་རྩ་བར་གྱུར་པའི་ཁྲིམས་སྲོལ་ཡིན་ལ། ཏང་དོ་དམ་དང་ཏང་སྐྱོང་བའི་སྤྱིའི་སྒྲིག་ལམ་ཡང་ཡིན། ཏང་གི་སྒྲིག་ཁྲིམས་ནི་ཏང་གི་རྩ་འཛུགས་རིམ་པ་ཁག་དང་ཏང་ཡོན་ཡོངས་ཀྱིས་ངེས་པར་དུ་བརྩི་སྲུང་ཞུ་དགོས་པའི་བྱ་སྤྱོད་ལམ་སྲོལ་ཡིན། ཏང་རྩ་འཛུགས་དང་ཏང་ཡོན་གྱིས་ངེས་པར་དུ་ཐོག་མའི་བསམ་འདུན་དང་འགན་འཁྲི་བརྟན་སྲུང་དང་། ཆབ་སྲིད་ཀྱི་འདུ་ཤེས་དང་སྤྱི་ཡོངས་ཀྱི་འདུ་ཤེས། ལྟེ་བའི་འདུ་ཤེས། མིག་ལྟོས་ཀྱི་འདུ་ཤེས་བཅས་བརྟན་པོར་འཆང་བ་དང་། ཐོག་མཐའ་བར་གསུམ་དུ་བགྲོད་ལམ་གྱི་ཡིད་ཆེས་དང་རིགས་པའི་གཞུང་ལུགས་ཀྱི་ཡིད་ཆེས། ལམ་ལུགས་ཀྱི་ཡིད་ཆེས། རིག་གནས་ཀྱི་ཡིད་ཆེས་བཅས་སྲ་བརྟན་དུ་བཏང་སྟེ། ཡང་དག་པའི་དབང་ཆའི་ལྟ་བ་དང་། སྲིད་འབྲས་ཀྱི་ལྟ་བ། བྱ་གཞག་གི་ལྟ་བ་བཅས་དངོས་གནས་ལག་ཏུ་བསྟར་བ་དང་། རང་རྟོགས་ངང་ཏང་གི་སྒྲིག་ཡིག་བརྩི་སྲུང་དང་སྲུང་སྐྱོང་། ཏང་གི་སྒྲིག་ཁྲིམས་ལག་བསྟར་དང་སྲུང་སྐྱོང་ནན་ཏན་བྱེད་དགོས་ལ། རང་རྟོགས་ངང་ཏང་གི་སྒྲིག་ཁྲིམས་ཀྱི་ཚོད་འཛིན་དང་ལེན་བྱས་ནས། རྒྱལ་ཁབ་ཀྱི་བཅའ་ཁྲིམས་ཁྲིམས་སྲོལ་ལག་བསྟར་གྱི་དཔེ་སྟོན་བྱེད་དགོས།

དོན་ཚན་བཞི་པ། ཏང་གི་སྒྲིག་ཁྲིམས་ཆད་གཅོད་བྱ་བར་གཤམ་གསལ་གྱི་རྩ་དོན་བརྩི་སྲུང་ཞུ་དགོས་པ་སྟེ།

(གཅིག) ཏང་གིས་ཏང་ལ་དོ་དམ་དང་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱ་རྒྱུ་རྒྱུན་འཁྱོངས་བྱེད་དགོས། རྩ་དོན་ནན་པོ་དང་བྱེད་ཐབས་ནན་པོ། ཁོར་ཡུག་ནན་པོ་བཅས་ཡུན་རིང་དུ་རྒྱུན་འཁྱོངས་བྱས་ཏེ། ཏང་གི་རྩ་འཛུགས་རིམ་པ་ཁག་དང་ཏང་ཡོན་ཡོངས་ལ་སློབ་གསོ་དང་དོ་དམ། ལྟ་སྐུལ་བཅས་བྱེད་ཤུགས་ཆེ་རུ་བཏང་ནས་སྒྲིག་ཁྲིམས་སྔོན་ལ་འཇོག་པ་དང་། སྔ་ཙམ་ཆུང་ཙམ་ནས་དམ་འཛིན་དང་རྐྱེན་རྩ་ཆུང་ཟློག་བཅས་བྱེད་དགོས།

(གཉིས) ཏང་གི་སྒྲིག་ཁྲིམས་ཀྱི་མདུན་དུ་ཚང་མ་འདྲ་མཉམ་ཡིན། ཏང་གི་སྒྲིག་ཁྲིམས་དང་འགལ་བའི་ཏང་རྩ་འཛུགས་དང་ཏང་ཡོན་ལ་ངེས་པར་དུ་སྒྲིག་ཁྲིམས་ལག་བསྟར་ནན་པོ་དང་དྲང་གཞག་བྱེད་དགོས་པ་ལས། ཏང་ནང་དུ་སྒྲིག་ཁྲིམས་ཀྱི་གཅུན་སྡོམ་མི་ཐེབས་པའི་ཏང་རྩ་འཛུགས་དང་ཏང་ཡོན་གང་ཡང་ཡོད་མི་ཆོག

(གསུམ) དངོས་ཐོག་བདེན་འཚོལ་བྱེད་དགོས། ཏང་རྩ་འཛུགས་དང་ཏང་ཡོན་གྱིས་ཏང་གི་སྒྲིག་ཁྲིམས་དང་འགལ་བའི་བྱ་སྤྱོད་ལ་དོན་དངོས་གཞིར་འཛིན་པ་དང་། ཏང་གི་སྒྲིག་ཡིག་དང་ཏང་ནང་གི་ཁྲིམས་སྲོལ་གཞན་དག་དང་རྒྱལ་ཁབ་ཀྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་ཚད་གཞིར་བཟུང་སྟེ། སྒྲིག་ཁྲིམས་ལག་བསྟར་དང་ཁྲིམས་བསྟར་མཐིལ་རྟོགས་བྱས་ཏེ། བྱ་སྤྱོད་ཀྱི་ངོ་བོ་གཏན་འཁེལ་ཡང་དག་བྱེད་པ་དང་། གནས་ཚུལ་མི་འདྲ་བར་དབྱེ་འབྱེད་བྱས་ནས་ཐག་གཅོད་འོས་འཚམ་བྱེད་དགོས།

(བཞི) དམངས་གཙོ་གཅིག་སྡུད་ཀྱི་ལམ་ལུགས་བསྟར་དགོས། ཏང་གི་སྒྲིག་ཁྲིམས་ཀྱི་ཆད་པ་གཅོད་པར་གཏན་འབེབས་ཀྱི་གོ་རིམ་ལྟར་ཏང་རྩ་འཛུགས་ཀྱིས་ཐུན་མོང་ཐོག་གྲོས་བསྡུར་བྱས་ནས་ཐག་གཅོད་དགོས་པ་ལས། མི་སྒེར་རམ་མི་ཉུང་ཤས་ཀྱིས་རང་དགར་ཐག་གཅོད་དང་ཆོག་མཆན་འགོད་མི་ཆོག ཏང་གི་སྒྲིག་ཁྲིམས་དང་འགལ་བའི་ཏང་རྩ་འཛུགས་དང་ཏང་ཡོན་ལ་གོང་རིམ་ཏང་རྩ་འཛུགས་ཀྱིས་ཐག་གཅོད་བྱས་པའི་ཆོད་དོན་དག་འོག་རིམ་ཏང་རྩ་འཛུགས་ཀྱིས་ངེས་པར་དུ་ལག་བསྟར་བྱེད་དགོས།

(ལྔ) སྔ་བསླབ་ཕྱི་འདོམས་དང་ནད་བཅོས་སྲོག་སྐྱོབ་བྱེད་དགོས། ཏང་གི་སྒྲིག་ཁྲིམས་དང་འགལ་བའི་ཏང་རྩ་འཛུགས་དང་ཏང་ཡོན་ལ་ཆད་པ་གཅོད་པར་ཆད་གཅོད་བསླབ་འདོམས་དང་སློབ་གསོ་ཟུང་འབྲེལ་བྱས་ཏེ་གུ་ཡངས་དང་ནན་པོ་ཟུང་འབྲེལ་བྱེད་དགོས།

དོན་ཚན་ལྔ་པ། ལྟ་སྐུལ་སྒྲིག་བསྟར་གྱི“རྣམ་པ་བཞི”བེད་སྤྱོད་གཏིང་ཟབ་བྱས་ཏེ། རྒྱུན་དུ་སྐྱོན་བརྗོད་དང་རང་སྐྱོན་རང་བརྗོད་བྱེད་པ་དང་། དུས་ཐོག་ཏུ་གླེང་མོལ་དྲན་སྐུལ་དང་སྐྱོན་བརྗོད་སློབ་གསོ། ཞིབ་བཤེར་འགན་དཀྲི། བསླབ་འདོམས་སྐུལ་ལྕག་བཅས་བྱས་ཏེ།“གདོང་དམར་པོ་ཆགས་པ་དང་རྔུལ་ནག་འདོན་པ”དེ་རྒྱུན་རྣམ་དུ་འགྱུར་བར་བྱེད་དགོས། ཏང་གི་སྒྲིག་ཁྲིམས་ཀྱི་ཆད་པ་ཡང་བ་གཅོད་པ་དང་རྩ་འཛུགས་ཀྱིས་ལེགས་སྒྲིག་བྱེད་པ་དེ་སྒྲིག་འགལ་ཆད་གཅོད་བྱེད་ཚད་མང་ཆེ་བར་བསྒྱུར་པ་དང་། ཏང་གི་སྒྲིག་ཁྲིམས་ཀྱི་ཆད་པ་ལྗིད་མོ་གཅོད་པ་དང་ལས་གནས་གལ་ཆེན་ལེགས་སྒྲིག་བྱེད་པ་དེ་ཉུང་ཤས་སུ་འགྱུར་བར་བྱེད་དགོས། སྒྲིག་འགལ་ཚབས་ཆེན་བྱས་ནས་ཉེས་གསོག་དོགས་པ་ཡོད་པའི་ཉེས་དོན་འགན་འཁྲི་བདའ་འདེད་གཏོང་རྒྱུ་དེ་ཆེས་ཉུང་ཤས་སུ་བསྒྱུར་དགོས།

དོན་ཚན་དྲུག་པ། སྲོལ་ཡིག་འདི་ཏང་གི་སྒྲིག་ཁྲིམས་དང་འགལ་ནས་ཏང་གི་སྒྲིག་ཁྲིམས་ཀྱི་འགན་འཁྲི་བདའ་འདེད་གཏོང་དགོས་པའི་ཏང་རྩ་འཛུགས་དང་ཏང་ཡོན་ལ་སྤྱོད་དགོས། །(མུ་འགོད)

 
རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།