ཀྲུང་གོ་བོད་ཀྱི་དྲ་བ།

གློག་ལ་རེག་ན་ཇི་ལྟར་བྱེད་དགོས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་རིང་དོན་གྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2024-04-26
ཡིག་གཟུགས། :ཆུང་། འབྲིང་། ཆེ།

དང་པོ། མྱུར་དུ་གློག་ཁུངས་དང་རིང་དུ་གྱེས་དགོས། 

1.མི་ལ་གློག་འཁྱུད་པ་ཤེས་འཕྲལ་དུ། སྐྲག་མི་རུང་བར་སྔོན་ལ་གློག་ཁུངས་གཅོད་དགོས། ཤེས་དགོས་པ་ཞིག་ལ་གློག་ལ་རེག་པའི་མི་ལ་ལག་པས་འཐེན་མི་རུང་། རྒྱུ་མཚན་ནི་འཐེན་མཁན་ལ་ཡང་གློག་གིས་རྒྱག་སྲིད། 

2.གལ་ཏེ་གློག་ཁུངས་ཁྱོད་དང་བར་ཐག་ཉེ་ན། མྱུར་དུ་གློག་ཁུངས་གཅོད་དགོས་པ་དང་། བགར་གློག་འདང་ངེས་གྲ་སྒྲིག་བྱས་ཏེ་མྱུར་སྐྱོབ་ལ་སྟབས་བདེ་བསྐྲུན་དགོས། 

3.གལ་ཏེ་གློག་ཁུངས་དེ་གློག་ལ་རེག་པའི་གནས་དང་ཉེ་ན། འབྲེལ་གཅོད་གཟུགས་སམ་ཤིང་གི་སྟ་རེའམ་གྲི། ཁེམ་བུ་སོགས་ཀྱི་ཡུ་བ་སྐམ་པོས་གློག་གཅོད་དགོས། 

4.གློག་གཅོད་སྐབས་སུ་གློག་ཁུངས་འགྲམ་གྱི་གློག་སྐུད་གཅོད་དགོས། བཅད་པའི་གློག་སྐུད་མི་དང་བར་ཐག་ངེས་ཅན་འཇོག་དགོས། 

5.གློག་སྐུད་མི་ལུས་སུ་ཕྲད་ན་ཤིང་སྐམ་སོགས་འབྲེལ་གཅོད་གཟུགས་ཀྱིས་ཕར་འཁྱེར་དགོས། 

དོ་སྣང་བྱེད་དགོས་པ་ཞིག་ལ་ལྕགས་རིགས་དང་ཆུས་བརླན་པའི་དངོས་བོས་ཐུག་མི་རུང་། 

6.གལ་ཏེ་གློག་ལ་རེག་པའི་མིའི་ལྭ་བ་སྐམ་པོ་ཡིན་ན། མྱུར་སྐྱོབ་མི་སྣ་ཤིང་ལེབ་སྐམ་པོའམ་ལྭ་བ་སྐམ་པོ་ལག་པར་བཅིངས་ཏེ་འབྲེལ་གཅོད་གཟུགས་སུ་སྒྱུར་རྗེས། གློག་རྒྱབ་པའི་མི་འཐེན་ཏེ་གློག་དང་ཁ་འབྲལ་དུ་འཇུག་དགོས། 

དོ་སྣང་བྱེད་དགོས་པ་ཞིག་ལ། ལག་པ་གཉིས་ཀ་བཀོལ་མི་རུང་། གློག་ལ་རེག་པའི་མིའི་སྐྱི་པགས་དང་རྐང་བ་སོགས་དང་མི་ཐུག་པ་མ་ཟད། ཐབས་འདི་གློག་མནོན་དམའ་བའི་སྐབས་ཀྱི་མྱུར་སྐྱོབ་མ་གཏོགས་བཀོལ་མི་ཆོག 

7.གལ་ཏེ་མི་དེ་མཐོ་ས་ཤིག་ནས་གློག་ལ་ེརེག་པ་ཡིན་ན། ངེས་བར་དུ་སྲུང་སྐྱོབ་ཀྱི་བྱེད་ཐབས་སྤྱོད་དགོས་ཏེ། རྒྱུ་མཚན་གློག་ཁུངས་དང་བྲལ་བའི་མི་དེ་མཐོ་ས་ནས་ལྷུང་སྲིད་པས་ཡིན། 

གཉིས་པ། གློག་ལ་རེག་པའི་མི་གློག་ཁུངས་དང་བྲལ་རྗེས་ཇི་ལྟར་ཐག་གཅོད་བྱེད་དགོས། 

1.གློག་ལ་རེག་པའི་མི་དེའི་དབང་བོ་ཉམས་མེད་ན། ཐང་དུ་ཉལ་དུ་འཇུག་དགོས་པ་ལས། མྱུར་དུ་ཡར་ལངས་བའམ་འགྲོ་མི་རུང་། 

2.གློག་ལ་རེག་པའི་མི་དེའི་དབང་བོ་མི་གསལ་ན། ཁ་གནམ་ལ་བསྟན་ནས་ཉལ་དུ་འཇུག་པ་དང་། དབུགས་རྒྱུ་ཐུབ་པ་དང་ཡུན་རེའི་མཚམས་སུ་འབོད་དགོས། ཕྲག་པའི་སྟེང་དུ་རྡེབ་པ་སོགས་བྱས་ཏེ། མི་དེའི་དབང་བོ་ཉམས་ཡོད་མེད་ལ་བརྟག་དགོས། མགོ་བོ་སྒུལ་བའི་ཐབས་ཀྱིས་འབོད་མི་རུང་། རབ་ཡིན་ན་གནས་དེ་རུ་མྱུར་སྐྱོབ་བྱེད་ཐབས་སྤྱོད་དགོས་པ་མ་ཟད། སྨན་ཁང་ལ་འབྲེལ་གཏུག་བྱས་ཏེ་མྱུར་ཏུ་སྐྱོབ་དགོས། 

3.གློག་ལ་རེག་པའི་མི་དེའི་དབང་བོ་ཉམས་ན་མྱུར་བ་མྱུར་དུ་བལྟ་བ་དང་ཉན་པ་སོགས་ཀྱིས་དབུགས་ཀྱི་འབྱིན་རྔུབ་དང་སེམས་ཀྱི་ལྡིང་མཚམས་སོགས་ལ་བརྟག་དགོས།

བལྟ་བ་ནི། མི་དེའི་བྲང་ཁ་དང་ཕོ་བའི་གནས་སུ་ལྡིང་ལྷོད་ཡོད་མེད་ལ་བལྟ་བ་ཡིན། 

ཉན་པ་ནི། ཁ་སྣ་ནས་དབུགས་འབྱིན་རྔུབ་ཡོད་མེད་ལ་ཉན་པ་ཡིན།

རེག་པ་ནི་སྐེ་ཡིི་འཕར་རྩ་ལྡིང་ཞིན་ཡོད་མེད་ལ་བརྟག་པ་ཡིན།

4.གོང་གི་བརྟག་ཐབས་རྒྱུད་དབུགས་ཀྱི་རྒྱུ་བ་ཆད་ཅིང་། སེམས་ཀྱི་ལྡིང་མཚམས་བཞག་ན། མྱུར་དུ་སེམས་ཁམས་གསོ་བའི་བྱེད་ཐབས་སྤྱད་དེ་མྱུར་སྐྱོབ་བྱེད་དགོས། །

 
རྩོམ་སྒྲིག་པ། : 才让东珠