ཀྲུང་གོ་བོད་ཀྱི་དྲ་བ།

གློག་ཆས་ལ་མེ་ཤོར་ན་ཅི་བྱ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་རིང་དོན་གྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2024-04-19
ཡིག་གཟུགས། :ཆུང་། འབྲིང་། ཆེ།

(1)གློག་ཆས་ལ་མེ་ཤོར་ན་སྔོན་ལ་གློག་ཁུངས་གཅོད་དགོས། དེེའི་རྗེས་སུ་ཐཱན་རྡུལ་ལམ་མེ་གསོད་ཆས། ཡང་ན་ཆུ་སོགས་ཀྱིས་མེ་གསོད་དགོས། གློག་ཡོད་པའི་སྟེང་དུ་ཐད་ཀར་ཆུ་བླུགས་མི་རུང་སྟེ། གློག་རྒྱག་པའམ་གློག་ཆས་འབར་གས་བྱུང་སྟེ་མི་ལ་གནོད་པ་འགོག་པའི་ཆེད་ཡིན། བརྙན་འཕྲིན་འཕྲུལ་ཆས་ལ་མེ་ཤོར་ན། དེའི་འགྲམ་ནས་མེད་གསོད་དགོས། 

(2)གལ་ཏེ་རང་གིས་མེད་གསོད་མི་ཐུབ་ན། མྱུར་དུ་སྐད་གསེང་མཐོན་པོས་འབོད་དགོས། ཆ་རྐྱེན་འཛོམས་ན119མེ་གསོད་ཉེན་རྟོག་ལ་ཁ་པར་རྒྱག་དགོས། 

(3)མེ་ཤིན་ཏུ་ཆེ་ན། མྱུར་ཏུ་འབྲོ་དགོས། རྒྱུ་དངོས་ལ་མི་ཞེན་པར། སྲོག་ཉེན་ལས་ཐར་ཐབས་བྱ་དགོས། འབྲོ་བའི་གོ་རིམ་ཁྲོད། དངོས་བོ་ལྗོད་མོ་མི་ཁྱེར་བ་དང་། མེ་དང་ཐག་རིང་དུ་བྲལ་རྗེས། ཕྱིར་འགྲོ་མི་རུང་། 

(4)ལུས་སྟེང་དུ་མི་འབར་ན། གང་བྱུང་དུ་མི་འབྲོ་བར། ས་ནས་འགྲེ་ལོག་རྒྱག་པའམ་ལྭ་བ་ལྕི་མོ་འགེབ་སྟེ་མེ་གསོད་དགོས། དུ་བ་མཐུག་པོ་རྒྱུད་ནས་འབྲོ་སྐབས། ལག་རས་རློན་པས་ཁ་སྣ་བཀབ་སྟེ་མགོ་སྒུར་སྒུར་གྱིས་འབྲོ་དགོས། །

 
རྩོམ་སྒྲིག་པ། : 才让东珠