ཀྲུང་གོ་བོད་ཀྱི་དྲ་བ།

ཅི་ཞིག་ལ་ཞིང་སྡེའི་ཁོར་ཡུག་སྲུང་སྐྱོང་ཟེར།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : མཁའ་མཚོ་སྐྱིད་ཀྱིས་བསྒྱུར།   སྤེལ་དུས། : 2024-03-13
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཅི་ཞིག་ལ་ཞིང་སྡེའི་ཁོར་ཡུག་སྲུང་སྐྱོང་ཟེར།

ཞིང་སྡེའི་ཁོར་ཡུག་ནི་གྲོང་ཁྱེར་གྱི་ཁོར་ཡུག་ལ་བལྟས་ནས་བཤད་པ་ཡིན་ཞིང་། དེ་ནི་ཞིང་པ་འདུས་སྡོད་བྱེད་ས་ལྟེ་བར་བྱེད་པའི་ཁྱབ་ཁོངས་ངེས་ཅན་ཞིག་གི་རང་བྱུང་དང་སྤྱི་ཚོགས་ཀྱི་ཆ་རྐྱེན་གྱི་སྤྱི་བསྡོམས་ལ་ཟེར། དེར་བརྟེན། ཁྱབ་ཆུང་ས་ནས་བཤད་ན། ཞིང་སྡེའི་འཚོ་སྡོད་ཁོར་ཡུག་ཚུད་ཡོད་ལ། ཞིང་ལས་ཐོན་སྐྱེད་ཁོར་ཡུག་ཀྱང་ཚུད་ཡོད།

“ཞིང་སྡེའི་ཁོར་ཡུག”ནི“ཞིང་ལས་ཀྱི་ཁོར་ཡུག”ནས་རིམ་བཞིན་འགྱུར་ལྡོག་བྱུང་བ་ཡིན། ཀྲུང་གོ་གསར་པ་དབུ་བརྙེས་མ་ཐག་པའི་དུས་སུ“ཁ་རྒྱབ”ཀྱི་གནད་དོན་སྔར་ལས་མངོན་གསལ་ཡིན་པའི་ཁར་ཞིང་སྡེའི་ཁོར་ཡུག་གནད་དོན་དེ་འདྲ་ཚབས་ཆེན་མིན་པས། ཞིང་ལས་ཐོན་རྫས་ཐོན་སྐྱེད་ལ་སྔར་ལས་མཐོང་ཆེན་བྱེད་བཞིན་ཡོད། དེར་བརྟེན། དུས་རབས20པའི་ལོ་རབས90པའི་སྔོན་དུ། ཞིང་སྡེའི་ཁོར་ཡུག་མང་ཆེ་བ་ཞིང་ལས་སྡེ་ཁག་གིས་དོ་དམ་བྱེད་པ་དང་། ཞིང་ལས་དང་ཞིང་སྡེའི་ཁོར་ཡུག་སྲུང་སྐྱོང་དང་འབྲེལ་བའི་ནང་དོན་ལ“ཞིང་ལས་ཁོར་ཡུག་སྲུང་སྐྱོང”ཞེས་འབོད། དེ་ནི་ཞིང་ལས་ཐད་བཀོལ་སྤྱོད་བྱེད་པའི་ས་ཞིང་དང་། ཞིང་ལས་ཐད་བཀོལ་སྤྱོད་བྱེད་པའི་ཆུ། ཞིང་ཁའི་རླུང་ཁམས་ཆེན་པོ་དང་ཞིང་ལས་སྐྱེ་དངོས་སོགས་ཞིང་ལས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བྱེད་པར་དམིགས་བསལ་གྱིས་བསྟན་པ་ཡིན། 1998ལོར་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྒྲིག་གཞི་བཅོས་བསྒྱུར་བྱེད་སྐབས་ཞིང་སྡེའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་འགན་ནུས་དེ་ཞིང་ལས་པུའུ་ཡི་ཁྱབ་ཁོངས་ནས་གསར་དུ་རིམ་སྤར་བྱས་ཏེ་བཙུགས་པའི་རྒྱལ་ཁབ་ཁོར་ཡུག་སྲུང་སྐྱོང་སྤྱི་ཁྱབ་ཅུའུ་ཡི་ཁོངས་སུ་དགར་ནས་ལག་བསྟར་བྱས། སྐབས་དེ་ནས་བཟུང་རྒྱལ་ཁབ་ཀྱི་རིགས་སོ་སོའི་འབྲེལ་ཡོད་ཁོར་ཡུག་སྲུང་སྐྱོང་གི་ཚད་ལྡན་རང་བཞིན་གྱི་ཡིག་ཆའི་ཁྲོད། ཞིང་སྡེའི་ཁོར་ཡུག་གིས་ཕྱོགས་ཡོངས་ནས་ཞིང་ལས་ཁོར་ཡུག་གི་ཚབ་བྱེད་མགོ་བརྩམས། 2018ལོའི་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་སྟེང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྒྲིག་གཞི་བཅོས་སྒྱུར་ལས་ཞིང་ལས་པུས་ལྟ་སྐུལ་མཛུབ་ཁྲིད་བྱེད་པའི་ཞིང་ལས་ངོས་ཀྱི་རྫོད་ཁུངས་བཅོས་སྒྲིག་གི་འགན་འཁྲི་དེ་གསར་དུ་བཙུགས་པའི་སྐྱེ་ཁམས་ཁོར་ཡུག་པུའི་ཁོངས་སུ་སྤྲད་པ་དང་། ཞིང་སྡེའི་ཁོར་ཡུག་སྲུང་སྐྱོང་གི་ཚོད་རྩིས་དེ་ཞིང་ལས་ཁོར་ཡུག་ལ་གཞི་ནས་ཁྱབ་པར་བྱས་ཡོད།  །

 
རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།