ཀྲུང་གོ་བོད་ཀྱི་དྲ་བ།

རྨ་ལྷོ་ཁུལ་གྱིས་ཞིང་ཆེན་རིམ་པའི“གསར་བརྗེའི་མཉམ་སྤྱོད་གཡུལ་ས”རྒྱལ་ཁའི་ངང་གསར་སྐྲུན་བྱས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་རིང་རྒྱ་མཚོས་བསྒྱུར།   སྤེལ་དུས། : 2024-03-25
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཏང་དང་མང་ཚོགས་ཀྱི་ཞབས་ཞུའི་ལྟེ་གནས་དང་། མང་ར་སྟོང་དཔོན་གཞིས་ཁ་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་རྟེན་གཞི། རྨ་ཆུའི་སོག་རིགས་ལོ་རྒྱུས་རིག་གནས་བཤམས་སྟོན་ཁང་སོགས་ཟླ3པའི་ཚེས23ཉིན་བར་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱིས་ཕུགས་བསམ་དད་མོས་སློབ་གསོ་དང་། ཏང་གཤིས་སློབ་གསོ། མི་རིགས་མཐུན་སྒྲིལ་སོགས་ཁྱབ་ཁོངས་མི་འདྲ་བ་ཚུད་པའི་ཞིང་ཆེན་རིམ་པའི་ཏང་ཀྲི་པུའི་རྩ་འཛུགས་ཀྱི་འཚོ་བ་མཉམ་སྤྱོད་གཡུལ་ས་བདུན་རྒྱལ་ཁའི་ངང་གསར་སྐྲུན་བྱས།

རྨ་ལྷོ་ཁུལ་གྱིས་ད་ཡོད་ཀྱི་གསར་བརྗེའི་རིག་གནས་ཐོན་ཁུངས་སྔོག་འདོན་དང་བེད་སྤྱོད་བྱས་ནས་མཉམ་སྤྱོད་གཡུལ་ས་གསར་སྐྲུན་བྱེད་པའི་བརྒྱུད་རིམ་ནང་། རིམ་པ་སོ་སོའི་ཏང་རྩ་འཛུགས་ཀྱིས་ཏང་འཛུགས་སྐྲུན་གྱིས་ལས་སྒོ་མཉམ་འདྲེས་འཕེལ་རྒྱས་ལ་ཤུགས་བསྣན་ནས་ཏང་རྩ་འཛུགས་ཀྱི་འཚོ་བར་ཞབས་འདེགས་ཞུ་བ་དང་། ཏང་ཡོན་ལ་ཞབས་འདེགས་ཞུ་བའི་རྒྱུན་ལྡན་གྱི་སློབ་གསོའི་ནུས་པ་འདོན་སྤེལ་བྱེད་པའི་དུས་མཚུངས་སུ། ཁུལ་ཡོངས་ཀྱི་ཏང་ཡོན་ལས་བྱེད་པས“ཏང་གི་སློབ་ཚན་འཆད་ཁྲིད་བྱེད་པ”དང་། གསར་བརྗེའི་གློག་བརྙན་ལ་ལྟ་བ། VRཉམས་ལེན་སོགས་ཀྱི་ཞབས་ཞུ་བྱས་ནས་ཏང་གཤིས་སློབ་གསོའི་ནང་དོན་དང་རྣམ་པ་གསར་གཏོད་བྱས་ཏེ་ཞབས་ཞུའི་ནུས་པ་ཆེ་རུ་བཏང་བ་རེད།

གཡུལ་ས་རུ་རྒྱུ་ཆ་ལེན་པ་དང་། སྒུལ་ཤུགས་ཀྱི་འབྱུང་ཁུངས་འཚོལ་བ། སློབ་གསོའི་རྣམ་པ་རྒྱ་ཆེར་གཏོང་བ་བཅས་བྱས་ནས་རིམ་པ་སོ་སོའི་ཏང་རྩ་འཛུགས་ཀྱིས་ཏང་ཡོན་གྱི་སློབ་གསོ་དང་ཏང་གི་ལོ་རྒྱུས་སློབ་སྦྱོང་། བརྗོད་དོན་ཏང་གི་ཉིན་མོ། འཕྲལ་བསྟུན་ནང་སྦྱོང་། ལས་བྱེད་པ་གསོ་སྦྱོང་། རིག་གནས་དང་ལུས་རྩལ་བྱེད་སྒོ། མང་ཚོགས་ཀྱི་སྤྲོ་གསེང་སོགས་སྣ་མང་ཅན་གྱི་དགོས་མཁོ་རྒྱུན་ཆད་མེད་པར་བསྐངས་ཏེ། མི་རིགས་མཐུན་སྒྲིལ་ལ་སྐུལ་འདེད་གཏོང་བའི“སེ་འབྲུ་ཁྱིམ་གཞིས”དང་ཏང་ཡོན་གྱི་ཏང་གཤིས་གསོ་སྦྱོང་དང་། ཏང་ཡོན་མང་ཚོགས་དང་འབྲེལ་གཏུག་དང་ཞབས་ཞུ། གཞི་རིམ་གྱི་སྤྱི་ཚོགས་བཅོས་སྐྱོང་ལ་སྣེ་ཁྲིད་བཅས་ཀྱི་གཡུལ་ས་གལ་ཆེན་ཞིག་ཏུ་གྱུར་ཡོད།  །  

 
རྩོམ་སྒྲིག་པ། : ཚེ་རིང་རྒྱ་མཚོ།