ཀྲུང་གོ་བོད་ཀྱི་དྲ་བ།

ཝང་ཞའོ་ཧུང་གིས་འབར་མ་ནང་སྲིད་པུའུ་ཡི་པུའུ་ཀྲང་ཡ་པིས་ལ་ཐུག་འཕྲད་གནང་བ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2024-04-26
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་སྲིད་ཨུ་ཡོན་ནམ་སྤྱི་བདེ་པུའུ་ཀྲང་ཝང་ཞའོ་ཧུང་གིས་ཚེས25ཉིན་པེ་ཅིན་དུ་འབར་མ་ནང་སྲིད་པུའུ་ཡི་པུའུ་ཀྲང་ཡ་པིས་ལ་ཐུག་འཕྲད་གནང་།

ཝང་ཞའོ་ཧུང་གིས་བསྟན་དོན། ཀྲུང་འབར་གྱིས་མཉམ་འབྲེལ་ཐོག་གློག་འཕྲིན་དྲ་རྒྱའི་མགོ་སྐོར་ནག་ཉེས་ལ་རྡུང་རྡེག་གཏོང་བའི་ཐད་ནས་རླབས་ཆེའི་གྲུབ་འབྲས་གལ་ཆེན་བླངས་ཡོད། ཀྲུང་གོས་ཐོག་མཐའ་བར་གསུམ་དུ་འཐབ་ཇུས་ཀྱི་མཐོ་ཚད་དང་ཀྲུང་འབར་འབྲེལ་བ་འཕེལ་རྒྱས་གཏོང་བའི་ཐད་ནས། འབར་མ་དང་མཉམ་དུ་ཕྱོགས་ཡོངས་ནས་ཁྲིམས་འཛིན་བདེ་འཇགས་མཉམ་ལས་གཏིང་ཟབ་དུ་བཏང་སྟེ། རྒྱན་འཇོག་མགོ་སྐོར་དང་དུག་རྫས་སོགས་ཀྱི་ནག་ཉེས་ལ་རྡུང་རྡེག་གཏོང་བ་དང་། མི་སྣའི་ལས་གཞི་བདེ་སྲུང་མཉམ་ལས་ལ་ཤུགས་བསྣན་ནས། ཁྲིམས་འཛིན་ནུས་པ་འཛུགས་སྐྲུན་གྱི་མཉམ་ལས་གཏིང་ཟབ་དུ་གཏོང་བ་དང་། མུ་མཐུད་དུ་ཀྲུང་འབར་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་སྐྲུན་ལ་སྐུལ་འདེད་བཏང་ནས། རྒྱལ་ཁབ་གཉིས་དང་རང་ས་ཁུལ་གྱི་བདེ་འཇགས་གཏན་འཇགས་དང་དར་རྒྱས་གོང་འཕེལ་ཐད་ལ་སྔར་ལས་ཆེ་བའི་བྱས་རྗེས་འཇོག་འདོད་ཡོད།

ཡ་པིས་ཡིས་བསྟན་དོན། རྒྱལ་ཁབ་གཉིས་ཀྱི་ཁྲིམས་འཛིན་བདེ་འཇགས་མཉམ་ལས་ལ་སྐུལ་འདེད་བཏང་ནས་གྲུབ་འབྲས་ཕུན་སུམ་ཚོགས་པ་ལེན་འདོད་ཡོད། །

 
རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།