ཀྲུང་གོ་བོད་ཀྱི་དྲ་བ།

སློབ་གསོ་པུའུ་ཡིས་བསླབ་གཞི་འཛུགས་སྐྲུན་དང་དོ་དམ་གྱི་རྒྱལ་ཁབ་རིམ་པའི་གསོ་སྦྱོང་སྤེལ་བ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2024-04-26
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཁབ་བསླབ་གཞི་ཨུ་ལྷན་གྱིས་བསླབ་གཞི་འཛུགས་སྐྲུན་དང་དོ་དམ་མ་ལག་ལ་ཤུགས་སྣོན་པའི་སྐོར་གྱི་འགུལ་སྐྱོད་བཀོད་སྒྲིག་ལྟར་ན། ཟླ4པའི་ཚེས23ཉིན་ནས་ཟླ4པའི་ཚེས26ཉིན་བར། སློབ་གསོ་པུའུ་ཡིས་རྒྱལ་ཁབ་སློབ་གསོ་སྲིད་འཛིན་སློབ་གླིང་དུ་རྒྱལ་ཡོངས་ཀྱི་བསླབ་གཞི་དོ་དམ་མི་སྣའི་གསོ་སྦྱོང་སྤེལ་བ་དང་། བསླབ་གཞི་འཛུགས་སྐྲུན་དང་དོ་དམ་གྱི་རྒྱལ་ཁབ་རིམ་པའི་གསོ་སྦྱོང་དངོས་སུ་མགོ་བརྩམས། སློབ་གསོ་པུའུ་ཏང་ཙུའུ་ཁོངས་མིའམ་པུའུ་ཀྲང་གཞོན་པ། སློབ་གསོའི་སྤྱིའི་ལྟ་སྐུལ་པ་ཝང་ཅ་དབྱི་གསོ་སྦྱོང་ལ་ཞུགས་པ་མ་ཟད་ཆེད་དོན་སྙན་ཞུ་ཕུལ།

ཝང་ཅ་དབྱི་ཡིས་བསྟན་དོན། བསླབ་གཞི་འཛུགས་སྐྲུན་དང་དོ་དམ་གྱི་རྒྱལ་ཁབ་རིམ་པའི་གསོ་སྦྱོང་སྤེལ་བ་ནི་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ལག་བསྟར་དངོས་འབེབས་བྱེད་པའི་ཐབས་ལམ་གལ་ཆེན་ཞིག་ཡིན་ལ། རྒྱལ་ཁབ་བསླབ་གཞི་ཨུ་ལྷན་བཙུགས་ཚུན་གྱི་གཞི་ཁྱོན་ཆེས་ཆེ་བ་དང་མ་ལག་ཅན། ཆེད་ལས་ཅན་གྱི་གསོ་སྦྱོང་ཅིག་ཡིན་ལ། དམིགས་ཡུལ་ནི་ཆབ་སྲིད་ལངས་ཕྱོགས་བརྟན་པོ་ཡིན་པ་དང་ཆེད་ལས་ཆུ་ཚད་མཐོ་བ། བསླབ་གཞི་སྲིད་ཇུས་ལ་རྒྱུས་ལོན་ཆེ་བའི་བསླབ་གཞི་བྱ་བའི་དཔུང་སྡེ་ཅིག་འཛུགས་པའི་ཆེད་ཡིན། བསླབ་གཞི་འཐབ་ཕྱོགས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བསླབ་གཞི་བྱ་བའི་སྐོར་གྱི་མཛུབ་སྟོན་དགོངས་དོན་གལ་ཆེན་སློབ་སྦྱོང་དང་ལག་བསྟར་བྱས་ཏེ། ཤུགས་ཆེན་པོས་བསླབ་གཞི་འཛུགས་སྐྲུན་གྱི་རྒྱལ་ཁབ་ཁེ་དབང་དངོས་འབེབས་དང་སྲོག་སྐྲུན་མི་སྐྱོང་གི་ཕན་ནུས་མཐོར་འདེགས། རྒྱལ་ཁབ་འཐབ་ཇུས་ལ་ཞབས་ཞུ། ཀྲུང་གོའི་རང་བདག་ཤེས་བྱའི་མ་ལག་འཛུགས་སྐྲུན། བསླབ་གཞི་བཅོས་སྐྱོང་མ་ལག་འཐུས་ཚང་། བསླབ་གཞི་ཞིབ་འཇུག་རྩ་འཛུགས་ཅན་དུ་བསྒྱུར་ལག་བསྟར་སོགས་གནད་འགག་ལས་འགན་ལ་དམ་འཛིན་བྱས་ནས། ཕྱོགས་ཡོངས་ནས་དུས་རབས་གསར་པའི་བསླབ་གཞི་འཛུགས་སྐྲུན་དང་དོ་དམ་ཆུ་ཚད་མཐོར་འདེགས་སུ་གཏོང་རྒྱུ་དེ་ཡིན།

གསོ་སྦྱོང་འཛིན་གྲྭའི་སྟེང་། སློབ་གསོ་པུའུ་དང་ཀྲུང་དབྱང་ཏང་གི་སློབ་གྲྭ། པེ་ཅིན་དགེ་ཐོན་སློབ་ཆེན། རྒྱལ་སའི་དགེ་ཐོན་སློབ་ཆེན་སོགས་སྡེ་ཁག་གི་འབྲེལ་ཡོད་འགན་ཁུར་བློ་མཐུན་དང་བསླབ་གཞི་ཁྱབ་ཁོངས་ཀྱི་མཁས་པས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བསླབ་གཞི་བྱ་བའི་སྐོར་གྱི་མཛུབ་སྟོན་དགོངས་དོན་གལ་ཆེན་དང་བསླབ་གཞི་སྲིད་ཇུས་ཡིག་ཆ། རྒྱལ་སྤྱིའི་འཕེལ་རྒྱས་འགུལ་རྣམ་སོགས་དང་འབྲེལ་ནས་ཆེད་དོན་སྙན་ཞུ་ཕུལ། གསོ་སྦྱོང་གིས་ད་རུང་ཚན་ཆུང་བགར་ནས་བགྲོ་གླེང་དང་ཆེད་དོན་བརྗེ་རེས། ཡུལ་དངོས་སློབ་ཁྲིད་སོགས་ཀྱི་གོ་རིམ་བཀོད་སྒྲིག་བྱས་ཡོད།

ཞིང་ཆེན་སློབ་གསོའི་སྲིད་འཛིན་སྡེ་ཁག་དང་པུའུ་ཡི་ཁོངས་གཏོགས་མཐོ་སློབ། པུའུ་དང་ཞིང་ཆེན་གྱི་མཉམ་སྐྲུན་མཐོ་སློབ་སོ་སོའི་བསླབ་གཞི་བྱ་བའི་གཙོ་གཉེར་འགན་འཁུར་བློ་མཐུན་དང་འབྲེལ་ཡོད་ལས་སྒོ་ཁྲུའུ་ཡི་འགན་ཁུར་བློ་མཐུན་སོགས་གསོ་སྦྱོང་ལ་ཞུགས་ཡོད། འཆར་གཞི་ལྟར་ན། སློབ་གསོ་པུའུ་ཡིས་རྒྱལ་ཡོངས་བསླབ་གཞི་རྩོམ་སྒྲིག་མི་སྣ་དང་ཞིབ་བཤེར་གཏན་འབེབས་མི་སྣ། ཞིབ་འཇུག་མི་སྣ། མར་ཁེ་སི་རིང་ལུགས་གཞུང་ལུགས་ཞིབ་འཇུག་དང་འཛུགས་སྐྲུན་བཟོ་འགོད་གཙོ་གནད་བསླབ་གཞིའི་དགེ་རྒན་སོགས་ཀྱི་ཆེད་དོན་གསོ་སྦྱོང་འཛིན་གྲྭ་སྔ་རྗེས་སུ་སྤེལ་རྒྱུ་ཡིན་དང་། དེ་ཕྱོགས་ཡོངས་ནས་བསླབ་གཞི་བྱ་བའི་དཔུང་སྡེ་སོ་སོར་ཁྱབ་ཡོད། །

 
རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།