ཀྲུང་གོ་བོད་ཀྱི་དྲ་བ།

ཐེམ་ཆེན་རྫོང་གིས་ནུས་ཤུགས་ཡོད་རྒུས་ན་གཞོན་ལས་བྱེད་པ་གསོ་སྐྱོང་བྱེད་པའི་དུས་ཡུན་རིང་བའི་ལམ་ལུགས་འཛུགས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་རིང་རྒྱ་མཚོས་བསྒྱུར།   སྤེལ་དུས། : 2024-04-27
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་ཐེམ་ཆེན་རྫོང་གིས་ན་གཞོན་ལས་བྱེད་པ་གསོ་སྐྱོང་དང་འདེམས་སྒྲུག་བྱ་རྒྱུར་དམིགས་ནས“ཁག་བཞིའི”ཞིབ་ཕྲའི་བྱེད་ཐབས་སྤྱད་དེ། ན་གཞོན་ལས་བྱེད་པ་གསོ་སྐྱོང་བྱེད་པའི་ཡུན་རིང་གི་ལམ་ལུགས་བཙུགས་པ་དང་། བེད་སྤྱོད་བྱེད་ཆོག་པ་དང་ལས་འགན་ལྕི་པོ་འཁུར་ཕོད་པའི་ཕུལ་བྱུང་ན་གཞོན་ལས་བྱེད་པའི་དཔུང་ཁག་ཞིག་འཛུགས་སྐྲུན་བྱས།

ལས་བྱེད་པ་སྐོར་ཞིག་བསྡུ་རྒྱུ་དང་གསོག་འཇོག་བྱ་རྒྱུ་རྒྱུན་འཁྱོངས་བྱ་རྒྱུ་དང་། ཕུལ་བྱུང་གི་ན་གཞོན་ལས་བྱེད་པའི་དཔུང་ཁག་འཕེལ་རྒྱས་དང་རྒྱ་སྐྱེད་གཏོང་རྒྱུ་དེ་བྱ་གཞག་ཀུན་གྱི་གཙོ་གནད་དུ་འཇོག་པར་རྒྱུན་འཁྱོངས་བྱས་ཏེ། ན་གཞོན་ལས་བྱེད་པ་གསོག་འཇོག་བྱེད་པའི་ཐད་མཐོང་རྒྱ་ཆེ་རུ་གཏོང་བ་དང་། ཁྱབ་རྒྱ་དང་འབྲེལ་ཐག་རྒྱ་སྐྱེད་གཏོང་བ། རྒྱུགས་ལེན་དང་མི་སྣ་བསྡུ་བར་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་པ་བརྒྱུད། ན་གཞོན་ལས་བྱེད་པའི་ཡོང་ཁུངས་ཀྱི་ཐབས་ལམ་རྒྱ་སྐྱེད་བཏང་ཞིང་། ན་གཞོན་ལས་བྱེད་པ་གསོག་འཇོག་བྱེད་པའི་ལས་དོན་ལེགས་པོ་སྒྲུབ་པ་དང་། ལོ་གསུམ་ནང་གཞུང་ཞབས་པ(འདེམ་སྐོང་སློབ་མ)152བསྡུས།

ལས་བྱེད་པ་སྐོར་ཞིག་གསོ་སྦྱོང་དང་མཐོར་འདེགས་སུ་གཏོང་བར་རྒྱུན་འཁྱོངས་བྱེད་པ་དང་། ན་གཞོན་ལས་བྱེད་པའི་ཆབ་སྲིད་ཀྱི་འཛུགས་སྐྱོང་དང་ནུས་པའི་འཛུགས་སྐྱོང་བྱ་རྒྱུ་ལས་ཀའི་གཙོ་གནད་དུ་བརྩིས་ནས“གསོ་སྦྱོང་བྱས་ནས་བློ་རིག་ཇེ་གསལ་དུ་གཏོང་བ་དང་། དངོས་སྦྱོང་བྱས་ནས་ནུས་པ་ཆེ་རུ་གཏོང་བའི”ལས་ཀའི་རྣམ་པ་བཟོས་ཏེ། ན་གཞོན་ལས་བྱེད་པར་སློབ་གསོ་དང་གསོ་སྦྱོང་ཐེངས3སྤེལ་བ་དང་མི་ཐེངས223ལ་གནད་ལ་འཁེལ་བའི་གསོ་སྦྱོང་བྱས།

ལས་བྱེད་པ་སྐོར་ཞིག་ལས་གནས་རེས་མོས་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། རྗེས་སུ་འབྲིངས་ནས་སློབ་སྦྱོང་བྱེད་པ་དང་། ཕྱི་ཕྱོགས་སུ་མངགས་གཏོང་བྱེད་པ། ལག་ལེན་དངོས་སྦྱོར། ལས་གནས་རེས་མོས་སྤེལ་རེས་སོགས་ཀྱི་བྱ་ཐབས་བརྒྱུད། ན་གཞོན་ལས་བྱེད་པའི་ལས་སྒྲུབ་ཀྱི་འཇོན་ཐང་སྦྱོང་བརྡར་བྱས་པ་བརྒྱུད། རྫོང་ཡོངས་ཀྱི་འཕེལ་རྒྱས་ཐད་རྒྱུན་མཐུད་སྟོབས་ཤུགས་གསོ་སྐྱོང་བྱས། ལོ་གསུམ་ནང་བསྡོམས་པས་ན་གཞོན་ཁོའོ་རིམ་པའི་ལས་བྱེད་པ6ཁུལ་ཐད་གཏོགས་སྡེ་ཁག་དུ་གནས་སྐབས་ཀྱི་ལས་གནས་སྦྱོང་བརྡར་བྱེད་པར་མངགས་ཤིང་། ན་གཞོན་ལས་བྱེད་པ51ཤང་དང་གྲོང་རྡལ། རྫོང་ཐད་གཏོགས་ལས་ཁུངས་བར་གྱི་སྤེལ་རེས་བྱས་ནས་ལས་གནས་འཁུར་བ། ན་གཞོན་ལས་བྱེད་པ27གྲོང་གསེབ་དར་སྤེལ་གཏོང་བ་དང་དག་གཙང་གྲོང་ཁྱེར་གསར་སྐྲུན་སོགས་འཐབ་ཕྱོགས་དང་པོའི་ལས་གནས་སུ་འགན་འཁུར་ནས་སྦྱོང་བརྡར་བྱེད་ཀྱིན་ཡོད།

ལས་བྱེད་པ་སྐོར་ཞིག་འདེམས་སྒྲུག་དང་བསྐོ་སྤྱོད་བྱ་རྒྱུ་རྒྱུན་འཁྱོངས་བྱེ་ད་པ་དང་། “གྲུབ་འབྲས་དངོས་ལ་བརྟེན་ནས་དཔའ་བོ་ལ་བརྩི་བ་དང་། གྲུབ་འབྲས་དངོས་ལ་བརྟེན་ནས་ལས་བྱེད་པ་སྤྱོད་པའི”ཁྲིད་སྟོན་འབུར་ཏུ་ཐོན་པར་བྱས་ནས། འཆར་གཞི་ཡོད་པའི་སྒོ་ནས་ཆབ་སྲིད་ཀྱི་བྱང་ཚད་བཟང་བ་དང་གསོ་སྐྱོང་གི་མདུན་ལམ་ལྡན་པའི་ན་གཞོན་ལས་བྱེད་པ་འགག་རྩའི་ལས་གནས་སུ་བཞག་ནས། སྦྱོང་བརྡར་བྱས་ཏེ་གནད་སྨིན་འཐུས་ཚང་བློས་འགེལ་ཆོག་པའི་ཕུལ་བྱུང་ལས་བྱེད་པ་རྣམས་དུས་ཐོག་ཏུ་བློ་ཁོག་ཆེན་པོས་བེད་སྤྱོད་གཏོང་རྒྱུ་དང་། ལོ་གསུམ་ནང་བསྡོམས་པས་ན་གཞོན་ལས་བྱེད་པ13གོ་གནས་སྤར་ནས་གཞི་རིམ་གྱི་འཐབ་ཕྱོགས་དང་པོ་དང་། གཙོ་གནད་ལས་རྐང་། གལ་ཆེའི་ལས་གནས་བཅས་སུ་ཕུལ་དུ་བྱུང་བའི་ལས་བྱེད་པ8གོ་གནས་སྤར་རྒྱུ་དང་བཀོལ་སྤྱོད་བྱ་རྒྱུ་དང་། ཛ་དྲག་དང་དཀའ་ངལ་ཆེ་བའི་ལས་འགན་དང་ཉེན་ཁ་ཚབས་ཆེན་ལ་ཁ་གཏད་འཇལ་བའི་ཁྲོད་འགན་འཁུར་ཕོད་པ་དང་བྱ་བ་ལས་མཁས་པའི་ན་གཞོན་ལས་བྱེད་པ་ཕུལ་བྱུང11གོ་གནས་རིམ་པ་སྤར་རྒྱུ་རེད།  །  

 
རྩོམ་སྒྲིག་པ། : ཚེ་རིང་རྒྱ་མཚོ།