ཀྲུང་གོ་བོད་ཀྱི་དྲ་བ།

《ཀྲུང་གོ་གུང་ཁྲན་ཏང་གི་ཏང་ནང་ཁུལ་གྱི་བཅའ་ཁྲིམས་སྒྲིག་སྲོལ་འདེམས་སྒྲིག(2017-2022)》དཔེ་སྐྲུན་འགྲེམ་སྤེལ་བྱས་པ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2024-03-28
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་དབྱང་གི་མགོ་ཁྲིད་བློ་མཐུན་གྱིས་ཆོག་མཆན་གནང་བ་བརྒྱུད། ཀྲུང་གུང་ཀྲུང་དབྱང་གཞུང་ལས་ཐིང་བཅའ་ཁྲིམས་སྒྲིག་སྲོལ་ཅུའུ་ཡིས་རྩོམ་སྒྲིག་བྱས་པའི《ཀྲུང་གོ་གུང་ཁྲན་ཏང་གི་ཏང་ནང་ཁུལ་གྱི་བཅའ་ཁྲིམས་སྒྲིག་སྲོལ་འདེམས་སྒྲིག(2017-2022)》ཅེས་པ་ཉེ་ཆར་བཅའ་ཁྲིམས་དཔེ་སྐྲུན་ཁང་ནང་དཔེ་སྐྲུན་འགྲེམ་སྤེལ་བྱས། 

《ཀྲུང་གོ་གུང་ཁྲན་ཏང་གི་ཏང་ནང་ཁུལ་གྱི་བཅའ་ཁྲིམས་སྒྲིག་སྲོལ་འདེམས་སྒྲིག》ཅེས་པའི་དེབ་འདི་དེ་སྔོན་དེབ5དཔེ་སྐྲུན་བྱས་ཟིན་ལ། 《འདེམས་སྒྲིག》འདི་ནི་དེབ6པ་རེད། དེའི་ནང2017ལོའི་ཟླ10པ་ནས2022ལོའི་ཟླ10བར་ཏང་ཀྲུང་དབྱང་དང་ཀྲུང་དབྱང་སྒྲིག་ཨུ། ཏང་ཀྲུང་དབྱང་ལས་དོན་སྡེ་ཁག་བཅས་ཀྱིས་གཏན་འབེབས་བྱས་པའི་ད་སྔ་སྤྱོད་བཞིན་པའི་ཏང་ནང་ཁུལ་གྱི་བཅའ་ཁྲིམས་སྒྲིག་སྲོལ་དང་ཚད་ལྡན་རང་བཞིན་གྱི་ཡིག་ཆ་ཁྱོན་བསྡོམས127འདུས་ཤིང་། ནང་དོན་གྱི་ཆ་ལ། ཏང་གི་མགོ་ཁྲིད་དང་ཏང་གི་འཛུགས་སྐྲུན་སོགས་ཁྱབ་ཁོངས་མང་པོའི་ལས་དོན་དང་འབྲེལ་ཡོད་པས། དབང་གྲགས་རང་བཞིན་དང་སྣེ་ཁྲིད་རང་བཞིན། བེད་སྤྱོད་རང་བཞིན་བཅས་ལྡན་པ་རེད། ། 

 
རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།