ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་སྔོན་ཞིང་ཆེན་བཟོ་ལས་དང་ཆ་འཕྲིན་ཅན་ཐིན་གྱིས་འཛམ་གླིང་རིམ་པའི་ཚྭ་མཚོའི་ཐོན་ལས་རྟེན་གཞི་འཛུགས་སྐྲུན་བྱེད་པར་སྐུལ་འདེད་བཏང་།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་རིང་རྒྱ་མཚོས་བསྒྱུར།   སྤེལ་དུས། : 2024-04-25
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ4པའི་ཚེས22ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་བཟོ་ལས་དང་ཆ་འཕྲིན་ཅན་ཐིན་ནས་རྒྱུས་ལོན་པ་ལྟར་ན། ཚྭ་མཚོའི་ཐོན་ལས་སྐྱེད་སྲིང་དང་ཚན་རྩལ་ནུས་འདོན། རྒྱུ་རྐྱེན་གཙོ་བོའི་འགན་སྲུང་སོགས་བྱ་བ་གཙོ་བོར་སྐུལ་འདེད་གཏོང་ཆེད། ཞིང་ཆེན་བཟོ་ལས་དང་ཆ་འཕྲིན་ཅན་ཐིན་གྱིས་མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཐབས་ཇུས་བཀོད་སྒྲིག་ལྟར། ལས་འགན་སྣ་ཚོགས་ཁྱོན་ཡོངས་ནས་ལག་བསྟར་བྱེད་པར་ཁག་ཐེག་བྱས་པ་དང་། འཛམ་གླིང་རིམ་པའི་ཚྭ་མཚོའི་ཐོན་ལས་རྟེན་གཞི་བརྟན་བརླིང་ངང་འཛུགས་སྐྲུན་བྱས། ཟླ1པོ་ནས་ཟླ3པའི་བར་དུ། ཞིང་ཆེན་ཡོངས་སུ་གཙོ་གནད་ཐོན་རྫས་ཅཱ་ལུད་དང་ཐཱན་སྐྱུར་ལིས། ལྕགས་རིགས་ལིས་བཅས་སོ་སོར་ཏུན་ཁྲི149.2དང་ཏུན་ཁྲི3.4། ཏུན135ཐོན་སྐྱེད་བྱས་ལ། སོ་སོར་དུས་མཉམ་ལས་0.7%དང59.9%།86.6%བཅས་འཕར་སྣོན་བྱུང་།

འཆར་འགོད་སྣེ་ཁྲིད་ལ་ཤུགས་སྣོན་པའི་ཕྱོགས་ནས། ཞིང་ཆེན་བཟོ་ལས་དང་ཆ་འཕྲིན་ཅན་ཐིན་གྱིས《འཛམ་གླིང་རིམ་པའི་ཚྭ་མཚོའི་ཐོན་ལས་རྟེན་གཞི་འཛུགས་སྐྲུན་བྱེད་པའི་འཆར་འགོད》དང་། 《ན་གོར་མོའི་ཚྭ་མཚོའི་ལྗང་མདོག་ཐོན་ལས་ར་བའི་ཁུལ་གྱི་སྤྱིའི་འཆར་འགོད་རྩ་གནད》བཅས་ཀྱི་འཆར་ཟིན་བཀོད་པ་དང་། ཐོན་ལས་འཕེལ་རྒྱས་ཕྱོགས་ནས《ཞིང་ཆེན་དང་པུའུ་ཡིས་མཚོ་སྔོན་གྱི་འཛམ་གླིང་རིམ་པའི་ཚྭ་མཚོའི་ཐོན་ལས་རྟེན་གཞི་མཉམ་འཛུགས་བྱེད་པའི་མགོ་ཁྲིད་ཚན་ཆུང་གི་གྲོས་ཚོགས་ཐེངས་གཉིས་པ་དང་ཡུལ་དངོས་རྟོག་ཞིབ་བྱ་འགུལ་གྱི་ཇུས་གཞི》དང《འཛམ་གླིང་རིམ་པའི་ཚྭ་མཚོའི་ཐོན་ལས་རྟེན་གཞི་འཛུགས་སྐྲུན་བྱེད་པའི2024ལོའི་བྱ་བའི་གཙོ་གནད》ཀྱི་འཆར་ཟིན་བཀོད་པར་མ་ཟད་། ཞིང་ཆེན་དང་པུའུ་མཉམ་འཛུགས་མགོ་ཁྲིད་ཚན་ཆུང་གི་གྲོས་ཚོགས་ཐེངས་གཉིས་པ་བསྡུ་བར་གྲ་སྒྲིག་བྱས་པ་དང་། ཚད་གཞིའི་སྣེ་ཁྲིད་ལ་ཤུགས་སྣོན་པའི་ཕྱོགས་ནས《འཛམ་གླིང་རིམ་པའི་ཚྭ་མཚོའི་ཐོན་ལས་རྟེན་གཞིའི་ཚད་གཞི་མ་ལག་འཛུགས་སྐྲུན་གྱི་ལག་བསྟར་ཇུས་གཞི》ཡི་འཆར་ཟིན་བཀོད་པ་དང་། ཉེ་དུས་ཅཱ་ལུད་ཐོན་སྐྱེད་ཐད་ཀྱི་གཏེར་བཀོལ་སྤུང་གསོག་དང་སྔོག་འདོན་ལག་རྩལ་ཚད་ལྡན་དུ་གཏོང་བ་སོགས་ཀྱི་ས་གནས་དང་ཁེ་ལས་ཀྱི་ཚད་གཞི20གཏན་འབེབས་བྱས།

དུས་མཚུངས་སུ་མཚོ་སྔོན་སློབ་ཆེན་གྱི“སྟེགས་བུ་གཉིས་དང་སློབ་གླིང་གཅིག ལྟེ་གནས་གཉིས”རྒྱུན་མཐུད་ངང་འཛུགས་སྐྲུན་བྱས་པ་དང་། རྒྱལ་ཁབ་ཀྱི་ཚྭ་མཚོའི་ཐོན་ཁུངས་ལྗང་མདོག་རིན་མཐོའི་བེད་སྤྱོད་ཀྱི་ཚོད་ལྟ་ཁབ་གཙོ་བོ་འཛུགས་སྐྲུན་བྱེད་པའི་ཐད་ནས་གྲུབ་འབྲས་བཟང་བོ་བླངས་ལ། ཚོད་ལྟ་ཁང་རིག་གཞུང་ཨུ་ཡོན་ལྷན་ཁང་དང་དོ་དམ་ཨུ་ཡོན་ལྷན་ཁང་བཙུགས་པ་དང་། ཚྭ་མཚོའི་བཟོ་ལས་མ་རྐང་ལ་ཚྭ་མཚོའི་ཐོན་ཁུངས་ཕྱོགས་བསྡུས་བེད་སྤྱོད་ཀྱི་ཞིང་ཆེན་རིམ་པའི་ལག་རྩལ་གསར་གཏོད་ལྟེ་གནས་འཛུགས་པའི་ཆོག་མཆན་ཐོབ་པ་མ་ཟད། པེ་ཅིན་དང་ཁྲེང་ཏུའུ་ཡི་ཞིབ་འཇུག་གསར་སྤེལ་ཡན་ལག་ལྟེ་གནས་གཉིས་དང་དེ་བཞིན་ཚྭ་མཚེའུ་འབྲིང་རིམ་ཚོད་ལྟའི་རྟེན་གཞི་ཡང་བསྐྲུན།  །  

 
རྩོམ་སྒྲིག་པ། : ཚེ་རིང་རྒྱ་མཚོ།