ཀྲུང་གོ་བོད་ཀྱི་དྲ་བ།

བོད་ལྗོངས་མེ་ཏོག་རྫོང་དུ་མང་ཚོགས་ཀྱིས་ཇ་ལོ་ལ་བརྟེན་ནས་ཕྱུག་འགྱུར་ལམ་བུ་བཏོད།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ལྷ་སྒྲོན་མཚོས་བསྒྱུར།   སྤེལ་དུས། : 2024-04-27
ཡིག་གཟུགས། :ཆུང་། འབྲིང་། ཆེ།


ཡུལ་སྐོར་པས་མེ་ཏོག་རྫོང་འབྲས་སྤུངས་ཤང་དགྱེ་གླིང་གྲོང་ཚོའི་ཇ་ར་ནས་པར་ལེན་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། བོད་རང་སྐྱོང་ལྗོངས་ཉིང་ཁྲི་གྲོང་ཁྱེར་མེ་ཏོག་རྫོང་གི་ཆ་སྙོམས་ས་བབ་སྨི1200ཟིན་པ་དང་། རྫོང་དེས2012ལོ་ནས་བཟུང་ཇ་ལོ་འདེབས་འཛུགས་བྱེད་མགོ་བརྩམས་ནས་མིག་སྔར་གྲོང་ཚོ39ནང་དུ་ཚད་གཞི་མཐོ་བའི་རི་མཐོའི་ཇ་ར103བསྐྲུན་པས་སྤྱིའི་རྒྱ་ཁྱོན་མུའུ་ཁྲི1.92སླེབས་ཡོད།

ད་ལོར། མེ་ཏོག་རྫོང་གི་ཇ་ལོ་ཟླ3པའི་ཚེས17ནས་འཐོག་མགོ་བརྩམས་པ་དང་ཟླ4བའི་ཚེས22བར་དུ་ས་གནས་མང་ཚོགས་ཀྱིས་ཇ་ལོ་ལ་བརྟེན་ནས་ཡོང་འབབ་སྒོར་ཁྲི590ཟིན་ཞིང་། རྫོང་ཡོངས་ཀྱི་ཇ་ལོའི་ཞོར་སྣོན་ཐོན་རྫས་རིན་ཐང་སྒོར་ཁྲི4000ལས་བརྒལ་བ་རེད། །


མེ་ཏོག་རྫོང་འབྲས་སྤུངས་ཤང་དགྱེ་གླིང་གྲོང་ཚོའི་ཇ་ར།


མེ་ཏོག་རྫོང་འབྲས་སྤུངས་ཤང་དགྱེ་གླིང་གྲོང་ཚོའི་གྲོང་མི་དང་ལས་བྱེད་མི་སྣས་མཉམ་དུ་ཇ་ལོ་འཐོག་པ།


མེ་ཏོག་རྫོང་འབྲས་སྤུངས་ཤང་དགྱེ་གླིང་གྲོང་ཚོའི་གྲོང་མི་ཡིས་ཇ་ལོ་འཚོང་བཞིན་པ།


མེ་ཏོག་རྫོང་འབྲས་སྤུངས་ཤང་དགྱེ་གླིང་གྲོང་ཚོའི་གྲོང་མི་ཞིག་གིས་ཇ་ལོ་འཐོག་བཞིན་པ།


མེ་ཏོག་རྫོང་འབྲས་སྤུངས་ཤང་དགྱེ་གླིང་གྲོང་ཚོའི་གྲོང་མི་ཞིག་གིས་གྲོང་ཚོའི་ཁྱད་ལྡན་ཐོན་རྫས་འཚོང་ས་ནས་ཡུལ་སྐོར་པར་ཇ་གྲ་སྒྲིག་བྱེད་བཞིན་པ།


མེ་ཏོག་རྫོང་འབྲས་སྤུངས་ཤང་དགྱེ་གླིང་གྲོང་ཚོའི་གྲོང་མི་ཞིག་གིས་ཇ་ར་ནས་ཇ་འཐོག་བཞིན་པ།


མེ་ཏོག་རྫོང་འབྲས་སྤུངས་ཤང་དགྱེ་གླིང་གྲོང་ཚོའི་ཇ་ར།

 
རྩོམ་སྒྲིག་པ། : ལྷ་སྒྲོན་མཚོ།