ཀྲུང་གོ་བོད་ཀྱི་དྲ་བ།

རྩེ་ཁོག་རྫོང་གིས་བདེ་བླག་ངང་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཁུལ་བསྐྲུན་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : མཁའ་མཚོ་སྐྱིད་ཀྱིས་བསྒྱུར།   སྤེལ་དུས། : 2024-02-07
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ། རྒྱལ་ཁབ་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་གིས《སྐོར་བཅུ་གཅིག་པའི་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཁུལ་གྱི་མིང་ཐོ》ཁྱབ་བསྒྲགས་བྱས་ཤིང་། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་རྩེ་ཁོག་རྫོང་རྒྱལ་ཡོངས་ཀྱི་མི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཁུལ་དུ་བདམས་ཐོན་བྱུང་།

ཉེ་བའི་ལོ་འགའི་རིང་རྩེ་ཁོག་རྫོང་གིས་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཁུལ་བསྐྲུན་པའི་ལས་དོན་དེ་སྟོབས་ཤུགས་གཅིག་སྒྲིལ་གྱིས“རྩེ་ཁོག་གསར་པ་བཞི”གཏོད་པའི་གཞི་རྟེན་གལ་ཆེན་ཞིག་ཏུ་བརྩིས་ནས། ཚད་གཞི་མཐོ་བའི་ཇུས་འགོད་དང་། འགོ་བརྩམས་ས་མཐོན་པོ་ནས་གཞི་ཚུགས་པ། སྤུས་ཚད་མཐོ་བའི་སྐུལ་འདེད་བཅས་བྱས་ཏེ་རིམ་པ་སོ་སོའི་མཉམ་འགུལ་དང་དམངས་ཡོངས་ཞུགས་པའི་རྣམ་པ་ཟབ་མོ་ཞིག་ཆགས་པར་བྱས་ཏེ། ཏང་ཨུའི་གཅིག་གྱུར་མགོ་ཁྲིད་དང་ཏང་སྲིད་མཉམ་འཛིན་མཉམ་སྒྲུབ། འཛུགས་སྐྲུན་སྡེ་ཚན་གྱི་རྩ་འཛུགས་མཐུན་སྦྱོར། སྡེ་ཚན་སོ་སོའི་མཉམ་འགུལ་ཤུགས་འདོན། སྤྱི་ཚོགས་ཡོངས་ཀྱི་ཐུན་མོང་འགུལ་སྐྱོད་བཅས་ཀྱི་བྱ་བའི་རྣམ་པ་ཞིག་ཆགས་པར་སྐུལ་འདེད་བཏང་བ་དང་། 《རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཁུལ་བསྐྲུན་པའི་སྐོར་གྱི་རྩེ་ཁོག་རྫོང་གི་གཏན་འབེབས》སོགས“2+11”གི་ཇུས་གཞི་གཏན་འབེབས་བྱས་ཏེ། རྩེ་ཁོག་རྫོང་གོང་འོག་ཚང་མས་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཁུལ་བསྐྲུན་པའི་ལས་དོན་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བར་སྐུལ་སློང་བྱས།

རྩེ་ཁོག་རྫོང་གིས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སྔོན་ཐོན་ཐུན་མོང་དང་སྔོན་ཐོན་མི་སྒེར་དཔྱད་འདེམས་གཟེངས་བསྟོད་ལམ་ལུགས་ཕྱོགས་ཡོངས་ནས་བཙུགས་ཏེ། དཔེ་བཟང་དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་བྱས་ནས་སྔོན་ཐོན་ཐུན་མོང30དང་སྔོན་ཐོན་མི་སྒེར40ལ་གཟེངས་བསྟོད་བྱས་པ་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་སྔོན་ཐུན་མོང35དང་སྔོན་ཐོན་མི་སྒེར41འོས་སྦྱོར་དང་ཡར་ཞུ་བྱེད་པར་སྤྲད་པ་མ་ཟད། སྔ་རྗེས་སུ“མི་རིགས་མཐུན་སྒྲིལ་བུམ་པའི”སྲོལ་རྒྱུན་མདའ་འཕེན་འགྲན་བསྡུར་སོགས་ཀྱི་བྱེད་སྒོ་སྤེལ་ནས་མི་རིགས་སོ་སོའི་ཐུན་མོང་གི་བསམ་པའི་ཁྱིམ་གཞིས་བསྐྲུན་ཡོད།

རྩེ་ཁོག་རྫོང་གིས་ཀྲུང་གོ་དཔེ་སྐྲུན་སྡེ་ཚོགས་དང་ཀྲུང་གོ་རྡོ་སྣུམ་རྫས་འགྱུར་བཟོ་ལས་སྡེ་ཚོགས། ཐེན་ཅིན་པིན་ཧའེ་ཁུལ་གསར་བཅས་ཀྱི་མཐོ་གསར་ལག་རྩལ་གསར་སྤེལ་ཁུལ་དང་། ཅང་སུའུ་ཞིང་ཆེན་ནན་ཐུང་གྲོང་ཁྱེར་ཧའེ་མོན་ཆུས་ཀྱི་ཁ་གཏད་མཉམ་ལས་ལས་དོན་ལ་ཤུགས་བསྣན་ཏེ《ཁ་གཏད་མཉམ་ལས་སྒྲོམ་གཞིའི་གྲོས་མཐུན》14ལ་མིང་རྟགས་བཀོད་པ་དང་། ཐོན་ལས་འཕེལ་རྒྱས་སོགས་ཤར་ནུབ་རྒྱུད་ཀྱི་མཉམ་ལས་རྣམ་གྲངས་ཆེ་གྲས6གི་རྣམ་གྲངས19དོན་འཁྱོལ་བྱས་པར་མ་དངུལ་བསྡོམས་འབོར་སྒོར་ཁྲི5500བཏང་། སྔ་རྗེས་སུ་པེ་ཅིན་དང་ཐེན་ཅིན། ཅང་སུའུ་སོགས་སུ་རིག་གནས་ཡུལ་སྐོར་ཐོན་ཁུངས་དྲིལ་སྒྲོག་དང་འོས་སྦྱོར་གྱི་བྱེད་སྒོ་སྤེལ་ནས་ཡུལ་སྐོར་བ་ཁྲི20ཙམ་རྩེ་ཁོག་ཏུ་བསྐྱོད་དེ་སྐྱེ་ཁམས་མཛེས་པ་དང་བོད་ཀྱི་འཚོ་བ་ཉམས་ལེན་བྱས་ནས། མི་རིགས་ས་ཁུལ་དང་དར་རྒྱས་ཆེ་བའི་ས་ཁུལ་བར་གྱི་སྤེལ་རེས་དང་མཉམ་འདྲེས་ལ་སྐུལ་འདེད་བཏང་བ་རེད།  །

 
རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།