ཀྲུང་གོ་བོད་ཀྱི་དྲ་བ།

སེ་ནེ་ཀལ་དབུས་རྒྱུད་དུ་སྤྱི་སྤྱོད་རླངས་འཁོར་མགོ་རྟིང་སློག་པ་ལས་མི13ཚེ་ལས་འདས་པ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2024-04-26
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ4པའི་ཚེས25ཉིན། སེ་ནེ་ཀལ་སྨྱན་བྱད་ཀྱིས་བསྒྲགས་པའི་གནས་ཚུལ་ལྟར་ན། རྒྱལ་ཁབ་དེའི་དབུས་རྒྱུད་དུ་ཉིན་དེར་སྤྱི་སྤྱོད་རླངས་འཁོར་མགོ་རྟིང་སློག་པའི་དོན་རྐྱེན་ཞིག་བྱུང་སྟེ་ཉུང་མཐར་ཡང་མི13ཚེ་ལས་འདས་པ་རེད།

སེ་ནེ་ཀལ་གསར་འགྱུར་ཁང་གིས་བསྒྲགས་པ་ལྟར་ན། ཉིན་དེའི་ཆུ་ཚོད19ཡས་མས་སུ་རྒྱལ་ཁབ་དེའི་དབུས་རྒྱུད་ཀྱི་ཁཱ་ཧྥུའུ་ལིན་ཁུལ་ཨང1པོའི་རྒྱལ་ལམ་སྟེང་བགྲོད་བཞིན་པའི་སྤྱི་སྤྱོད་རླངས་འཁོར་ཞིག་མགོ་རྟིང་སློག་པ་ལས་ཉུང་མཐར་ཡང་མི13ཚེ་ལས་འདས་པ་དང་མི40ལྷག་ལ་རྨས་ཕོག་པ་རེད། 

གསར་འགྱུར་སྨྱན་བྱད་གཞན་པས། ཐེངས་འདིའི་དོན་རྐྱེན་བྱུང་བའི་རྒྱུ་རྐྱེན་ནི་རླངས་འཁོར་དེའི་རྐྱལ་བ་གས་བ་ལས་བྱུང་བར་བཤད། 

2023ལོའི་ཟླ1པར། སེ་ན་ཀལ་དུ་འགྲིམ་འགྲུལ་དོན་རྐྱེན་ཐེངས་གཉིས་བྱུང་སྟེ། སོ་སོར་མི42དང་མི20ཚེ་ལས་འདས་པ་རེད། དེ་རྗེས་སེ་ན་ཀལ་སྲིད་གཞུང་གིས་འགྲིམ་འགྲུལ་དོན་རྐྱེན་སྔོན་འགོག་བྱེད་པའི་བྱེད་ཐབས22བཏོན་ཡོད། །

 
རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།