ཀྲུང་གོ་བོད་ཀྱི་དྲ་བ།

གསལ་ཐོ།

  • ཁ་བའི་ཚོར་འདུ་།(ཞར་བཀོད་གཅིག)

    མདང་ནུབ་ཁ་ཆར་བབས་པས། །ལུས་སེམས་ཕྱི་རློན་ནང་རློན། །ཟིམ་ཟིམ་ཆུ་ཡི་ཐིགས་པ། །མིག་གི་ལྷས་མཐར་འཁྱིལ་སོང་། །

    རྩོམ་པ་པོ། : རྫས་ལུང་ཚེ་དར།   སྤེལ་དུས། : 2025-05-22
  • སྣང་བའི་རི་མོ་ཁྲ་ཁྲ།

    ཚེ་སྔོན་ལས་ཀྱི་བསགས་སྦྱངས་ཡིན་ནམ། །ད་རེབ་སྐྱེ་བའི་བཀོད་པ་ཡིན་ཚུལ། །འདང་གསུམ་མ་བཏང་བློ་ལ་དཀའ་མོད། །འདི་སྣང་དྲན་པའི་གཞས་ཤིག་བཏང་ན། །ན་སོ་སྨིན་སའི་སྤང་གཞུང་གོར་མོ། །ཆུང་ནས་འདྲིས་པའི་རྟ་ནོར་ལུག་གསུམ། །ཆུང་སྐྱེས་ཆུང་འགྲོགས་འདྲ་འདྲ་ཡིན་ཀྱང་། །གཞན ...

    ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།  རྩོམ་པ་པོ། : བསམ་གཏན་རྡོ་རྗེ།   སྤེལ་དུས། : 2025-07-22
  • ཁུར་མོ་རླུང་ཞོན།

    དཔྱིད་ཟླ་གསུམ་ལ་དཀའ་བས་སྐྱེས་པ་དེ།དབྱར་ཟླ་གསུམ་ལ་འབད་པས་སྨིན་པ་དེ།སྟོན་འགོ་མའི་གསེར་མདོག་ཁྲོད།གཞི་ནས། སྤུ་གཟེང་ངེར་ཕྱོགས་སུ་ཐོན་རྒྱུ་བྱུང་།འཕུར་མ་ལྡིང་གི་བང་རྩལ་ཅན།རླུང་བུའི་རྟ་ལ་ས་རྡུལ་གྱི་སྒ་ཆས་སྤྲས་ནས་ཐོན་རྒྱུ་བྱུང་།

    ཡོང་ཁུངས། : བོད་ཀྱི་རྩོམ་རིག་སྒྱུ་རྩལ།  རྩོམ་པ་པོ། : བྱ་གཞུང་དབྱངས་བྷ།   སྤེལ་དུས། : 2025-05-07
  • ཕ་གཞིས། ༢༠༢༢ལོ།

    ༢༠༢༢ལོའི ས་ག་ཟླ་བའི་ཚེས་པ་ཉེར་གསུམ་གྱི་མཚན་དཀྱིལ་དུ མགོ་ཐོག་གི་ནམ་མཁའ་གློ་བུར་ཆག་སོང སའི་གོ་ལའི་ཤར་ཕྱོགས་ཀྱི གངས་རི་ར་བའི་ཡང་ཤར་ཕྱོགས་ཀྱི སིལ་སྡོང་ཆེན་པོ་སྐྱེས་ཡོད་པའི་སྒོ་ར་རྙིང་པ་དེ་སྟོང་པར་གྱུར་སོང

    ཡོང་ཁུངས། : ༢༠༢༥ལོའི«མི་རིགས་ཀྱི་རྩོམ་རིག»དེབ་གཉིས་པ།  རྩོམ་པ་པོ། : བྱ་གཞུང་དབྱངས་བྷ།   སྤེལ་དུས། : 2025-04-17
  • ངས་བྲིས་པ་ཡོད་ཚད།

    ཤོག་དཀར་ངོས་སུ།བྱིས་པའི་ལང་ཚོ་བྲིས།ངུ་ངག་གི་དབྱངས་རྟ་བྲིས།ས་རྡོ་ཡི་རྩེད་ར་བྲིས།ཨ་ཕ་ཡི་སྙིང་གཏམ་བྲིས།ཨ་མ་ཡི་བྱམས་བརྩེ་བྲིས།སྐྱིད་ལ་ཉལ་བའི་དབྱར་ཁ་བྲིས།མདོར་ན།ཆུང་དུས་ཀྱི་སྣང་བ་ཡོད་ཚད་བྲིས།

    ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།  རྩོམ་པ་པོ། : དབྱངས་ཞི་བ།   སྤེལ་དུས། : 2025-02-24
  • 2025ལོ་འདི་ལྟར་བསུ།

    མགོ་བོ་འགྱོགས་ཐེངས་ཤིག་གི་ཚེ་ན།ལོ་གཅིག་འདི་ལྟར་བཞུད་སོང་།ནང་སེམས་དང་ལག་པ་གཉིས་སྔར་བཞིན་སྟོང་བར་ལུས།ནམ་ཞིག་ནས་བཟུང་།ང་རང་དུས་ཀྱི་བགྲོད་པ་འདི་ལ་ཞེད་སྣང་སྐྱེས་པ་ཡིན་ནམ།

    ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།  རྩོམ་པ་པོ། : བོན་རྒྱ་ལྷ་དཀར་རྒྱལ།   སྤེལ་དུས། : 2025-02-24
  • ངག་དབང་དབྱངས་ཅན་ལྷ་མོ།

    རྣམ་ཀུན་མཁྱེན་པའི་གསུང་དབྱངས་ལ།  །མ་བཅོས་འགག་མེད་ལྷུན་གྱིས་གྲུབ།  །རྒྱུད་མངས་བརྟན་གཡོའི་གར་སྟབས་ཀྱིས།  །འཁོར་འདས་སྲིད་པའི་གནམ་ས་སྒུལ།  །

    ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།  རྩོམ་པ་པོ། : ཁམས་ཟླ་སྲས།   སྤེལ་དུས། : 2025-02-24
  • ང་ཁྱེད་ལ་བཅར་དོན།(ཞར་བཀོད་གཅིག)

    ང་ཁྱེད་ལ་བཅར་དོན།གངས་རི་དང་རྫ་རི་བཞིན་བརྟན་ཞིང་བརླིང་བས་ཡིན།ཕ་ལོ་བཞིན་ངའི་གཏན་གྱི་རྒྱབ་རི་ཡིན་པས་ཡིན།དབྱར་ཁ་བཞིན་དྲོད་སྣང་བར་མེད་སྦྱིན་པས་ཡིན།

    ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།  རྩོམ་པ་པོ། : འབྲོག་བཟའ།   སྤེལ་དུས། : 2025-02-24
  • ཁེར་ལབ་གཤོག་ཐོགས་མ། (ཞར་བཀོད་གཉིས།)

    ཁེར་རྐྱང་ཞེས་པའི་སྙན་ངག་གི་གཤོག་སྒྲོ་ཞིག ནམ་མཁའ་ལྟ་བུའི་ཚོར་བ་ཡིས་རླུང་ལ་སྤུར་ནའང་། འཁྱག་སིབ་སིབ་ཀྱི་གངས་རིའི་རྩིག་ལྡེབས་སུ། མཛུབ་ཆུང་གི་ཤུགས་ཀྱིས་བསྡེབས་པའི་དབྱངས་གསལ་གྱི་རྒྱུད་སྐུད་ལས་ཀྱང་། འཇམ་ཅག་གེར་འཕྲིན་པ་བསྐུར་སའི་ཞིང་ས་ཞིག་མ་རྙེད།

    ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།  རྩོམ་པ་པོ། : ཁོའུ་སྐྱ་རྡོ།   སྤེལ་དུས། : 2025-02-24
  • འོད་དང་གྲིབ་མ།(ཞར་བཀོད་གཉིས།)

    ནག་པོའི་གསེང་གི་དཀར་ཐིག་དེ་ང་ཡིན་པ་སུ་ཡིས་རྟོགསདཀར་པོའི་ཀློང་གི་ནག་རིལ་དེ་ཁྱོད་ཡིན་པ་སུ་ཡིས་མཐོང མ་གཞི་ནས་འུ་གཉིས་ཀྱི་ངོ་བོ་མི་འདྲ་བ་སུ་ཞིག་གིས་ཚོར

    ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།  རྩོམ་པ་པོ། : འདམ་འཇིལ་ལི།   སྤེལ་དུས། : 2025-02-11
  • རྭ་སྒྲེང་ཤུག་པའི་སྲོད་གཞས།

    ​ཕྱག་ན་པདྨོའི་ཐུགས་རྗེའི་རྣམ་སྤྲུལ་འབྲོམ་སྟོན་རྒྱལ་པ་འབྱུང་བའི་གནས། །ཁམས་དང་དབུས་གཙང་ཡུལ་ཀུན་བསྐོར་ཏེ་ཐ་མར་བསྟི་བའི་གནས་མཆོག་ཏུ། །མདོ་སྔགས་བཀའ་གདམས་ཆོས་ཀྱི་མགོ་ཁུངས་ཕྱོགས་ལས་རྣམ་རྒྱལ་དགེ་འཕེལ་གླིང་། །ལེགས་བསྐྲུན་ངང་ཚུལ་ཅུང་ཟད་བསྔགས་ལ་ཐོག་མའ ...

    ཡོང་ཁུངས། : བོད་ཀྱི་རྩོམ་རིག་སྒྱ་རྩལ།  རྩོམ་པ་པོ། : འཆི་མེད།   སྤེལ་དུས། : 2025-02-07
  • ལྷ་སར་ཕེབས་པའི་ནུ་བོ་གཞས་པ་ཞིག་ལ་བྲིས་པ་།(ཞར་བཀོད་གཅིག)

    ཁྱོད་ཀྱི་གླུ་ངག་དང་དགོད་སྒྲ་སྦྲ་འདབས་ནས་འཕྱུར།རྩྭ་མགོའི་ཟིལ་བ་དང་རྩྭ་གསེབ་ཀྱི་བྱིའུ་ཆུང་ལ་འགྱུར་ཁུག་བཟོས།ལམ་བུ་ཕྲ་མོར་གཏམ་རྒྱུད་ཀྱི་རྡུལ་རླུང་འཚུབ་པས།ང་ཡི་མིག་ཟུང་གིས་ཁྱོད་ཀྱི་མགྱོགས་ཚད་ཚོར་མ་ཐུབ།

    རྩོམ་པ་པོ། : སྐྱབས་ཆེན་བདེ་གྲོལ།   སྤེལ་དུས། : 2025-01-18

གསར་འགྱུར་གལ་ཆེན།

ནང་དོན་གསར་ཤོས།