ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། གསར་འགོད་པས་འབྲེལ་ཡོད་ཕྱོགས་ནས་རྒྱུས་ལོན་པ་ལྟ་ན། ཀྲུང་གོ་མི་དམངས་ཀྱི་འཇར་འགོག་དམག་འཁྲུག་དང་འཛམ་གླིང་གི་ཧྥ་ཤི་སིར་རྒོལ་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་འཁོར80ལོན་པའི་དྲན་གསོའི་བྱེད་སྒོའི་གསར་འགྱུར་ལྟེ་གནས་ཀྱིས་ཟླ8པའི་ཚེས27ཉིན་ནས་ཕྱི་ཕྱོགས་ལ་སྣེ་ལེན་ཞབས་ཞུ་བྱེད་མགོ་རྩོམ་རྒྱུ་རེད། གསར་འགྱུར་ལྟེ་གནས་པེ་ཅིན་མེ་ཏི་ཡ་ལྟེ་གནས་མགྲོན་ཁང་དུ་བཙུགས་ནས་དྲན་གསོའི་བྱེད་སྒོར་བཅར་འདྲི་བྱེད་དུ་ཡོང་བའི་ཀྲུང་གོ་དང་ཕྱི་རྒྱལ་གྱི་གསར་འགོད་པ་ལ་བཅར་འདྲི་དཔང་ཡིག་ལག་ཁྱེར་ལྷག་བསམ་རྣམ་དག་གིས་སྒྲུབ་པ་དང་། དྲན་གསོའི་བྱེད་སྒོའི་འབྲེལ་ཡོད་བཅར་འདྲི་ཁྲོད་ཞུགས་པར་བཀོད་སྒྲིག་བྱས་ཏེ། འཕྲིན་གཏོང་བརྒྱུད་བསྐུར་བྱེད་ཐབས་འདོན་སྤྲོད་དང་དཔྱད་གཞི་ཞབས་ཞུ། དེ་མིན་འབྲེལ་ཡོད་གསར་འགྱུར་བཅར་འདྲི་ཐད་ཀྱི་བློ་འདྲི་མཁོ་འདོན་བྱེད་བཞིན་ཡོད།
གསར་འགྱུར་ལྟེ་གནས་རྒྱལ་ནང་གི་གསར་འགོད་པ་སྣེ་ལེན་ཁྲུའུ་ཡི་འབྲེལ་གཏུག་ཁ་པར(བརྙན་སྐྱེལ)ནི01068510125ཡིན་པ་དང་། ཞང་ཀང་དང་ཨའོ་མོན། ཐའེ་ཝན་གྱི་གསར་འགོད་པ་སྣེ་ལེན་ཁྲུའུ་ཡི་འབྲེལ་གཏུག་ཁ་པར་ནི(བརྙན་སྐྱེལ)01068510109ཡིན་ལ།ཕྱི་རྒྱལ་གསར་འགོད་པ་སྣེ་ལེན་ཁྲུའུ་ཡི་འབྲེལ་གཏུག་ཁ་པར(བརྙན་སྐྱེལ)ནི01068510108ཡིན།
གསར་འགྱུར་ལྟེ་གནས་ཀྱི་དྲ་ཚིགས(https://www.kzjn80.cn)དང་འབྲེལ་ཡོད་སྟེགས་བུའི་ཨང་སྟེགསkzjn80ཡིན་པ་དང་། ཞིན་ལང་པོད་ཆུང་གི་ཨང་རྟགས་ནི་འཇར་འགོག་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་འཁོར80ལོན་པའི་དྲན་གསོའི་བྱེད་སྒོའི་གསར་འགྱུར་ལྟེ་གནས། དེ་རིང་གི་འཕྲིན་གཙོའི་ཨང་སྟེགས་ནི་འཇར་འགོག་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་འཁོར80ལོན་པའི་དྲན་གསོའི་བྱེད་སྒོའི་གསར་འགྱུར་ལྟེ་གནས་དེ་ཟླ8པའི་ཚེས25ཉིན་ཤར་གཏོང་བྱ་རྒྱུ་རེད།
གསར་འགྱུར་ལྟེ་གནས་ཀྱི་དྲ་ཚིགས་ནི་ཞིན་ཧྭ་དྲ་བས་བསྐྲུན་འགན་འཁུར་ཡོད། དྲ་ཚིགས་སྟེང་དུས་ཐོག་ཏུ་དྲན་གསོའི་བྱེད་སྒོའི་འགུལ་རྣམ་དང་། གསལ་བསྒྲགས་བརྡ་ཐོ་སོགས་ཁྱབ་བསྒྲགས་བྱེད་པ་དང་། གསར་འགྱུར་ལྟེ་གནས་ཀྱིས་གཉེར་བའི་གསར་འགོད་པའི་སྣེ་ལེན་ཚོགས་འདུ་དང་། གསར་འགོད་པའི་ཐུག་འཕྲད་ཚོགས་འདུ། ལྟ་སྐོར་བཅར་འདྲི་བྱེད་སྒོ་སོགས་གནས་ཚུལ་སྤེལ་བ་དང་འབྲེལ་ཡོད་ཤེས་བྱ་དང་རྒྱབ་ལྗོངས་དཔྱད་ཡིག་བཅས་མཁོ་འདོན་བྱས་ཏེ། ཀྲུང་གོ་དང་ཕྱི་རྒྱལ་གྱི་གསར་འགོད་པར་བཅར་འདྲིའི་ཞབས་ཞུ་ཡག་པོ་བྱ་རྒྱུ་རེད། །