ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་སྔོན་པོས་སྐྱེ་ཁམས་རྟོག་ཞིབ་སློབ་སྦྱོང་བྱས་ཏེ་གནས་ཚད་ཡོངས་ནས་སྲུང་སྐྱོབ་ཕན་འབྲས་མངོན།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : རིག་ལྡན་རྒྱ་མཚོས་བསྒྱུར།   སྤེལ་དུས། : 2025-08-26
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ8པའི་ཚེས20ཉིན། གསར་འགོད་པས་མཚོ་སྔོན་པོའི་ལྗོངས་ཁུལ་སྲུང་སྐྱོབ་བེད་སྤྱོད་དོ་དམ་ཅུས་ནས་རྒྱུས་ལོན་བྱུང་བ་ལྟར་ན། ད་ལོའི་རིང་ལ། མཚོ་སྔོན་པོའི་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོབ་ཞིབ་འཇུག་ལྟེ་གནས་ཀྱིས་མཚོ་སྔོན་པོའི་རྒྱལ་ཁབ་སྤྱི་གླིང་སྐྱེ་ཁམས་དཔལ་ཡོན་ལག་ལེན་སློབ་གསོའི་རྟེན་གཞི་གོ་སྐབས་སུ་གསར་སྐྲུན་བྱས་ཏེ། བྱེད་ཐབས་སྣ་མང་མཉམ་སྤྱོད་ཀྱིས་རྨང་གཞི་སྒྲིག་ཆས་སྡེབ་སྒྲིག་ཤུགས་དྲག་ཏུ་གཏོང་བ་དང་། སློབ་ཁྲིད་བཀོད་སྒྲིག་ཇེ་ལེགས་སུ་བཏང་ནས། ལག་ལེན་མྱོང་རོལ་ཟབ་སྤེལ། ཞབས་ཞུའི་འགན་སྲུང་ཞིབ་ཕྲ་བཅས་བྱས་ཏེ། སྐྱེ་ཁམས་རྟོག་ཞིབ་སློབ་སྦྱོང་གིས་གནས་ཚད་ཡོངས་ནས་སྲུང་སྐྱོབ་གྲུབ་འབྲས་མངོན། 

“བཟོ་བཅོས་ཆུང་བ་དང་། གནད་ཁེལ་མཐོར་འདེགས”འདུ་ཤེས་ཀྱིས། ད་ཡོད་ཀྱི་ཐོན་ཁུངས་གཅིག་སྒྲིལ་དང་། ཁྱོན་ཡོངས་ནས་རྨང་གཞི་སྡེབ་སྒྲིག་ཤུགས་དྲག་དང་། མཚོ་སྔོན་པོའི་སྐྱེ་ཁམས་རྟོག་ཞིབ་སློབ་སྦྱོང་གཡུལ་ས་དང་། སྐྱེ་ཁམས་གྲུབ་འབྲས་མངོན་པའི་སྒེའུ་ཁུང་དང་། སྐྱེ་ཁམས་ཤེས་བྱའི་ཚན་རིག་ཁྱབ་གདལ་སྟེགས་བུ་འཛུགས་སྒྲུབ་བྱེད་པ་དང་། མཚོ་སྔོན་པོའི་སྐྱེ་ཁམས་དཔལ་ཡོན་ཚོམས་ཆེན་དང་། མཚོ་སྔོན་པོའི་སྐྱེ་ཁམས་ལྟ་ཞིབ་ཚད་ལེན་ལྟེ་གནས། གཙོད་ཚན་རིག་ཁྱབ་གདལ་ཁང་སོགས་ཁང་བ7ཟུང་འབྲེལ་གྱི་རྟོག་ཞིབ་སློབ་སྦྱོང་བྱེད་ས་བཏོད་ནས། ཁང་བའི་ནང་གི་རྣམ་པ་སླར་གསོ་དང་། འགྲེམ་ཁང་རོགས་རེས། ཁང་བ་ཕྱིའི་ཡུལ་དངོས་ལྟ་ཞིབ་ཚད་ལེན་སོགས་ཀྱི་རྣམ་པ་བརྒྱུད་དེ། ཐུན་མིན་གྱི་རྟོག་ཞིབ་རྣམ་པ་ཞིག་གསར་སྐྲུན་བྱས། 

ཁྱོན་ཡོངས་ནས་སློབ་ཁྲིད་སྒྲིག་བཀོད་ཇེ་ལེགས་སུ་བཏང་བ་དང་། སེམས་ཞིབ་མོས་སློབ་ཁྲིད་མ་ལག་སྒྲིག་བཟོ་བྱེད་པ། ལོ་ཚོད་མི་འདྲ་བ་ཡོངས་སུ་ཁེབས་པར་བྱས། སྐྱེ་ཁམས་སྲུང་སྐྱོབ་དང་སྐྱེ་དངོས་སྣ་མང་རང་བཞིན་གྱི་བརྗོད་དོན་རྟོག་ཞིབ་གསར་སྤེལ་གྱི“མཚོ་སྔོན་པོའི་ཕྱོགས་བསྡུས་ཞིབ་བརྗོད”དང“བྱ་རིགས་ལ་བལྟ་བ”“གསེར་ཉར་བལྟ་བ”“གཙོད་ལ་བལྟ་བ”བཅས་རྟོག་ཞིབ་སློབ་སྦྱོང་ལག་ལེན་བརྗོད་དོན་སློབ་ཁྲིད4དང་དམ་དུ་འབྲེལ་ཏེ། ཚན་རིག་རང་བཞིན་དང་སྤྲོ་སྣང་རང་བཞིན་གྱི་རྒྱ་དབྱིན་སྐད་གཉིས་ཀྱི་གཙོད་ཀྱི་སློབ་ཁྲིད་ལེགས་ཤོས་3བཏོན་ནས། སློབ་མཚམས་མི་འདྲ་བར་བདམས་གསེས་བྱེད་དུ་མཁོ་འདོན་བྱས་ཆོག རྟོག་ཞིབ་སློབ་སྦྱོང་མཛུབ་སྟོན་དགེ་རྒན10སྡེབ་སྒྲིག་བྱེད་པའི་རྨང་གཞིའི་སྟེང་། ཧུར་ཐག་གིས་ཚན་རིག་ཞིབ་འཇུག་ཁང་གི་ཆེད་ལས་རྟོག་ཞིབ་སློབ་སྦྱོང་ཚོགས་པ་དང་། སྐྱེ་ཁམས་ཁྱབ་ཁོངས་ཀྱི་ཆེད་མཁས་པ། དེ་མིན་མཚོ་སྔོན་པོའི་སྐྱེ་ཁམས་བདག་དམ་པ་གདན་དྲངས་ནས་དུས་ཡུན་ངེས་ཅན་ནང་སློབ་ཁྲིད་བྱས་ཏེ། སྐྱེ་ཁམས་ཤེས་བྱ་དང་ཡུལ་དངོས་སྲུང་སྐྱོབ་ལག་ལེན་གཉིས་མཉམ་འདྲེས་ཡོང་བར་བྱས། 

ཁྱོན་ཡོངས་ནས་ལག་ལེན་མྱོང་རོལ་དང་། VRདངARལག་རྩལ་ནང་འདྲེན་བྱེད་པ། སྣང་བརྙན་འཆར་འགོད་ཀྱི་སློབ་ཁྲིད་མྱོང་རོལ་བྱེད་པ། “འགྲེལ་བརྗོད+མྱོང་རོལ+རོགས་རེས”ཀྱི་སློབ་ཁྲིད་རྣམ་པ་སྤྱད་དེ། རྟོག་ཞིབ་སློབ་སྦྱོང་མྱོང་རོལ་གསར་སྐྲུན་བྱས། མཚོ་སྔོན་པོའི་སྐྱེ་ཁམས་དྲ་རྒྱའི་ལྟ་སྐུལ་ཚད་ལེན་ལྟ་སྐུལ་དོ་དམ་སྟེགས་བུ་སྤྱད་དེ། མཚོ་སྔོན་པོའི་རི་སྐྱེས་སྲོག་ཆགས་དང་། འཚོ་སྡོད་བྱེད་ས། མཚོ་སྔོན་པོའི་རྩྭ་ཐང་དང་། བརླན་ས། ནགས་ཚལ། མྱ་ངན་ཐང་གི་སྐྱེ་ཁམས་མ་ལག་སོགས་ལ་ལྟ་ཞིབ་ཚད་ལེན་བྱས་པ་མ་ཟད། དོན་དངོས་གནས་ཚུལ་དང་ཟུང་འབྲེལ་སྒོས། སྐྱེ་དངོས་མ་དཔེ་སྒྲིག་བཟོ་དང་། ཁོར་ཡུག་སྲུང་སྐྱོབ་ཁྲོད་ཞུགས་པ། རི་མོ་འབྲི་བཟོ་སོགས་ལག་ལེན་བྱ་འགུལ་སྤེལ། 

རང་བག་དོ་དམ་དང་ཕྱོགས་གསུམ་པའི་ཞབས་ཞུ་ཟུང་འབྲེལ་གྱི་འཁོར་རྒྱུག་རྣམ་པ་གསར་གཏོད་བྱེད་པ་དང་། ཁྱོན་ཡོངས་ནས་ཞབས་ཞུའི་འགན་སྲུང་ཞིབ་ཕྲར་བཏང་ནས། འཆར་འགོད་དང་བརྗོད་དོན། འགྲེལ་བཤད་ཚིག་ནས་རྟོག་ཞིབ་སློབ་སྦྱོང་ཐོན་རྫས། དྲིལ་སྒྲོག་ལག་དེབ་དང་དྲིལ་སྒྲོག་བརྙན་རིས་སོགས་ཐད་ནས་ཚད་ལྡན་དུ་བཏང་སྟེ། ཞིང་བ་དང་མཉམ་འབྲེལ་སྒོས་ཞིང་ཁྲིད་སྒྲིག་སྲོལ་ཁེ་ཕན་འདོན་སྤེལ་བྱེད་པ། རྟོག་ཞིབ་སློབ་སྦྱོང་གི“བཞུར་ཚད”ཀྱིས་དམངས་སྲོལ་ལ“བཞུར་ཚད་ནང་འདྲེན”བྱས་ཏེ། བཟའ་འདུག་འགྲོ་འོང་དང་། ཡུལ་སྐོར་དང་ཉོ་སྒྲུབ། རོལ་རྩེད། རིམ་པ་མང་བ་དང་། གནས་ཚད་ཡོངས་ནས་གཅིག་འཐུས་རྣམ་པའི་ཞབས་ཞུ་མགོ་བརྩམས། ། 

 
རྩོམ་སྒྲིག་པ། : རིག་ལྡན་རྒྱ་མཚོ།
རྩོམ་སྒྲིག་འགན་ཁུར་བ། : རིག་ལྡན་རྒྱ་མཚོ།