ཀྲུང་གོ་བོད་ཀྱི་དྲ་བ།
ཀྲུང་གོ་བོད་ཀྱི་དྲ་བ།

ཉིང་ཁྲི་གྲོང་ཁྱེར་སྤྱི་པའི་ཐོན་ཁུངས་ཉོ་ཚོང་ལྟེ་གནས་ཀྱིས་བྱེད་ཐབས་གསུམ་གྱི་དམིགས་ཚད་གཏན་འཁེལ་བྱས་ནས་ཞབས་ཞུའི་སྤུས་ཚད་དང་ཕན་འབྲས་ཆེ་རུ་བཏང་བ།

ཡོང་ཁུངས། : བོད་ལྗོངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2023-02-08
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། 2022ལོ་ནས་བཟུང་། ཉིང་ཁྲི་གྲོང་ཁྱེར་སྤྱི་པའི་ཐོན་ཁུངས་ཉོ་ཚོང་ལྟེ་གནས་ཀྱིས་འགན་འཁྲིའི་ངེས་གནས་ལ་གཞི་ཚུགས་ཏེ“ཕུང་གསོག་མི་ཐེབས་པ”དང་། “རྒྱུག་མི་དགོས་པ” “རིགས་གཅིག་མཁས་ཅན་གྱི་ཐོན་ཁུངས་མཉམ་སྤྱོད”བཅས་བྱེད་ཐབས་གསུམ་གྱི་དམིགས་ཚད་གཏན་འཁེལ་བྱས་ནས་ཚོང་གཉེར་ཁོར་ཡུག་སྔར་བས་ལེགས་སུ་བཏང་སྟེ་སྤྱི་པའི་ཐོན་ཁུངས་ཉོ་ཚོང་ཞབས་ཞུའི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་བཏང་ཡོད། 2022ལོར་རིམ་རྩིས་བྱས་ན་རིགས་ཁག་གི་ཉོ་ཚོང་རྣམ་གྲངས་1084ལེགས་སྒྲུབ་བྱས་པ་དང་ཉོ་ཚོང་དངུལ་འབོར་སྒོར་དུང་ཕྱུར་65.12ཟིན་ནས་དུས་མཚུངས་ལས་96%དང་94.2%སོ་སོར་འཕར་ཡོད་པ་རེད།

སྤུས་ཚད་དང་ཕན་འབྲས་མཐོ་རུ་གཏོང་རྒྱུར་དམིགས་ཏེ་ཞབས་ཞུའི་ལས་དོན་སྤེལ་ནས་རྣམ་གྲངས“ཕུང་གསོག་མི་ཐེབས་པ”བྱས་ཤིང་། ཉིང་ཁྲི་གྲོང་ཁྱེར་སྤྱི་པའི་ཐོན་ཁུངས་ཉོ་ཚོང་ལྟེ་གནས་ཀྱིས་རང་འགུལ་ངང་ཞབས་ཞུའི་ལས་དོན་སྤེལ་ནས། ཉིང་ཁྲི་གྲོང་ཁྱེར་གྱི་རྣམ་གྲངས་འཛུགས་སྐྲུན་ལ་རྒྱབ་སྐྱོར་ཧུར་ཐག་བྱས་ཏེ“སྔ་དགོང་ལས་དོན་སྒྲུབ་པ”དང་། “ཉིན་དགུང་ལས་དོན་སྒྲུབ་པ” “གཟའ་མཇུག་ལ་ངལ་གསོ་མི་རྒྱག་པ”བཅས་བྱས་ནས་ཞབས་ཞུའི་ལས་དོན་སྒྲུབ་པ་མ་ཟད། དུས་ཆེན་དང་ངལ་གསོའི་དུས་སུ་ལས་བྱེད་ལས་བཟོ་ཚང་མས་ལས་གནས་བརྟན་པོར་བསྲུངས་ནས་དཔྱད་འདེམས་ལས་དོན་མ་ཚར་བར་ངལ་གསོ་མི་རྒྱག་པར། སྔ་རྗེས་སུ་ཞབས་ཞུའི་རྣམ་གྲངས་113བསྒྲུབས་ནས་སྤྱི་པའི་ཐོན་ཁུངས་ཉོ་ཚོང་རྣམ་གྲངས“ཕུང་གསོག་མི་ཐེབས་པའི”འགན་ལེན་བྱས་ཡོད།

ཞབས་ཞུ་ལེགས་པོར་དམིགས་ཏེ་ངོ་ཐུག་བྱེད་མི་དགོས་པར་འོས་སྐུལ་བྱས་པས་འོས་སྐུལ་ལ་ཞུགས་མཁན་ཁེ་ལས་ཐད་ཀར་རྒྱུག་མི་དགོས་པ་བྱས་ཤིང་། ལྗོངས་དང་གྲོང་ཁྱེར་གྱི་དཔལ་འབྱོར་ཆེན་པོའི་བཀོད་སྒྲིག་བླང་བྱ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ནས་ངོ་ཐུག་བྱེད་མི་དགོས་པར་འོས་སྐུལ་བྱེད་པའི་བྱེད་ཐབས་ཕྱོགས་ཡོངས་ནས་བཏོད་པ་མ་ཟད། ཉིང་ཁྲི་གྲོང་ཁྱེར་གྱི་སྤྱི་པའི་ཐོན་ཁུངས་ཉོ་ཚོང་ལྟེ་གནས་ཀྱིས་འོས་སྐུལ་གཞུང་ལས་ཁང་བཙུགས་པ་དང་འབྲེལ་སྤྱོད་འགོ་བཙུགས་ཏེ་ཁེ་ལས་ལ་དེ་བས་ཕན་འབྲས་ཆེ་བའི་གྲངས་འཛིན་ཅན་གྱི་ཞབས་ཞུ་མཁོ་འདོན་དང་ཁེ་ལས་ཀྱི་མ་འཇོག་གསོན་ཤུགས་འཕེལ་བར་བྱས་ནས་ཁྲོམ་རའི་ཉོ་ཚོང་བྱེད་པོ་བློ་ཡིད་ཚིམ་པར་བྱས་ཡོད།

གསར་གཏོད་དམ་འཛིན་ལ་དམིགས་ནས་རྒྱང་བསྟེན་བྱེད་ཐབས་སྤྱད་དེ་ས་ཆ་གཞན་ནས་དཔྱད་འདེམས་བྱས་ཏེ་རིགས་གཅིག་མཁས་ཅན་གྱི་ཐོན་ཁུངས་སྤྱོད་ཐུབ་པ་བྱས་ཤིང་། ཉིང་ཁྲི་གྲོང་ཁྱེར་གྱི་སྤྱི་པའི་ཐོན་ཁུངས་ཉོ་ཚོང་ལྟེ་གནས་ཀྱིས་ཞིང་ཆེན་དང་ས་ཁོངས་བསྒྲལ་ནས་རྒྱང་བསྟེན་དཔྱད་འདེམས་བྱེད་པ་དང་སྔ་རྗེས་སུ་ཧྥུའུ་ཅན་ཞིང་ཆེན་གྱི་སྤྱི་པའི་ཐོན་ཁུངས་ཉོ་ཚོང་ལྟེ་གནས་དང་ཀོང་ཏུང་ཞིང་ཆེན་ཀྲུང་ཧྲན་གྲོང་ཁྱེར་གྱི་སྤྱི་པའི་ཐོན་ཁུངས་ཉོ་ཚོང་ལྟེ་གནས་སོགས་དང་མཉམ་ལས་གྲོས་མཐུན་བཞག་ནས་རིགས་གཅིག་མཁས་ཅན་གྱི་ཐོན་ཁུངས་ས་ཁོངས་དང་ལས་རིགས་བསྒྲལ་ནས་མཉམ་སྤྱོད་ཐུབ་པར་བྱས་ཡོད། རིམ་རྩིས་བྱས་ན་རྒྱང་བསྟེན་བྱེད་ཐབས་ནས་དཔྱད་འདེམས་རྣམ་གྲངས་37ལེགས་སྒྲུབ་བྱས་པ་དང་འབྲེལ་ལྗོངས་ཡོངས་ཀྱི་ཆུ་བེད་རྣམ་གྲངས་ཐོག་མ་ཞིང་ཆེན་བསྒྲལ་ནས་ས་ཆ་གཞན་དུ་དཔྱད་འདེམས་ལེགས་སྒྲུབ་བྱས་ཡོད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།

གསར་འགྱུར་ཚ་ཤོས།

ནང་དོན་གསར་ཤོས།