ཀྲུང་གོ་བོད་ཀྱི་དྲ་བ།
ཀྲུང་གོ་བོད་ཀྱི་དྲ་བ།

གངས་ལྗོངས་མཐོ་སྒང་དུ་ལུག་ཁྱུ་གནས་སྤོར་བའི་རྣམ་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ལྷ་སྒྲོན་མཚོ་ཡིས་བསྒྱུར།   སྤེལ་དུས། : 2023-02-07
ཡིག་གཟུགས། :ཆུང་། འབྲིང་། ཆེ།

2.jpg

3.jpg

4.jpg

5.jpg

6.jpg

7.jpg

དགུན་དུས་གནས་སྤར་བའི་ལུག་ཁྱུ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཕུ་མ་གཡུ་མཚོ་འགྲམ་རྒྱུད་དུ་གནས་པའི་མཐུད་བ་གྲོང་ཚོའི་འབྲོག་པ་རྣམས་ལ་མཚོན་ན། ལོ་རེའི་ཆེས་གཟབ་རྒྱས་ལྡན་པའི་ལས་དོན་ནི་ལུག་ཁྱུ་དེད་ནས་ཕུ་མ་གཡུ་མཚོ་བརྒྱུད་དེ་ལོ་རེར་ཐེངས་རེའི་དར་ཐོག་གི་གནས་སྤར་བྱེད་པ་དེ་ཡིན་ལ། འདི་ནི་ལོ་ངོ་སྟོང་ཕྲག་རིང་ལ་རྒྱུད་འཛིན་བྱས་པའི་སྲོལ་རྒྱུན་ཡིན་པ་མ་ཟད། གངས་ལྗོངས་མཐོ་སྒང་གི་མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་ངོ་མཚར་བའི་གཏམ་རྒྱུད་ཡིན།

ཞོགས་པའི་དུས་ཚོད་བརྒྱད་ཀྱི་སྟེང་དུ་ནངས་ཇ་འཐུང་རྗེས། འབྲོག་པ་ཚོས་ལུད་ཕྱེ་བསྡུ་ལེན་བྱས་ནས་ཁུག་མ་ནང་དུ་འཇུག་པ་དང་། དེ་ནས་ལུད་ཕྱེ་ཕུ་མ་གཡུ་མཚོའི་དར་ཐོག་ཏུ་གཏོར་ཏེ་ལམ་ཕྲན་ཞིག་གཏོད་ཅིང་། དེ་ལྟར་བྱས་ན་ལུག་ཁྱུ་དར་ཐོག་བརྒྱུད་དུས་མི་ཤུད་པ་རེད།

གཟབ་རྒྱས་ལྡན་པའི་དོན་དེའི་རྗེས་སུ་ད་དུང་མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་གཏམ་བཟང་ཞིག་ཡོད་ལ། རྩྭ་ཕྱུགས་དོ་མཉམ་ཡོང་བའི་ཕྱིར་དུ་གྲོང་ཚོ་ནང་དུ་ནམ་ཡང་ནོར་ལུག་གི་གྲངས་འབོར་བརྟན་བརླིང་རྒྱུན་འཁྱོངས་བྱེད་བཞིན་པ་དང་། དེ་མིན་འབྲོག་པའི་སྐྱེ་ཁམས་ཁོར་ཡུག་འདུ་ཤེས་ཀྱང་སྔར་ལས་བརྟན་པོར་གྱུར།

རྣམ་པ་དེས་ལོ་རེར་ཡུལ་སྐོར་པ་མང་པོ་བསུ་བཞིན་ཡོད། “སྔོན་ཆད་དྲ་ཐོག་ནས་པར་མཐོང་མྱོང་ལ་ཤིན་ཏུ་མཛེས། ད་ལོ་ཆེད་དུ་ལུག་ཁྱུ་དར་ཆགས་པའི་ཕུ་མ་གཡུ་མཚོ་བརྒྱུད་པའི་རྣམ་པ་བལྟ་རུ་ཡོང་བས། དངོས་གནས་རྔམ་བརྗིད་ལྡན་པ་ཞིག་ཡིན་ལ། གློག་བརྙན་ཞིག་ལ་གཟིགས་པ་དང་མཚུངས”ཞེས་ཡུལ་སྐོར་པ་ཞིག་གིས་དགོད་ཞོར་གསར་འགོད་པར་དེ་ལྟར་བརྗོད། དགུན་དུས་ནི་མཐུད་བ་གྲོང་ཚོའི་ཡུལ་སྐོར་པ་མང་པོའི་དུས་ཚིགས་ཡིན་ཞིང་། ས་བབ་མཐོ་ཡང་མི་རྣམས་ཀྱི་གནས་དེར་ཆགས་པའི་སྤྲོ་སེམས་ལ་འགོག་ཐབས་མེད་པ་རེད། །

རྩོམ་སྒྲིག་པ། : ལྷ་སྒྲོན་མཚོ།

གསར་འགྱུར་ཚ་ཤོས།

ནང་དོན་གསར་ཤོས།