ཀྲུང་གོ་བོད་ཀྱི་དྲ་བ།
ཀྲུང་གོ་བོད་ཀྱི་དྲ་བ།

བོད་ལྗོངས་ཁྲལ་དོན་སྡེ་ཁག་གིས་ཐབས་མང་སྤྱད་ནས་ཁེ་ལས་ཆུང་བར་གཞོགས་འདེགས་བྱས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཀླུ་མོ་མཚོ་ཡིས་བསྒྱུར།   སྤེལ་དུས། : 2022-12-23
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། བོད་ལྗོངས་ཁྲལ་དོན་སྡེ་ཁག་གིས་ཁྲལ་བསྡུ་ལམ་ལུགས་བཅོས་སྒྱུར་མུ་མཐུད་གཏིང་ཟབ་དང་ཁྲལ་བསྡུའི་བསྡུ་ལེན་དོ་དམ་ལམ་ལུགས་ཇེ་ལེགས་སུ་བཏང་ནས། ཁྲལ་དོན་ཁོངས་གཏོགས་ཀྱི“གློད་སྡོམ་ཞབས་གསུམ”གྱི་བཅོས་སྒྱུར་ལ་སྐུལ་འདེད་དང་ཁྲལ་བསྡུའི་ཚོང་གཉེར་ཁོར་ཡུག་ཇེ་ལེགས་སུ་བཏང་སྟེ། བཅོས་སྐྱོང་ནུས་པ་མུ་མཐུད་མཐོར་འདེགས་སུ་བཏང་། ཉེ་བའི་ལོ་བཅུའི་རིང་། ཁྲལ་བསྡུའི་གཟིགས་སྐྱོང་སྲིད་ཇུས་དག་ས་གནས་མངའ་ཁོངས་ཀྱི་དོན་དངོས་ལ་གཞི་ཚུགས་ནས། རྒྱ་ཆེའི་ཁྲོམ་རའི་བདག་གཉེར་མཁན་གྱི་བསམ་གཞིགས་གཏོང་བ་དང་རེ་སྒུག་བྱེད་པར་དམིགས་ཏེ། ཁེ་ལས་ཆུང་བ་དང་སྒེར་གཉེར་བཟོ་ཚོང་དུད་ཚང་སོགས་ཁྲོམ་ར་དཔལ་འབྱོར་གྱི་དབང་རྩར་རྒྱུན་མཐུད་རོགས་རམ་བྱས་པ་དང་། སྲིད་ཇུས་ཁེ་སྤོགས་འཕེལ་རྒྱས་ཀྱི་སྒུལ་ཤུགས་སུ་སྒྱུར་ནས་ལྷ་སའི་དཔལ་འབྱོར་ཆུང་ངུ་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་སུ་བཏང་བ་རེད།

ལྷ་ས་གྲོང་ཁྱེར་སྟག་རྩེ་ཆུས་ཁྲལ་དོན་ཅུའུ་ཡི་འགན་འཁུར་བ་བསམ་གཏན་རྡོ་རྗེས་ངོ་སྤྲོད་བྱས་པ་ལྟར་ན། ཉེ་བའི་ལོ་འགའི་རིང་། མི་རིགས་ལག་ཤེས་བཟོ་རྩལ་ཀྱི་ཁེ་ལས་དག་ཁྲལ་དོན་སྡེ་ཁག་གི་གཙོ་གནད་དོ་ཁུར་བྱ་ཡུལ་དུ་གྱུར་ཡོད། ཕྱོགས་གཅིག་ནས་མི་རིགས་ཁྱད་ལྡན་ལག་ཤེས་བཟོ་རྩལ་རྒྱུན་འཛིན་དང་དར་སྤེལ་ལ་སྲུང་སྐྱོང་བྱེད་པ་དང་། ཕྱོགས་གཞན་ཞིག་ནས་ཁེ་ལས་ཁག་གི་དོ་དམ་མི་སྣ་དང་ནོར་དོན་མི་སྣའི་རིག་གནས་ཆུ་ཚད་ལ་ཚད་བཀག་ཡོད་པས། ཁྲལ་བསྡུའི་སྲིད་ཇུས་ལོངས་སྤྱོད་དང་ཤེས་རྟོགས་ཐུབ་པའི་ཐད་དཀའ་གནད་ཡོད་པ་རེད། དེར་བརྟེན་ཁེ་ལས་དེ་དག་དང་འཚམ་པའི་ཁྲལ་བསྡུའི་ཁེ་སྤོགས་སྲིད་ཇུས་ཡོད་པའི་ཚེ། སྟག་རྩེ་ཆུས་ཁྲལ་དོན་ཅུའུ་ཡི་དུས་ཐོག་ཏུ་སྒོ་རྩར་སོང་ནས་ཡུལ་དངོས་སུ་སྲིད་ཇུས་དྲིལ་སྒྲོག་དང་ཟབ་ཁྲིད་བྱས་ཏེ། ཁྲལ་འཇལ་མཁན་གྱིས་དུས་ཐོག་དང་གནད་སྨིན་སྒོས་སྲིད་ཇུས་ལོངས་སྤྱོད་ཐུབ་ནས་དམིགས་སར་འབྱོར་བའི་ཕན་འབྲས་མགྱོགས་མྱུར་ངང་མངོན་ཡོད། 

ཁྲལ་བསྡུའི་གཟིགས་སྐྱོང་སྲིད་ཇུས་མུ་མཐུད་དུ་དེར་ཁ་ཕྱོགས་པ་དང་ཁྱད་པར་དུ་ཁྲལ་འཕྲི་ཡོན་གཅོག་དང་ཚོགས་སྒྲིག་རྣམ་པའི་ཁྲལ་རིན་རྒྱབ་སྐྱོར་སྲིད་ཇུས་ལག་བསྟར་བྱས་པ་བརྒྱུད། ཁྲོམ་རའི་བདག་གཉེར་མཁན་མང་པོར་ཁྲལ་བསྡུའི་གཟིགས་སྐྱོང་སྲིིད་ཇུས་ཀྱི་ཁེ་སྤོགས་རེག་ཏུ་བཅུག་པ་དང་། ཁྲལ་བསྡུ་སྲིད་ཇུས་ཁེ་སྤོགས་དང་མི་རིགས་ལག་ཤེས་བཟོ་རྩལ་འབྲེལ་མཐུད་བྱས་པས་བཀྲག་མདངས་མཚེར་བའི་རྣམ་པ་གསར་བ་ཞིག་མངོན་ཡོད། རྒྱུས་ལོན་བྱུང་བ་ལྟར་ན། ལྷ་སར90%ཡན་གྱི་ཁྲོམ་རའི་བདག་གཉེར་མཁན་གྱིས་ཚད་གཞི་མི་འདྲ་བའི་ཁྲལ་འཕྲི་ཡོན་གཅོག་ནང་འདུས་པའི་ཁྲལ་བསྡུའི་གཟིགས་སྐྱོང་སྲིད་ཇུས་རབ་དང་རིམ་པ་ལོངས་སྤྱོད་བྱེད་བཞིན་ཡོད་ཅིང་། ཉེ་བའི་ལོ་ལྔའི་རིང་དཔྱ་ཁྲལ་རིགས་ཁག་རྩ་ཆག་བཏང་བའི་བསྡོམས་འབོར་སྒོར་དུང་ཕྱུར་ལ་སླེབས་ཡོད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།

གསར་འགྱུར་ཚ་ཤོས།

ནང་དོན་གསར་ཤོས།