ཀྲུང་གོ་བོད་ཀྱི་དྲ་བ།
ཀྲུང་གོ་བོད་ཀྱི་དྲ་བ།

བོད་ལྗོངས་ཀྱིས《བོད་རང་སྐྱོང་ལྗོངས་ཀྱི་སྐྱེ་ཁམས་ཁོར་ཡུག་གི་ཁྲིམས་འགལ་བྱ་སྤྱོད་ཐེར་འདོན་ལ་བྱ་དགའ་སྤྲོད་པའི་གནས་སྐབས་ལག་བསྟར་བྱ་ཐབས》བཀྲམ་པ།

ཡོང་ཁུངས། : བོད་ལྗོངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2022-12-06
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། རང་སྐྱོང་ལྗོངས་སྐྱེ་ཁམས་ཁོར་ཡུག་ཐིང་དང་ནོར་སྲིད་ཐིང་གིས་མཉམ་དུ《བོད་རང་སྐྱོང་ལྗོངས་ཀྱི་སྐྱེ་ཁམས་ཁོར་ཡུག་གི་ཁྲིམས་འགལ་བྱེད་སྤྱོད་ཐེར་འདོན་ལ་བྱ་དགའ་སྤྲོད་པའི་གནས་སྐབས་ལག་བསྟར་བྱ་ཐབས》(གཤམ་དུ《བྱ་ཐབས》ཞེས་བསྡུ་རྒྱུ)བཀྲམ་པ་རེད། ཐེར་འདོན་བྱེད་མཁན་ལ་བྱ་དགའ་སྤྲོད་པའི་བྱ་ཐབས་བརྒྱུད། སྤྱི་དམངས་དང་ཁྲིམས་མིའམ་ཡང་ན་རྩ་འཛུགས་གཞན་དག་གིས་བོད་ཀྱི་ས་ཁོངས་སུ་ཐོན་པའི་སྐྱེ་ཁམས་ཁོར་ཡུག་གི་ཁྲིམས་འགལ་བྱེད་སྤྱོད་ཐེར་འདོན་བྱ་རྒྱུར་བསྔགས་སྐུལ་བྱས་པ་དང། དེའི་དམིགས་ཡུལ་ནི་སྤྱི་དམངས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལས་དོན་ནང་ཧུར་ཐག་ཞུགས་པར་ཁྲིད་སྟོན་བྱས་ནས་སྐྱེ་ཁམས་ཁོར་ཡུག་གི་ཁྲིམས་འགལ་བྱེད་སྤྱོད་ལ་རྡུང་རྡེག་གཏོང་བའི་མཉམ་ཤུགས་ཤིག་ཆགས་པར་བྱ་རྒྱུ་དེ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། 《བྱ་ཐབས》དེར་ཁྱོན་དོན་ཚན་22ཡོད་པ་དག་གིས་གཙོ་བོར་ས་ཁོངས་དོ་དམ་དང་། མ་དངུལ་འགན་ལེན། བྱ་དགའ་སྤྲོད་ཁོངས། དངུལ་གྲངས། ཐེར་འདོན་ཐབས་ལམ། བྱ་དགའ་ལག་བསྟར། ལྟ་སྐུལ་དོ་དམ་སོགས་ཀྱི་ནང་དོན་གཏན་འབེབས་ཞིབ་ཕྲ་བྱས་ཡོད་པ་རེད། 《བྱ་ཐབས》ནང་། ཐེར་འདོན་བྱེད་མཁན་གྱིས་12369ཐེར་འདོན་ཁ་པར་དང་། ཡིག་འབུལ་ཞུ་བཅར། དྲ་སྦྲེལ། སྐད་འཕྲིན་ལས་སྟེགས་སོགས་ཀྱི་ཐབས་ལམ་བརྒྱུད་ཁོར་ཡུག་གི་ཁྲིམས་འགལ་བྱེད་སྤྱོད་ཐེར་འདོན་བྱེད་ཆོག་པ་ཁ་གསལ་བཏོན་ཡོད། སྐྱེ་ཁམས་ཁོར་ཡུག་གཙོ་འགན་སྡེ་ཚན་གྱིས་ཐེར་འདོན་བྱས་པའི་ནང་དོན་དང་། ངོ་བོ། སྐྱེ་ཁམས་ཁོར་ཡུག་གི་ཁྲིམས་འགལ་བྱེད་སྤྱོད་ཀྱི་གནོད་འཚེའི་གནས་ཚུལ་སོགས་ལ་གཞིགས་ནས་ཐེར་འདོན་ཞིབ་བསྡུར་གནས་ཚུལ་དང་བྱ་དགའ་སྤྲོད་ཁོངས་དང་ཟུང་འབྲེལ་གྱིས་ཁྲིམས་འགལ་བྱེད་སྤྱོད་སྤྱིར་བཏང་དང་། ཅུང་ལྕི་བ། ཚབས་ཆེན་བཅས་ལ་གཞིགས་ཏེ་རིམ་པ་དབྱེ་ནས་དོན་རེར་གྲོས་རེ་བྱེད་པའི་བྱ་ཐབས་བརྒྱུད་སྒོར་1000ནས་སྒོར་5000བར་དང་། སྒོར་5000ནས་སྒོར་10000བར། སྒོར་10000ནས་སྒོར་20000བར་བཅས་རིམ་པ་གསུམ་ལ་དབྱེ་ནས་བྱ་དགའ་སྤྲོད་རྒྱུ་རེད།

《བྱ་ཐབས》ནང་། ཅུང་ལྕི་བ་ཡན་གྱི་ཁྲིམས་འགལ་བྱེད་སྤྱོད་ཐེར་འདོན་བྱས་པར་བྱ་དགའ་སྤྲོད་པའི་སྐོར་ལ་བྱ་དགའ་སྤྲོད་མཁན་སྐྱེ་ཁམས་ཁོར་ཡུག་སྡེ་ཚན་གྱིས་བརྟག་དཔྱད་ཞིབ་བསྡུར་གནས་ཚུལ་ལ་གཞིགས་ནས་ཕྱོགས་བསྡུས་ཐེར་འདོན་གནད་དོན་གྱི་ཚབས་ཆེ་ཆུང་དང་། བཟོས་པའི་ཤུགས་རྐྱེན། ཐེར་འདོན་གྱིས་ཁྲིམས་འགལ་བྱེད་སྤྱོད་ལ་ཞིབ་བཤེར་ཐག་གཅོད་བྱེད་པའི་ནུས་པ་སོགས་ཀྱི་རྒྱུ་རྐྱེན་གཞིར་བཟུང་། བྱ་དགའི་དངུལ་གྲངས་ཀྱི་ཁྱབ་ཁོངས་ནང་བྱ་དགའི་དངུལ་གྲངས་གཏན་འཁེལ་བྱ་རྒྱུ་རེད། བྱ་དགའི་དངུལ་སྤྲོད་པ་ཕུད་ད་དུང་ས་གནས་ཁག་གིས་ཐེར་འདོན་བྱེད་མཁན་ལ་བརྡ་ཁྱབ་བཏང་ནས་བསྟོད་བསྔགས་དང་། གཟི་བརྗིད་མཚན་སྙན་ལག་ཁྱེར་སྤྲོད་པ། གཟི་བརྗིད་མཚན་སྙན་སྤྲོད་པ་སོགས་ཀྱི་བསམ་པའི་བྱ་དགའ་སྤྲོད་རྒྱུར་བསྔགས་སྐུལ་བྱེད་དགོས་པའི་བླང་བྱ་བཏོན་ཡོད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།

གསར་འགྱུར་ཚ་ཤོས།

ནང་དོན་གསར་ཤོས།