ཀྲུང་གོ་བོད་ཀྱི་དྲ་བ།
ཀྲུང་གོ་བོད་ཀྱི་དྲ་བ།

བོད་ལྗོངས་ཉིང་ཁྲིས་བྱ་ཐབས་བཏོན་ནས་ཕྲུ་གུ་གསུམ་སྐྱེ་ཆོག་པའི་སྲིད་ཇུས་དོན་འཁྱོལ་ལ་རྒྱབ་སྐྱོར་བྱས་པ།

ཡོང་ཁུངས། : བོད་ལྗོངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2022-12-05
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉིན་ཤས་གོང་། བོད་རང་སྐྱོང་ལྗོངས་ཉིང་ཁྲི་གྲོང་ཁྱེར་སྲིད་གཞུང་གིས་ཕྱི་ཕྱོགས་ལ《ཉིང་ཁྲི་གྲོང་ཁྱེར་གྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་བུ་བཙའི་འགན་ལེན་བྱ་ཐབས(གནས་སྐབས་ལག་བསྟར)》(གཤམ་དུ《བྱ་ཐབས》ཞེས་བསྡུ་རྒྱུ)བཀྲམ་ནས། རྒྱལ་ཁབ་ཀྱི་ཕྲུ་གུ་གསུམ་སྐྱེ་ཆོག་པའི་བུ་བཙའི་ཐོབ་ཐང་སྲིད་ཇུས་དོན་འཁྱོལ་བྱ་རྒྱུར་གཞི་ཚུགས་ཏེ། ཁོངས་གཏོགས་ཁུལ་གྱི་བུ་བཙའི་ལོ་ཚད་ལོན་པའི་བུད་མེད་ཀྱི་བུ་བཙའི་འདོད་མོས་སྔར་བས་འཕེལ་བར་བྱེད་པ་དང་། མི་འབོར་གྱི་ཁེ་ཕན་ཐོན་པར་བྱེད་པ། མི་འབོར་ན་རྒས་ཅན་ལ་ཁ་གཏད་གཅོག་པ་བཅས་བྱས་ནས། མཐའ་མཚམས་གྲངས་ཉུང་མི་རིགས་ས་ཁུལ་གྱི་མི་འབོར་སྤུས་ཚད་མཐོ་པོས་འཕར་བ་བྱ་རྒྱུ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན།《བྱ་ཐབས》ནང་ཁྱོན་དོན་ཚན་23ཡོད་པ་དང་། དང་ཐོག་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་བུ་བཙའི་འགན་ལེན་མ་དངུལ་གྱི་ཡོང་ཁུངས་དང་། དོ་དམ་བྱ་ཐབས། བེད་སྤྱོད་ཁྱབ་ཁོངས་སོགས་ཚད་ལྡན་དུ་བཏང་བ་མ་ཟད། འགན་བཅོལ་ལ་ཞུགས་པའི་གྲོང་མི་མི་སྒེར་གྱི་བུ་བཙའི་འགན་ལེན་གྲོན་དངུལ་ལོགས་སུ་འཇལ་མི་དགོས་པ་དང་། དེ་བཞིན་བུ་བཙའི་འགན་ལེན་མ་དངུལ་གྱི་ཡོང་ཁུངས་དང་འགྲོ་གྲོན་ཁག་གི་ཁ་གསབ་ཚད་གཞི་སོགས་ཀྱི་ནང་དོན་ཁ་གསལ་བཟོས་ཡོད། དེ་དང་དུས་མཚུངས“ཕྲུ་གུ་གསུམ་སྐྱེ་ཆོག་པའི་སྲིད་ཇུས་དོན་འཁྱོལ་བྱ་རྒྱུར་རྒྱབ་སྐྱོར་ཧུར་ཐག་བྱས་ནས་ཉིང་ཁྲིའི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་བུ་བཙའི་འགན་ལེན་ཆུ་ཚད་སྔར་བས་མཐོ་རུ་གཏོང་བ”དང“འགན་བཅོལ་ལ་ཞུགས་མཁན་གྲོང་མིས་རྒྱལ་ཁབ་ཀྱི་སྲིད་ཇུས་ལྟར་མང་བཙའ་ལེགས་བཙའ་བྱ་རྒྱུར་ལྕག་སྐུལ་བྱེད་པ”སོགས་ཀྱི་དོན་ཚན་ས་གནས་ཀྱི་བུ་བཙའི་སྲིད་ཇུས་ནང་བཅུག་པ་མ་ཟད། འགན་བཅོལ་ལ་ཞུགས་མཁན་མི་རེར་ཁ་གསབ་སྒོར་100རེ་སྤྲོད་པ་དང་བསྡོམས་ཆེད་སྤྱོད་མ་དངུལ་སྒོར་ཁྲི་1500ལྷག་ཙམ་སྤྲད་ནས། དམངས་འཚོའི་བྱ་བ་དངོས་དོན་འཁྱོལ་དང་ཕན་འབྲས་ཐོན་པར་སྐུལ་འདེད་གཏོང་རྒྱུ་རེད།

མིག་སྔའི་བོད་རང་སྐྱོང་ལྗོངས་ཀྱི་གཅིག་གྱུར་སྲིད་ཇུས་གཞིར་བཟུང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་བུ་བཙའ་ལུགས་མཐུན་གྱི་འགྲོ་གྲོན་100%རྩིས་ཞུ་བྱེད་ཀྱི་ཡོད། བསྡོམས་རྩིས་གྲངས་གཞི་ལས་མངོན་པར། 2021ལོར་ཉིང་ཁྲིའི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མི་མི་ཐེངས་1487སྨན་ཁང་དུ་བསྡད་ནས་ཕྲུ་གུ་བཙས་པར་་བསྡོམས་སྨན་བཅོས་འགྲོ་གྲོན་སྒོར་ཁྲི་1238.32ཟིན་པ་དང་དམངས་ཚོགས་ཀྱིས་དངུལ་སྨར་སྒོར་ཁྲི་135.37སྤྲད་པ་དེས་སྨན་བཅོས་འགྲོ་གྲོན་གྱི་བསྡུར་ཚད་ཀྱི་10.93%ཟིན་པ་དང་རྩིས་ཞུ་བྱེད་ཚད་ཀྱི་89.07%ཟིན་ཡོད། 《བྱ་ཐབས》ནང་གཏན་འབེབས་བྱས་པའི་སྦྲུམ་མ་ཕྲུ་གུ་སྐྱེ་བའི་ཐོག་མའི་དངུལ་ཚད་མེད་པར་བཟོ་རྒྱུ་དང་། ཕྲུ་གུ་མ་སྐྱེས་གོང་གི་བརྟག་དཔྱད་དང་ནད་བརྟག་གཏན་འཁེལ་ཐད་གཏོང་སྤྲོད་ཚད་གཞི་མཐོ་ཤོས་ཕྲུ་གུ་སྐྱེ་ཐེངས་རེར་སྒོར་600ཡི་ཁ་གསབ་སྤྲོད་རྒྱུ། དེ་བཞིན་འཆར་ལྡན་བུ་བཙའི་འགྲོ་གྲོན་གཞན་དག་གི་ཁ་གསབ་མཐོ་ཤོས་སྒོར་6000སྤྲོད་རྒྱུ་སོགས་ཀྱི་སྲིད་ཇུས་ཀྱིས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིར་དེ་བས་ལེགས་ལ་བརྟན་པའི་བུ་བཙའི་འགན་ལེན་བྱ་རྒྱུ་རེད།

རྒྱལ་ཡོངས་ཀྱི་མི་འབོར་ཡོངས་ཁྱབ་ཞིབ་བཤེར་ཐེངས་བདུན་པའི་གྲངས་གཞི་ལས་མངོན་པར། བོད་རང་སྐྱོང་ལྗོངས་ཀྱི་རྒྱུན་སྡོད་མི་འབོར་ཁྲོད་བོད་རིགས་དང་དེ་བཞིན་གྲངས་ཉུང་མི་རིགས་གཞན་དག་གི་མི་འབོར་ཁྲི་320.47ཟིན་པ་དེའི་ནང་བོད་རིགས་མི་འབོར་ཁྲི་313.79ཟིན་པ་དེ་2010ལོ་དང་བསྡུར་ན་ཁྲི་42.15མང་དུ་ཕྱིན་ནས་15.52%འཕར་བ་དང་ལོ་རེར་ཆ་སྙོམས་འཕར་ཚད་1.45%ཟིན་པ་དང་། གྲངས་ཉུང་མི་རིགས་གཞན་དག་གི་མི་འབོར་ཁྲི་6.68ཟིན་པ་དེ་2010ལོ་དང་བསྡུར་ན་མི་ཁྲི་2.63མང་དུ་ཕྱིན་ནས་64.95%འཕར་བ་དང་ལོ་རེར་ཆ་སྙོམས་འཕར་ཚད་5.13%ཟིན་པ་བཅས་ཚང་མ་རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་ལས་མཐོ་བ་ཡོད་པ་དང《བྱ་ཐབས》ལག་བསྟར་བྱས་པ་དེས་མི་འབོར་འཕར་བའི་ཁེ་ཕན་སྔར་བས་ཐོན་ནས་བོད་ལྗོངས་ས་ཁུལ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་དགེ་མཚན་ལྡན་པའི་ནུས་པ་ཐོན་རྒྱུ་རེད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།

གསར་འགྱུར་ཚ་ཤོས།

ནང་དོན་གསར་ཤོས།