ཀྲུང་གོ་བོད་ཀྱི་དྲ་བ།
ཀྲུང་གོ་བོད་ཀྱི་དྲ་བ།

དུས་ཚིགས་གསུམ་རིང་བོད་རང་སྐྱོང་ལྗོངས་ཀྱི་ཕྱི་གཏོང་ནང་འདྲེན་གྱི་བསྡོམས་འབོར་སྒོར་དུང་ཕྱུར33.8ཟིན་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཀླུ་མོ་མཚོ་ཡིས་བསྒྱུར།   སྤེལ་དུས། : 2022-12-02
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། བོད་རང་སྐྱོང་ལྗོངས་ཀྱི་དཔལ་འབྱོར་བརྟན་པོ་ཡོང་བའི་བརྙན་འཕྲིན་ཁ་པར་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱ་ཆེད། བོད་རང་སྐྱོང་ལྗོངས་ཚོང་དོན་ཐིང་གིས་རང་སྐྱོང་ལྗོངས་ཏང་ཨུ་དང་སྲིད་གཞུང་གི་གཏན་འཁེལ་བྱས་པའི་ཕྱི་ཕྱོགས་ཉོ་ཚོང་གི་དམིགས་འབེན་ལས་འགན་ལ་དམ་པོར་དམིགས་ནས་། ཕྱོགས་མང་པོའི་ཤུགས་རྐྱེན་ངན་པ་ནུས་ལྡན་སྒོས་འགག་སྒྲོལ་བྱས་པ། སྲིད་ཇུས་བཏོན་པ་དང་། ཞབས་ཞུ་ལེགས་སྒྱུར། ཁྲོམ་ར་རྒྱ་སྐྱེད་དུ་བཅས་སུ་བཏང་ནས། ཕྱི་ཕྱོགས་ཉོ་འཚོང་བརྟན་པོ་ཡོང་བ་དང་སྤུས་ཚད་མཐོར་འདེགས་སུ་གཏོང་བར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་། ད་ལོའི་དུས་ཚིགས་གསུམ་རིང་ལྗོངས་ཡོངས་ཀྱི་ཕྱི་ཕྱོགས་ཉོ་འཚོང་གི་ཕྱིར་གཏོང་ནང་འདྲེན་བསྡོམས་འབོར་སྒོར་དུང་ཕྱུར 33.8ཟིན་ནས་དུས་མཉམ་ལས29.4%འཕར་བ་དང་། འཕར་ཚད་རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་ལས་བརྒྱ་ཆའི་གྲངས19.5མཐོ་བ། དེའི་ཁྲོད་ཕྱིར་གཏོང་བསྡོམས་འབོར་སྒོར་དུང་ཕྱུར31.7ཟིན་ནས་དུས་མཉམ་ལས128.1%འཕར་ཡོད།

ཉེ་བའི་ལོ་འགའི་རིང་། བོད་རང་སྐྱོང་ལྗོངས་ཚོང་དོན་ཐིང་གིས་ཁེ་ལས་ཀྱི་དཀའ་གནད་སེལ་རོགས་ཀྱི་སྲིད་ཇུས་འཐུས་ཚང་དང་དོན་འཁྱོལ་བྱས་ནས། 《བོད་རང་སྐྱོང་ལྗོངས་ཚོང་དོན་ཐིང་དང་ནོར་སྲིད་ཐིང་གི2022ལོའི་ཕྱི་ཕྱོགས་ཉོ་འཚོང་འཕེལ་རྒྱས་ཀྱི་ཆེད་དོན་མ་དངུལ་གྱི་གཙོ་གནད་ལས་དོན་སྐོར་གྱི་བརྡ་སྦྱོར》བཟོ་བཅོས་དཔར་འགྲེམ་བྱས་པ་དང་། 《བོད་རང་སྐྱོང་ལྗོངས་ཀྱི་ཕྱི་ཕྱོགས་ཉོ་འཚོང་བརྟན་པོ་ཡོང་བའི་ལག་བསྟར་ཇུས་གཞི》《བོད་རང་སྐྱོང་ལྗོངས་ཚོང་དོན་ཐིང་དང་ཀྲུང་གོ་དངུལ་ཁང་བོད་རང་སྐྱོང་ལྗོངས་ཡན་ལག་དངུལ་ཁང་གིས་དངུལ་རྩའི་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་སྟེ། དུས་མཚམས་སྒྲོལ་ནས་ཕྱི་ཕྱོགས་ཉོ་འཚོང་བརྟན་པོ་ཡོང་བའི་བྱ་སྤྱོད་ལེགས་པོར་སྒྲུབ་པའི་ཇུས་གཞི》སོགས་བཏོན་ཏེ། སྲིད་ཇུས་དྲིལ་སྒྲོག་དང་བྱ་བ་དོན་ཐོག་ཏུ་འཁྱོལ་བར་དམ་འཛིན་ནན་མོ་དང་ཁེ་ལས་ཀྱི་མངག་ཐོར་འགན་ལེན་དང་། ཁྲོམ་རར་འགན་ལེན་བྱེད་པར་རོགས་རམ་ཤུགས་ཆེན་བྱས་ནས། ནུས་ཤུགས་ཡོད་རྒུས་ཕྱི་ཕྱོགས་ཉོ་འཚོང་གི་གཞི་རྩ་བརྟན་པོ་ཡོང་བར་བྱས།

འགྲན་རྩོད་ལ་ཁ་གཏད་བཅག་ནས་བོད་རང་སྐྱོང་ལྗོངས་ཚོང་དོན་ཐིང་གིས་ཞབས་ཞུ་ཁེ་ལས་ཀྱི་ཆུ་ཚད་ཕྱོགས་ཡོངས་ནས་མཐོར་འདེགས་སུ་བཏང་བ་དང་། 2022ལོའི་དུས་ཐེངས་དང་པོའི་ཕྱི་ཕྱོགས་ཉོ་འཚོང་ལས་སྒོའི་གསོ་སྦྱོང་སྒྲིག་འཛུགས་བྱས་ཏེ་ཕྱི་ཕྱོགས་ཉོ་འཚོང་གི་ཆེད་དམིགས་མ་དངུལ་སྟོན་ཕྱོགས་དང་། ཕྱིར་གཏོང་ཁྲལ་སློག RCEPཐོན་གནས་ཀྱི་གཟིགས་སྐྱོང་ལམ་སྲོལ་སོགས་སྲིད་ཇུས་དང་ཡིད་རྟོན་དཔང་ཡིག་རྩིས་སྤྲོད། ཕྱི་དངུལ་གྱི་ཡོང་འབབ་དང་འགྲོ་གྲོན་ལས་སྒོ་བཅས་དྲིལ་སྒྲོག་དང་འགྲེལ་བཤད་བྱས་ཤིང་། དེ་དང་ཆབས་ཅིག “གཅིག་ལ་གཅིག་གཏད”ཀྱི་ཕྱི་ཕྱོགས་ཉོ་འཚོང་གི་གཙོ་གནད་ཁེ་ལས་ཀྱི་འབྲེལ་འདྲིས་ཞབས་ཞུའི་ལམ་སྲོལ་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་པ་དང་། ཁེ་ལས་ལ་རྟོག་ཞིབ་ཧུར་ཐག་བྱས་ནས་ཁེ་ལས་ལ་འཕྲད་པའི་ཕྱིར་གཏོང་ཁྲལ་སློག་དང་ཟོག་འགྲེམས་སྐྱེལ་འདྲེན། དུས་ཐུང་མ་དངུལ་བསྡུ་ལེན། ཕྱི་དངུལ་རྩིས་སྤྲོད་སོགས་ཀྱི་ཐད་གནས་པའི་གནད་དོན་དུས་ཐོག་ཏུ་ཐག་གཅོད་བྱས་པ། ཁེ་ལས་ཀྱི་ཆོད་སེམས་མཐོར་འདེགས་སུ་བཏང་ནས་ཕྱིར་གཏོང་ནང་འདྲེན་གྱི་གྲངས་འབོར་བརྟན་པོ་ཡོང་བ་དང་། ཕྱིར་གཏོང་གི་གྲངས་འབོར་ཧུར་ཐག་སྔོག་འདོན་བྱས་པ། ཕྱི་ཕྱོགས་ཉོ་འཚོང་ཁེ་ལས་ཀྱི་ཆ་འཕྲིན་ཞབས་ཞུའི་ལས་སྟེགས་བཙུགས་ནས། ཕྱི་ཕྱོགས་ཉོ་འཚོང་འཁོར་སྐྱོད་ཀྱི་བཀོད་གཏོང་དང་གནས་བབ་དབྱེ་ཞིབལ་ཤུགས་བསྣན་ནས་ཉོ་འཚོང་འཕར་སྣོན་གྱི་མི་མངོན་པའི་སྟོབས་ཤུགས་སྔོག་འདོན། ཕྱི་ཕྱོགས་ཉོ་འཚོང་བདག་གཉེར་བ་གསོ་སྐྱོང་། ཉོ་འཚོང་ཉེན་ཁ་སྔོན་འགོག་དང་གནད་འཁེལ་ཐབས་འདོན་ནུས་པ་ཇེ་དྲག་ཏུ་བཏང་ཡོད། 

འགག་སྒོའི་དངོས་ཟོག་དབོར་འདྲེན་ནུས་པ་མཐོར་འདེགས་སུ་གཏོང་བའི་ཐད། བོད་རང་སྐྱོང་ལྗོངས་ཚོང་དོན་ཐིང་གིས་ད་ཡོད་འགག་སྒོའི་ལས་སྒྲུབ་གོ་རིམ་མུ་མཐུད་ཇེ་ལེགས་སུ་བཏང་ནས། སྐྱིད་གྲོང་འགག་སྒོར་དངོས་ཟོག་འདོན་འཇུག་འཕྲུལ་ཆས་སྒྲིག་སྦྱོར་གྱི་རྣམ་པ་གསར་བ་འཚོལ་ཞིབ་བྱས་པ་དང་། འགྲམ་འགག་སྒོར་ཕྱིར་གཏོང་དངོས་ཟོག་འདོན་འཇུག་གི་རྗེས་མཐུད་ལས་དོན་མགྱོགས་མྱུར་ལག་བསྟར་བྱས་པ། རྒྱལ་ཁབ་འགག་སྒོ་དོ་དམ་གཞུང་དོན་ཁང་གིས་བསྡོམས་རྩིས་བྱས་པ་ལྟར་ན། 2022ལོའི་ཟླ6པར་འགག་སྒོའི་འགག་སྒྲོལ་དུས་ཚོད2017ལོའི་ཟླ6པ་དང་བསྡུར་ན69.7%ཇེ་ཐུང་དུ་ཕྱིན་ཡོད། འགག་སྒོར་དངོས་ཟོག་དབོར་འདྲེན་གྱི་གྲངས་ཚད་ལ་བལྟས་ན། སྐྱིད་གྲོང་འགག་སྒོའི་ཉིན་རེའི་དབོར་འདྲེན་གྲངས་ཚད་ཆེ་ཤོས་དེ་སྔོན་གྱི་རླངས་འཁོར3ནས་ད་ལྟའི་རླངས་འཁོར14བར་ཇེ་མང་དུ་ཕྱིན་ཡོད་ལ། འགྲམ་འགག་སྒོའི་ཉིན་རེའི་འགག་སྒྲོལ་གྲངས་ཚད་དེ་སྔོན་གྱི་རླངས་འཁོར3མིག་སྔའི་ཆ་སྙོམས་རླངས་འཁོར12བར་ཇེ་མང་དུ་ཕྱིན་ཡོད། 

གཞན་བོད་རང་སྐྱོང་ལྗོངས་ཚོང་དོན་ཐིང་གིས་ཁེ་ལས་ཀྱི་རྒྱལ་སྤྱིའི་ཁྲོམ་ར་བསྐྱེད་པར་རྒྱབ་སྐྱོར་ཤུགས་ཆེན་བྱས་ཤིང་། ལྗོངས་ཡོངས་ཀྱི་ཁེ་ལས35 སྒྲིག་འཛུགས་བྱས་ནས་ཀྲུང་གོའི་ཕྱིར་གཏོང་ནང་འདྲེན་ཚོང་ཟོག་བརྗེ་རེས་ཚོགས་འདུ་སྐབས131ཞུགས་པ་དང་། འགྲེམས་གནས65བརྒྱུད་ནས་རྒྱལ་ཁབ་ཕྱི་ནང་གི་ཉོ་སྒྲུབ་ཚོང་བར་ས་གདན་དང་འགེལ་གདན། ཟས་རིགས། སྨན་རྫས། ནས་ཀྱི་ཐོན་རྫས། ནགས་གསེབ་ཐོན་རྫས། མི་རིགས་ལག་ཤེས་བཟོ་རྩལ་ཐོན་རྫས་སོགས་བོད་ལྗོངས་ཀྱི་ཁྱད་ལྡན་ཐོན་རྫས80ལྷག་འགྲེམ་སྟོན་བྱས་པ། ཀྲུང་གོའི་བོད་ལྗོངས་དང་བལ་ཡུལ་གྱི་དཔལ་འབྱོར་ཉོ་འཚོང་མཐུན་སྦྱོར་ཨུ་ལྷན་གྱི་ཚོགས་འདུ་ཐེངས་བཅུ་བ་རྒྱལ་ཁའི་ངང་ཚོགས་ཤིང་། ཕྱོགས་གཉིས་ཀྱིས་འགག་སྒོ་འཛུགས་སྐྲུན་དང་འགག་སྒྲོལ་མཉམ་ལས། རོགས་སྐྱོར་དང་མ་འཇོག་མཉམ་ལས། ཉོ་འཚོང་སྟབས་བདེ་ཅན། དཔལ་འབྱོར་ཉོོ་འཚོང་མཉམ་ལས་རྒྱ་སྐྱེད་དུ་གཏོང་བ་བཅས་ཕྱོགས་བཞིའི་གྲོས་གཞི17ལ་གྲོས་མོལ་བྱས་པ་དང་། ལྷག་པར་དུ་ཀྲུང་གོ་དང་བལ་ཡུལ་གྱི་ཉོ་འཚོང་སོགས་ཕྱོགས་གཉིས་ཀྱིས་དོ་ཁུར་བྱེད་པའི་གནད་དོན་ལ་དམིགས་ནས་འཛུགས་སྐྲུན་རང་བཞིན་གྱི་གྲོས་བསྡུར་བྱས་པར་ཕན་འབྲས་ཐོན་ཡོད། ། 

རྩོམ་སྒྲིག་པ། : ཀླུ་མོ་མཚོ།

གསར་འགྱུར་ཚ་ཤོས།

ནང་དོན་གསར་ཤོས།