ཀྲུང་གོ་བོད་ཀྱི་དྲ་བ།
ཀྲུང་གོ་བོད་ཀྱི་དྲ་བ།

སྙན་རོང་རྫོང་གིས་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་བསྟར་བའི“འབྲོག་ཁུལ་གྱི་མ་དཔེ”བཏོད་པ།

ཡོང་ཁུངས། : བོད་ལྗོངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2022-11-24
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། 2019ལོར་སྙན་རོང་རྫོང་རྒྱལ་ཡོངས་ཀྱི་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ལྟེ་གནས་ཀྱི་ཚོད་ལྟའི་རྫོང་དུ་བཅུག་པ་ནས་བཟུང་། རྫོང་དེས་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ལྟེ་གནས་འཛུགས་སྐྲུན་ལ་ཚད་གཞི་མཐོ་པོས་སྐུལ་འདེད་བཏང་བ་རེད། མིག་སྔའི་བར་རྫོང་ཡོངས་སུ་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ལྟེ་གནས(སུའོ་དང་ས་ཚིགས)153བསྐྲུན་པ་དང་། དང་བླངས་ཞབས་ཞུའི་སྤྱི་ཁྱབ་རུ་ཁག་1དང་དང་བླངས་ཞབས་ཞུའི་ཡན་ལག་རུ་ཁག་523བཙུགས་པ། ཐོ་འགོད་བྱས་པའི་དང་བླངས་པ་8012ཡོད་པ་བཅས་ལས་རྫོང་དང་། ཤང་། གྲོང་ཚོ་བཅས་རིམ་གསུམ་དང་བླངས་ཞབས་ཞུའི་དྲ་རྒྱའི་མ་ལག་བཏོད་ཡོད་པ་རེད།

སྙན་རོང་རྫོང་གི་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ལྟེ་གནས་ཀྱིས་འབྲོག་ཁུལ་གྱི་དོན་དངོས་དང་ཟུང་འབྲེལ་དམ་ཟབ་ལ་ཤུགས་མཐའ་འཁྱོངས་བརྒྱབ་སྟེ་གཡུལ་ས་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་པའི་ཐད་ནུས་ཤུགས་བཏོན་པ་དང་འབྲོག་པའི་ཡིད་དབང་འགུག་རྒྱུའི་ཐད་བྱ་ཐབས་སྤྱད་དེ་མངགས་ཐོའི་ཞབས་ཞུ་དང་། སྒྲོག་འགྲེལ་ཞབས་ཞུ། ཤེས་དཔལ་ཞབས་ཞུ། རིག་གནས་ཞབས་ཞུ། དོ་དམ་ཞབས་ཞུ། གཡུལ་སའི་ཞབས་ཞུ། དང་བླངས་ཞབས་ཞུ་སོགས་ཞབས་ཞུའི་སྤུས་རྟགས་བདུན་བཏོད་དེ་ས་ཁོངས་ལ་ཤུགས་རྐྱེན་ཐེབས་ནུས་ལྡན་པའི་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་བསྟར་བའི“འབྲོག་ཁུལ་གྱི་མ་དཔེ”ཞིག་ཆགས་ཡོད། དུས་མཚུངས་ཡུལ་བབ་དང་བསྟུན་པ་དང་། ཐོན་ཁུངས་བསྡུ་སྒྲིལ། མང་ཚོགས་ལ་སྟབས་བདེ་སྐྲུན་པ་བཅས་ཀྱི་རྩ་དོན་མཐའ་འཁྱོངས་བྱས་ཏེ་མང་ཚོགས་ཀྱིས་མངགས་ཐོ་འགོད་པ་དང་། ལྟེ་གནས་ཀྱིས་མངགས་ཐོ་སྤྲོད་པ། དང་བླངས་ཞབས་ཞུ་རུ་ཁག་གི་མངགས་ཐོ་རྩིས་ལེན། ཞབས་ཞུ་བྱ་ཡུལ་གྱིས་མངགས་ཐོ་དཔྱད་བསྡུར་སོགས་ཀྱི་བྱེད་ཐབས་བརྒྱུད་རང་འགུལ་ངང་མང་ཚོགས་ཀྱི་དགོས་མཁོ་དང་འབྲེལ་མཐུད་དང་། མང་ཚོགས་ལ་གནད་སྨིན་ཞབས་ཞུ། ཞབས་ཞུ་དང་ལེན་བྱ་ཡུལ་གྱི་ལྟ་སྐུལ་དང་ལེན་བཅས་བྱས་ནས“མངགས་ཐོའི་ཞབས་ཞུའི”རྣམ་གྲངས་ཀྱི་ལས་ཀ་བྱེད་ཐབས་ཁག་བཞི་ཆགས་པར་བྱས་ཏེ་མང་ཚོགས་ལ་ཞབས་འདེགས་ཞུ་བའི“མཐའ་མའི་འགག་གནད”ཤར་གཏོང་བྱས་ནས་མང་ཚོགས་གང་དུ་ཡོད་ཚེ་དེ་གར་དང་བླངས་ཞབས་ཞུའི་བྱེད་སྒོ་སྤེལ་བ་རེད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།

གསར་འགྱུར་ཚ་ཤོས།

ནང་དོན་གསར་ཤོས།