ཀྲུང་གོ་བོད་ཀྱི་དྲ་བ།
ཀྲུང་གོ་བོད་ཀྱི་དྲ་བ།

བོད་རང་སྐྱོང་ལྗོངས་ཀྱི་ཚོགས་པ5དང་མི་སྒེར6ལ་འཕྲལ་བསྟུན་དོ་དམ་པུའུ་ཡི་གཟེངས་བསྟོད་ཐོབ་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཀླུ་མོ་མཚོ་ཡིས་བསྒྱུར།   སྤེལ་དུས། : 2022-11-10
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ11པའི་ཚེས9ཉིན། འཕྲལ་བསྟུན་དོ་དམ་པུའུ་ཡིས་སྐབས་དྲུག་པའི་རྒྱལ་ཡོངས119མེ་ཟོན་སྔོན་ཐོན་ཚོགས་པ་དང་སྔོན་ཐོན་མི་སྒེར་གྱི་གཟེངས་བསྟོད་ཚོགས་ཆེན་བསྡུས་ཤིང་། བོད་རང་སྐྱོང་ལྗོངས་ཀྱི་ཚོགས་པ5དང་མི་སྒེར6ལ་གཟེངས་བསྟོད་ཐོབ།

ཤེས་གསལ་ལྟར་ན། འཕྲལ་བསྟུན་དོ་དམ་པུའུ་ཡིས་སྐབས་དྲུག་པའི་རྒྱལ་ཡོངས119མེ་ཟོན་སྔོན་ཐོན་ཚོགས་པ་དང་སྔོན་ཐོན་མི་སྒེར་ལ་གཟེངས་བསྟོད་བྱ་རྒྱུ་ཐག་གཅོད་བྱས་ཤིང་། ལས་ཁུངས149ལ“སྐབས་དྲུག་པའི་རྒྱལ་ཡོངས119མེ་ཟོན་སྔོན་ཐོན་ཚོགས་པའི”མཚན་སྙན་ཐོབ་པ་དང་། མི་སྒེར195ལ“སྐབས་དྲུག་པའི་རྒྱལ་ཡོངས119མེ་ཟོན་སྔོན་ཐོན་མི་སྒེར”གྱི་མཚན་སྙན་ཐོབ་ཡོད།

བོད་རང་སྐྱོང་ལྗོངས་སུ“སྐབས་དྲུག་པའི་རྒྱལ་ཡོངས119མེ་ཟོན་སྔོན་ཐོན་ཚོགས་པའི”མཚན་སྙན་ཐོབ་པ་ནི་སོ་སོར་ཆབ་མདོ་གྲོང་ཁྱེར་སྟེང་ཆེན་རྫོང་སྨན་རྒྱལ་པོ་བོད་སྨན་སྐར་རྩིས་སྨན་ཁང་དང་། ལྷོ་ཁ་གྲོང་ཁྱེར་སློོབ་གསོ་ཅུའུ(ལུས་རྩལ་ཅུའུ)། ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་ནགས་ཚལ་རྩྭ་ཐང་མེ་འགོག་བཀོད་འདོམས་པུའུ་གཞུང་དོན་ཁང་། ཉིང་ཁྲི་གྲོང་ཁྱེར་རྫ་ཡུལ་རྫོང་མེ་ཟོན་རོགས་སྐྱོབ་རུ་ཆེན། རང་སྐྱོང་ལྗོངས་ནགས་ཚལ་མེ་ཟོན་སྤྱི་ཁྱབ་རུ་ཁག་ཆབ་མདོ་གྲོང་ཁྱེར་ཉིང་ལག་རུ་ཁག་ཁ་རུབ་ཆུས་རུ་ཁག་འབྲིང་བ་བཅས་ཡིན། “སྐབས་དྲུག་པའི་རྒྱལ་ཡོངས119མེ་ཟོན་སྔོན་ཐོན་མི་སྒེར”གྱི་མཚན་སྙན་ཐོབ་པ་ནི་སོ་སོར་གཞིས་ཀ་རྩེ་གྲོང་ཁྱེར་བཀྲ་ཤིས་ལྷུན་པོ་དགོན་དོ་དམ་ཨུ་ལྷན་སྤྱི་ཚོགས་བརྟན་བརླིང་དོ་དམ་ཁྲུའུ་ཡི་ཁོངས་མི་ཟླ་བ་ཚེ་རིང་དང་། པའོ་ཐའེ་ཉིང་ཁྲི་གསོལ་ཁང་ཆེན་མོ་དོ་དམ་ཚད་ཡོད་ཀུང་སིའི་ལག་བསྟར་ཏུང་ཧྲིའམ་སྤྱི་གཉེར་པ་ཉིའུ་ཉིའུ། མངའ་རིས་ས་ཁུལ་མེ་ཟོན་རོགས་སྐྱོབ་ཉིང་ལག་རུ་ཁག་གི་རུ་དཔོན་ཆོས་དར། ལྷ་ས་གྲོང་ཁྱེར་ཆུ་ཤུར་རྫོང་མེ་ཟོན་རོགས་སྐྱོབ་རུ་ཆེན་སྲིད་གཞུང་གི་ཆེད་བསྐོས་ལས་གཉེར་བའམ་མེ་ཟོན་མཁན་བཀྲ་ཤིས། རང་སྐྱོང་ལྗོངས་ནགས་ཚལ་མེ་ཟོན་སྤྱི་ཁྱབ་རུ་ཁག་ཉིང་ཁྲི་གྲོང་ཁྱེར་ཉིང་ལག་རུ་ཁག་གི་རུ་དཔོན་དབྱང་ཧྥེ། རང་སྐྱོང་ལྗོངས་ནགས་ཚལ་མེ་ཟོན་སྤྱི་ཁྱབ་རུ་ཁག་ནག་ཆུ་གྲོང་ཁྱེར་རུ་ཆེན་གྱི་རུ་དཔོན་ཆེན་མོ་གཞོན་པ་བསོད་ནམས་དར་རྒྱས་བཅས་སོ། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།

གསར་འགྱུར་ཚ་ཤོས།

ནང་དོན་གསར་ཤོས།