ཀྲུང་གོ་བོད་ཀྱི་དྲ་བ།
ཀྲུང་གོ་བོད་ཀྱི་དྲ་བ།

བོད་ལྗོངས་སུ་གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྡོད་དམངས་སྡོད་ཁང་འགན་སྲུང་ཡོངས་སུ་ཁྱབ་པ་མངོན་འགྱུར་བྱུང་།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ལྷ་སྒྲོན་མཚོ་ཡིས་བསྒྱུར།   སྤེལ་དུས། : 2022-10-09
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ10བའི་ཚེས6ཉིན། གསར་འགོད་པས་བོད་ལྗོངས་སུ་འཚོགས་པའི“བོད་ལྗོངས་ཀྱི་ལོ་བཅུ”ཞེས་པའི་ཡོངས་བསྒྲགས་ཚོགས་འདུ་ཐོག་ནས་ཤེས་གསལ་ལྟར་ན། མིག་སྔར་བོད་ལྗོངས་སུ་གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྡོད་དམངས་ཀྱི་མི་རེའི་ཆ་སྙོམས་སྡོད་ཁང་རྒྱ་ཁྱོན་སོ་སོར་སྨི་གྲུ་བཞི་མ45.62དང40.63སླེབས་ཡོད་པས། སྡོད་ཁང་འགན་སྲུང་ཕྱོགས་ཡོངས་སུ་ཁྱབ་པ་མངོན་འགྱུར་བྱུང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྡོད་དམངས་ཀྱི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ2012ལོའི་སྒོར18363དང5698ནས2021ལོའི་སྒོར46503དང16935རུ་སོ་སོར་འཕར་ཞིང་། ཡོང་འབབ་གཉིས་ཀྱི་འཕར་ཚད་བསྟུད་མར་ལོ་བདུན་ལ་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་ཡོད།

ཤེས་གསལ་ལྟར་ན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན། བོད་ལྗོངས་ཀྱི་དམངས་འཚོ་ཕྱོགས་ནས་དབྱར་མཚོ་རྒྱས་བའི་འགྱུར་ལྡོག་བྱུང་ཞིང་། དམངས་འཚོའི་ལས་དོན་སོ་སོ་གཏིང་ཟབ་པའི་སྒོ་ནས་སྐུལ་འདེད་བཏང་ནས་དབུལ་ཐར་འགག་སྒྲོལ་ལ་ཕྱོགས་ཡོངས་ནས་རྒྱལ་ཁ་ཐོབ་པ་རེད། གཞི་གྲངས་ལས་མངོན་པ་ལྟར་ན། བོད་ལྗོངས་ཀྱི་མི་ཁྲི26.6ལ་ཕན་ཐོགས་པའི་ཡུལ་གཞན་དབུལ་སྐྱོར་གནས་སྤོར་ཕྱོགས་ཡོངས་ནས་ལེགས་འགྲུབ་ཟིན་པ་དང་། “སེམས་ཁྲལ་གཉིས་སེལ་པ་དང་འགན་སྲུང་གསུམ”ཕྱོགས་ཡོངས་ནས་མངོན་འགྱུར་བྱུང་། རྫོང74(ཆུས)ཡིས་དབུལ་ཞྭ་ཕུད་ཅིང་། བྱང་བུ་བཙུགས་ཡོད་པའི་དབུལ་ཕོངས་མི་འབོར་ཁྲི62.8དབུལ་ཐར་བྱུང་ནས་ལོ་གཅིག་གི་སྔོན་ལ་དབུལ་ཐར་འགག་སྒྲོལ་གྱི་དམིགས་ཚད་མངོན་འགྱུར་བྱུང་། གཞན་ཡང“བླ་མེད་རྒྱལ་ས་སྲུང་མཁན་དང་བདེ་སྐྱིད་ཀྱི་ཁྱིམ་གཞིས་སྐྲུན་མཁན”བརྗོད་གཞི་གཙོ་བོར་བཟུང་བའི་གྲོང་གསེབ་དར་སྤེལ་གྱི་མགོ་བརྩམས་ནས་གོ་རིམ་ལྡན་པའི་ངང་སྐུལ་འདེད་བྱས།

བོད་རང་སྐྱོང་ལྗོངས་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཁོངས་མིའམ་ཀྲུའུ་རེན་གཞོན་པ་ཐན་ཀོང་ཧྭ་ཡིས། བོད་ལྗོངས་ཀྱིས་ལས་ཞུགས་ལས་གཏོད་དང་། སློབ་གསོ་སྔོན་འགྲོ རིག་གནས་དམངས་ཕན། བདེ་ཐང་བོད་ལྗོངས་སོགས་ཀྱི“དམངས་འཚོའི་རྣམ་གྲངས་བཅུ”ལ་ཏན་ཏིག་གིས་སྐུལ་འདེད་བཏང་ཞིང་། སློབ་གསོ་ཐད། བོད་ལྗོངས་ཀྱིས་རྒྱལ་ཡོངས་ནས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ལོ་བཅོ་ལྔའི་གཞུང་གྲོན་སློབ་གསོ་དང་རོང་འབྲོག་པའི་བུ་དང་བུ་མོའི“འགན་ལེན་གསུམ”གྱི་སློབ་གསོ་སྲིད་ཇུས་སྔོན་ན་ལག་བསྟར་བྱས་པས། 2021ལོའི་ལོ་མཇུག་བར་དུ་རིམ་པ་སོ་སོ་དང་རིགས་སོ་སོའི་སློབ་གྲྭ3339དང་། སློབ་གྲྭའི་སློབ་མ་ཁྲི92ལྷག ལྗོངས་ཕྱི་རོལ་ནས་སློབ་གྲྭར་འགྲིམ་པའི་སློབ་མ་ཁྲི9.8ལྷག ལྗོངས་ཡོངས་ཀྱི་སློབ་ཆུང་འགྲོ་རན་པའི་སློབ་མའི་སློབ་གྲྭར་འགྲིམ་ཚད99.96%ཟིན་ཡོད། རྫོང(ཆུས)74ཚང་མར་འོས་འགན་སློབ་གསོ་ཆ་སྙོམས་འཕེལ་རྒྱས་བྱུང་ཞིང་། འོས་འགན་སློབ་གསོ་སྲ་བརྟན་དུ་གཏོང་ཚད96.94%ལ་སླེབས།  །

རྩོམ་སྒྲིག་པ། : ལྷ་སྒྲོན་མཚོ།

གསར་འགྱུར་ཚ་ཤོས།

ནང་དོན་གསར་ཤོས།